01 Sep 2018
11 min 46 sec
Video Overview
Creators:
Penchela
The story in this video is of unknown origin and the narrator also does not know how it was passed down.
༉ ཀྲོང་གསར་རྫོང་ཁག་བྲག་སྟེང་ལས་ འཆི་མེད་དབང་མོ་གིས་ སེམས་ཅན་གྱི་སྐད་ལྷབ་མི་དྭཝ་བུཚ་གི་སྲུང་ཅིག་བཏང་སྟེ་ཡོདཔ་ད་ སྲུང་འདི་ག་དེ་སྦེ་དར་དརཝ་ཨིན་ན་མི་ཤེས་དོ་ཡོདཔ་མ་ཚད་ ད་རེས་ནངས་པའི་འཕྲུལ་ཆས་ཀྱིས་ཡར་རྒྱས་གོང་འཕེལ་ལས་བརྟེན་ཏེ་ སྔར་སྲོལ་ལམ་ལུགས་ཚུ་ཉམས་དོ་ཡོདཔ་བཞིན་དུ་ འདི་བཟུམ་གྱི་སྲུང་གཏང་ནི་དེ་ཡང་ མར་ཉམས་འགྱོ་སྟེ་ཡོདཔ་ཨིན། ཨིན་རུང་ ལ་མ་བརྒལ་ལབ་རྩ་སྦུག་དང་ ཆུ་མ་བརྒལ་ཟམ་པའི་སྦུག་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ད་རེས་ནངས་པར་ ཕམ་རྒན་ཤོས་རེམ་གཉིསམ་ཡོད་པའི་སྐབས་ལུ་ ཞིབ་འཚོལ་འབད་དེ་སྒྲ་བཟུང་འབད་བའི་སྐབས་ བྲག་སྟེང་ལས་འཆི་མེད་དབང་མོ་གིས་ མ་འོངས་བུ་བརྒྱུད་ཚུ་གི་དོན་ལས་ སེམས་ཅན་གྱི་སྐད་ལྷབ་མི་དྭཝ་བུཚ་གི་སྲུང་འདི་བཏངམ་ཨིན་པས།
- འཆི་མེད་དབང་མོ། Chimi Wangmoདང་ཕུ་གཅིག་ཡོདཔ་ཨིན་པས་ དེ་ལས་ དིང་ཕུ་གཅིག་ཡོདཔ་ཨིན་པས་ལགས། ༼དང་པོ་ཐེག་ནག་པ་ལ་ཝན་ཏ་ལགས། ནེ་དིང་པོ་ཐེག་ནག་པ་ལ་ཝན་ཏ་ལགས།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ དྭཝ་བུཚ་གཅིག་དང་ དེ་ལས་ ཨ་རྒས་ཕྱུགཔོ་གཅིག་ཡོདཔ་ཨིན་པས་ལགས། ༼ཚེ་ནེ་་་དྭ་དྭ་བུ་ཚ་ཐེག་ནེ་ ཚེ་ནེ་་་་། མེ་མེ་ཕྱུག་པོ་ཐེག་ནག་པ་ལ་ཝན་ཏ་ལགས།༽
- འཆི་མེད་དབང་མོ། Chimi Wangmoགཉེན་ཉེཝ་ཡང་མེད་ ཕ་མ་ཡང་མེད་ སྤུན་ཆ་ཡང་མེད་མི་གཅིག་ཡོདཔ་ཨིན་པས་ལགས། ༼དྭ་བུ་ཚ་ཚེ་ ཚུ་ནེ་ཉེ་གཉེན་ཁོག་ཡང་མུད། ཕ་མ་ཡང་མུད། སྤུན་ཆ་ཡང་མུད་ལ་ཐེག་ ནག་པ་ལ་ཝན་ཏ་ལགས།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཚར་གཅིག་འབདཝ་ད་ བསྐོར་ཡི་བསྐོར་ཡི་ཏེ་ ཨ་རྒས་ཕྱུག་པོ་གཅིག་གི་སྒོ་ཁར་ལྷོད་ལྷོདཔ་མས་ལགས་ ཚལ་མ་ནང་། ༼ཚེ་ནེ་་་་དབ་ཐེག་བུ་མོ་ སྐོར་ཛི་ སྐོར་ཛི་ ཚེནེ་ཕྱུག་པོ་མེ་མེ་གི་ཀོའི་གདོང་གོ་ ཕྲག་པ་ལ་ཝན་ཏ་ལགས། བུང་ནང་གོ༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཚལ་མ་ནང་ལྷོད་དེ་ དེ་ལས་ ཨ་རྒས་འདི་གི་འཇའ་རོགས་རྒྱུགས་ཏེ་སྡོད་སྡོདཔ་མས་ལགས་ དྭ་བུཚ། ༼ཚེ་ནེ་བུང་ནང་གོ་ཕྲག་ཛི། ཚེ་ནེ་ མེ་མེ་ཁའི་ཅི་བྱ་རོག་འཇུག་ཛི་ ནིག་པ་ཝན་ཏ་ལགས། དྭ་བུ་ཚ།༽
- འཆི་མེད་དབང་མོ། Chimi Wangmoཨ་རྒས་འདི་གི་འཇའ་རོགས་རྒྱུགས་ཏེ་སྡོདཔ་ད་ དེ་ལས་ ཨ་རྒས་ཀྱིས་ནོར་བསྐོང་ནི་ཚགས་ཁར་མ་ཚུད་པ་ལས་ ཁོ་གིས་རང་བསྐོངས་ཏེ་སྡོད་དོ་མས་ཏེ། མེ་མེ་ཁའི་ཅི་བྱ་རོག་འཇུག་ཛི་ ནིད་མོ་ཚེནི་ མེ་མེ་ མེ་མེ་གིས་ནོར་ཀོང་གི་བྱཝ་མི་ར་རུ། ཚེནི་ ནོར་གོ་ནི་ར་ ཀོང་ཛི་ནིད་ལུ་ཝན་ཏ་ལགས།
- འཆི་མེད་དབང་མོ། Chimi Wangmoནོར་བསྐོངས་ འཇའ་རོགས་རྒྱུགས་ཏེ་ དེ་ལས་ ལྟོ་ཡང་ཨ་རྒས་ཀྱིས་བྱིན་ཏེ་ འཇའ་རོགས་རྒྱུགས་ཏེ་སྡོདཔ་ད་ དེ་ལས་ ཚར་གཅིག་འབདཝ་ད་ གནམ་མེད་ས་མེད་སྐད་རྐྱབ་མས་ཟེར་ཨིན་མས། ནོར་ཀོང་། བྱ་རོག་འཇུག་ཛི་ ཚེ་ནི་ ལྟོ་ཡང་མེ་མེ་གིས་བི་ཛི། བྱ་རོག་འཇུག་ཛི་ནིད་མུ། ལེན་དབ་ཐེག་བུ་མོ་ནི་ ཚེ་ནི་ གནམ་མེད་ས་མེད་ཀཱད་པྲག་ཏ་བུ་མོ་ཝན་ཏ།
- འཆི་མེད་དབང་མོ། Chimi Wangmoལའི་རྒྱབ་ལས་ཚུར་ གནམ་མེད་ས་མེད་འབྲུག་བཟུམ་ཅིག་ ག་ཅི་བཟུམ་ཅིག་ དི་རི་རི་སྦེ་ སྐད་རྐྱབ་སྟེ་ འོངམ་ད་ལུནི་ དེ་བསྒང་ལུནི་ཏེ། ༼ཡའི་ཀའི་ནི་ཚོ་རོ་ གནམ་མེད་ས་མེད་ བྲུག་ལོང་ང་ ཞ་ལོང་ང་བུ་ཛི་ ལྡི་རི་་་་ལྡིར་བུ་ཛི་ ཀཱད་རག་སི་ར་མོ་ནེ། ཚེ་མུ་ནེ་ཚེནི།༽
- འཆི་མེད་དབང་མོ། Chimi Wangmoལྟ་མ་རྩ་བར་ལྷོདཔ་ད་ལུནི་ཏེ་ སྦུལ་ཆེན་སྦོམ་གཅིག་ཨིན་པས་ཟེར་ཨིན་པས་སྦུལ་ཆེན་ སྦུལ་ཆེན་གནམ་མེད་ས་མེད་ཁ་འ་ནེམ་ཅིག་བརྒྱངས་ཏེ། ཏ་མི་ར་རུ་ཧྲག་མུ་ནི་ ཚ་ནི་ སྦུལམ་ཆེན་བིག་་་པ་ཐེག་ཝན་ཏ་བུ་ཛི་ཝན་ཏ། སྦུལམ་ཆེ། སྦུལ་མེད་ཆེ་ གནམ་མེད་ས་མེད་ ཁ་འོ་སོར་འག་པ་ཐེག་བགྱང་ཛི།
- འཆི་མེད་དབང་མོ། Chimi Wangmoདེ་ལས་ འོང་དེས་ཟེར་ཨིན་པས་ དེ་ལས་འདྲོག་སྟེ་ ཨ་རྒས་དང་དྭཝ་བུཚ་འདྲོག་སྟེ་ དེ་ལས་ ཨོལ་ལྐོག་ཕ་མ་བཏབ་སྟེ་ དྭཝ་བུཚ་རྒྱལཝ་དང་ ཨ་རྒས་ཕར་བརྡབ་བཏང་ ཨ་རྒས་རྒྱལཝ་ད་ དྭཝ་བུཚ་ཚུར་བརྡབ་སྦེ་ འདྲོག་སྟེ་སྡོདཔ་ད་ ཏེ། ༼ཚེ་ནེ་ར་ཏ་སྦུལ་མེད་ཝན་ཏ། ནེ་དེག་ཛི། མེ་མེ་ནིང་དྭ་བུ་ཚ་དེག་ཛི། ཚེ་ནེ་ལྟག་པ་སྐྱོལ་ཛི་ཚེ་ནེ། དྭ་བུ་ཚ་རྒྱལ་མུ་ མེ་མེ་ཐུ་རུ་ཁོར། མེ་མེ་རྒྱལ་མུ་ དྭ་བུ་ཚ་ཚོ་རོ་ཁོར། དེག་ཛི་ནིད་མོ་ཚེནི།
- འཆི་མེད་དབང་མོ། Chimi Wangmoསྦུལ་གྱིས་སླབ་དེས་ཟེར་ཨིན་པས་ ཨའེ་ངེའི་རྒྱབ་སྐྱོར་འབད་གནང་ཟེར་ ང་གིས་ཁྱོད་ཟ་རང་མི་ཟ་ཟེར་ ངེའི་རྒྱབ་སྐྱོར་འབད་གནང་ཟེར། ༼པོ་གིས་ལབ་ཏ་བོ་མས་ཝན་ཏ། ཨའི་ངའི་རྒྱབ་སྐྱོར་བུ་བས་བུ་ཛི། ངའི་ཨིན་ཟུ་རང་མི་ཟུ་བུ་ཛི། ངའི་རྒྱབ་སྐྱོར་བུ་བས་བུ་ཛི།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ཁྱོད་ཀྱི་རྒྱབ་སྐྱོར་ག་དེ་སྦེ་འབད་ནི་ཟེརཝ་ད་ ཁྱོད་ཀྱི་གོ་ལ་རྙིངམ་ཚུ་ག་ར་ངེའི་གུ་བཀབ་ད་ཟེར་ ང་ལུ་བྱང་ཕྱད་འོང་དོ་ཟེར། ༼ཚེ་ནི་ཝས་རྒྱབ་སྐྱོར་ཨ་ཏོ་བུ་མས་བུ་མོ་ཚེནི། ཝན་ཅི་རློག་པ་སྟུག་པོ་དང་སང་ ངའི་བྱེ་དོག་ཁུབ་ལེ་བུ་ཛི། ང་ན་བྱང་འཕྱད་ར་ཏ་བུ་ཛི།༽
- འཆི་མེད་དབང་མོ། Chimi Wangmoངེའི་བྱང་ཕྱད་འོངམ་ད་ དེ་ལས་ བྱང་ཕྱད་ཀྱིས་ ང་ག་ཏེ་ཡར་སོང་ཡི་གོ་ཟེར་དྲི་བ་ཅིན་ ཕར་ལ་གི་རྒྱབ་ཁར་ལས་ཕར་འགྱོ་དེས་ཟེར་ ཁྱོད་ཆ་ཁྱབ་ཀྱིས་ དེ་སྦེ་སླབ་ད་ཟེར་ཨིན་པས། ༼ངའི་བྱང་འཕྱད་ར་མུ་ཀོ། བྱང་འཕྱད་ཀྱིས་ང་ ཨའོ་གའེ་པེ་གིརི་ན་ནེ། ཐོ་ཀོང་གའི་ནེ་ཏོ་གའི་ཏ་བུ་ཛི་ ཝན་ཅི་ཨེ་ཏོར་ལབ་ལའི་བུ་ཛི་ ལབ་ཏ་བུ་མི་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ དྭཝ་བུཚ་དང་ཨ་རྒས་ཀྱིས་གོ་ལ་སྤུར་ཏེ་ སྦུལ་ཆེན་ནང་ན་བཙུགས་ དེ་ལས་ སྦུལ་ཆེན་ལྟག་ལུ་ཁོང་འཛེགས་ཏེ། ༼ཚེ་ནི་དྭ་བུ་ཚ་ ནེ་མེ་མེ་གི་རློག་པ་སྤུད་སི། སྦུལ་ཆེ་ནང་གོ་སོད། ཚེ་ནི་སྦུལ་ཆེ་བྱེ་དོ་ གོག་ཕྲང་ཛི་ནིད་པ་ཝན་ཏ། བྲའེ་དོ་ཁརང་།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ འཛེགས་ཏེ་སྡོདཔ་ད་ ཛའི་གནམ་མེད་ས་མེད་རྟ་གུ་ཨེར་ཀ་བཏགས་ཏེ་ དེ་ལས་ཏེ་ གནམ་མེད་ས་མེད་ ཨེ་ཧུ་ཧུ་འབད་དེ་འོང་དོ་ཟེར་ཨིན་པས། ༼ནེ་ཁརང་ཛི་ནིད་མོ་ནེ་ དའི་་་་གནམ་མེད་ས་མེད་ ཀ་ན་ཨེར་ཁ་ཐུག་ཛི། ཚེ་ནིན་ནི་ གནམ་མེད་ས་མེད་ ཨིའུ་ཤག་ཛི་ར་ཏ་བུ་མེ་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoཨེ་ཧུ་ཧུ་་་འབད་དེ་ ཙ་ལང་ཙི་ལིང་ ཀྲོབ་མདའ་མེ་མདའ་འདི་ཚུ་ རྐྱབ་མས་ཟེར་ཨིན་པས་ དེ་ལས་ལྟ་མ་ལས་ འོང་དེས་ཟེར་ཨིན་པས་ ཁོང་གི་རྩ་བར་ལས་མར་རང་ འ་ནཱ་ལས་མར་ ཏེ། ༼ཨེ་ཧུ་ཧུ་བུ་ཛི། ཙ་ལང་ཙི་ལིང་ ཀྲོབ་བརྡ་ མན་བརྡ་གང་པོ་ཐུང་ཏ་བུ་མེ་ཝན་ཏ། ཚེ་ནེ་རྟ་མི་ནེ་ ར་ཏ་བུ་མེ་ཝན་ཏ་ བའི་ར་ནི་ཡོ་ཏོང་། འོ་སོར་་ཡོད་ཏོ་ཚེ་ནི།༽
- འཆི་མེད་དབང་མོ། Chimi Wangmoསྦུལ་ཆེན་གཅིག་འགྱོ་ས་མ་མཐོང་ག་ཟེར་ སླབ་མས་ཟེར་ཨིན་པས་ ཨཱ་འདི་མཐོང་ཡི་ འདི་ད་ཅི་ལས་ཡར་སོང་ཡི་མར་ཟེར་ མར་རང་ཡར་སོང་ཡི་ འདི་ནཱ་མ་འོང་ཕར་རྒྱབ་ཁར་མར་སོང་ཡི་ཟེར་ སླབ་སླབ་མས། ༼སྦུལ་མེད་ཆེ་ཐེག་གའི་ཏི་མ་ཐུང་ཡ་བུ་ཛི་ ལབ་ཏ་བུ་མེ་ཝན་ཏ། འ་ཐུང་པ་ཚའི་དི་ན་་་ཡར་པ་གོ་ནི་ ཡོ་ཏོ་རང་ཡར་པ་བུ་ཛི། ཐའི་ཚོར་མ་ར་ ཐའོ་སྐོར་ཡོ་ཏོ་གའི་པ་བུ་ཛི་་་་ ལབ་པ་ལ་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་དེ་སྦེ་འབདཝ་ད་ ལ་རྒྱབ་ཁར་ལས་མར་འགྱོ་ཡི་ཟེརཝ་ད་ འདི་མར་ཐལ་ཐལཝ་མས་ མར་ཐལ་ཏེ་ དེ་ལས་ སྦུལ་དེ་ ད་རུང་ལོག་སྟེ་ འགྱོ་འགྱོཝ་མས། ༼ཚེ་ནི་འོ་སོར་བུ་མོ་ཚེནི་ པོ་གའི་ན་ཡོ་སོར་གའི་པ་མིན། ཡོ་སོར་ཐའི་པ་ཝན་ཏ་ཨ་ནི། ཡོ་ཏོ་ཐའི་ཚེ་ནི་ གོན་པོ་ཚེནི་ ད་རུང་ལོག་ཛི་གའི་པ་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoའགྱོཝ་ད་ ང་གིས་ཁྱོད་གཉིས་ལུ་དྲིན་ལན་ཅིག་འབྱོར་དགོ་ཟེར་ ནངས་པ་དྲོ་པ་ཉི་མའི་རྩེ་དང་སྦྲགས་ཏེ་ ཡར་བྱག་དཀརཔོ་གི་རྩ་བར་ཤོག་ཤིག་ཟེར་ སླབ་ནུག་ཏེ། ༼གའི་མོ་ཀོ་ ངའི་ཝན་དོ་ནང་ དྲིན་རླབས་ཐེག་སྒྱོར་དགོ་བུ་ཛི། ཡམ་པ་སྔ་ཛི་ ངེ་སེ་ནི་བྲག་ཛི་ཡའུ་ ར་ཁར་ཏི་ར་རུ་ཤོག་བུ་ཛི། ལབ་ན་ནི།
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ནངས་པ་དྲོ་པ་ཉི་མའི་རྩེ་དང་སྦྲགས་ཏེ་ ཡར་བྱག་དཀརཔོ་གི་རྩ་བར་འགྱོཝ་ད་ བྱག་གི་ཧོག་ཀ་ཅིག་ནང་ སྦུལ་ཆེན་འདུག་ཟེར་ཨིན་པས། ༼ཡམ་པ་སྔ་ཛི་ངེ་སེ་ནི་བྲག་སི་ ཡའུ་ར་ཁར་ཏི་ར་རུ་གའི་མོནི་ ཚེནི་ཡའུ་བྲག་ཝང་ཐེག་ནང་ སྦུལ་ཆེ་ནག་ཏ་བུ་མེ་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoཡར་འགྱོ་བ་ཅིན་ ཡར་རང་ཤོག་ཟེར་ སླབ་དེས་ཟེར་ཨིན་པས་ ཡར་ལྟ་འགྱོ་བ་ཅིན་ ཡར་རང་ཤོག་ཟེར་སླབ་མས་ཟེར་ཨིན་པས་ དེ་ལས་ཡར་རྩ་བར་རང་སྦྱར་ནུག་ཏེ། ༼ཁག་ཏོ་གའི་ན་ནི་ ཁག་ཏོ་རང་ཤའེ་ལབ་ཏ་བུ་མེ་ཝན་ཏ། ཁག་ཏོ་གའི་ན་ནི་ ཁག་ཏོ་རང་ཤའི་བུ་ཛི་ལབ་ཏ་བུ་མེ། ཚེ་ནེ་ ཡའུ་ར་རོ་རང་གེར་ན་ནེ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ནཱ་སྡོད་ཤིག་ཟེར་ སླབ་མས་ཟེརཝ་མས་ལོ་སྦུལ་ཆེན་གྱིས་ དེ་ལས་ འ་ནཱི་རྩ་བར་སྡོདཔ་ད་ལུནི་ ང་གིས་ཁྱོད་ལུ་དྲན་ལན་གནམ་མེད་ས་མེད་འབྱོར་ནི་ ག་ནི་ཡང་མེད་ཟེར། ༼ཚེ་ནི་ཨོ་ན་ནི་ལོ་བུ་ཛི་ལབ་ཏ་རེ་སྦུལ་ཆེ་གིས། ཚེ་ནི་ནོ་ནང་ར་རོ་ནིད་མོ་ནི། ཚེ་ངའི་ཝེད་ནང་འདྲིན་ལན་གནམ་མེད་ས་མེད་སྒྱོར་མ་ལའི་ ཞ་ཡང་མུད་བུ་ཛི།༽
- འཆི་མེད་དབང་མོ། Chimi Wangmoཁྱོད་སེམས་ཅན་སྤྱི་རིགས་སྣ་ཚོགས་ཀྱིས་ ག་ཅི་སླབ་རུང་ ཕྲང་ཕྲང་ཧ་གོ་མི་ཅིག་༼སྦེ་བཟོ་ནི་༽ཨིན་ཟེར་ དེ་ལས་ སྦུལ་ཆེན་གྱིས་སྔགས་འཕུ་དེས་ཟེར་ཨིན་པས་ འཕུ་བཏང་སྔགས་འཕུ་སྟེ་འབདཝ་ད་ ཁོ་འདྲོག་པའི་ཤུགས་ཀྱིས་ ཕར་རྦབ་རིལ་ཏེ་འགྱོཝ་མས་ཟེར་ཨིན་པས། ༼ཝེད་ད་སུམ་སེམས་ཅན་སྤྱི་རིགས་སྣ་ཚོགས་ཞ་ཡང་ལབ་ཤང་། ཕྲང་ཕྲང་ནའི་གོ་ས་ལ་ཝན་བུ་ཛི། ཚེནི་སྦུལ་ཆེ་གིས་སྔགས་བུད་ཏ་བུ་མ་ལ་ཝན་ཏ། འཕུ་བུ་ཛི་སྔགས་བུད་མུ་ནི་ ཁིད་ནི་དེག་པ་ཤུགས་ཀྱིས་ ཐུང་ཐུར་རིལ་ཛི་གའི་ཏ་བུད་ཏ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཕར་ལས་ལོང་སྟེ་ ནཱ་ལས་འཕུཝ་ད་ལུ་ ནཱ་ལྟ་རིལ་ཏེ་འགྱོཝ་མས་ཟེར་ཨིན་པས་ལོ་ཏེ་འདྲོག་སྟེ་ དེ་ལས་ ད་འགྱོ་སྨ་རེད་ཟེར་ ཁྱོད་ར་ག་གི་གདོང་ཁར་ཡང་ ང་གིས་སྔགས་འཕུ་ཡི་ཟེར་ ཨ་ལོ་བུཚ་ཅིག་གི་གདོང་ཁར་རང་མ་སླབ་ཤིག་ཟེར། ༼ཚེ་ནི་ནེའི་ཡང་ཛི་ ཚོར་ངེའི་བུད་མོ་ ཐོར་རིལ་ཛུ་གའི་ཏ་བུད་ཏ་རེ་ཚེནི། དེག་ཛི། ཚེ་ནི་ ཚེནི་ད་པི་ག་ལོ་ཝ་རེད་བུ་ཛི། ཚེ་ནིང་ ཝེ་ར་མི་ཨེ་ཅི་གདོང་གོ་ཡང་་་་ངའི་སྔགས་བུད་པ་བུ་ཛི་ ཚེ་ནི་ཨ་ལུ་བུ་ཏེ་ཐེག་གི་གདོང་གོ་ཡང་མ་ལབ་ལའི་བུ་ཛི།༽
- འཆི་མེད་དབང་མོ། Chimi Wangmoཁྱོད་སླབ་པ་ཅིན་ཁྱོད་ སྲོག་བཅད་པའི་འདྲེ་ང་ཨིན་སྨ་རེད་ཟེར་ སླབ་མས་ཟེརཝ་མས་ལོ་ སྦུལ་ཆེན་གྱིས་ དེ་ལས་ཏེ་ འ་ནཱ་ལས་འགྱོཝ་ད་ལུནི་ ཨིན་པས་ཟེརཝ་མས་ལོ་ བྱ་འདི་ཚུ་ཡང་ ག་ཅི་ཡང་ བྱ་སྤྱི་རིགས་སྣ་ཚོགས་ ཅ་ལ་ཅི་ལི་སྐད་རྐྱབ་མས་མེན་ན་ འ་ནཱི་ག་ར་ཧ་གོཝ་མས་ཟེརཝ་མས་ལོ་ ཁོ་གི་རྣ་བར་ ག་ཅི་སླབ་སླབ། ༼ཝེ་ལྦ་ན་ནི་ཝེད་ སྲོག་ཆུད་པའི་འདྲེ་ང་ཝེན་ཤོག་བུ་ཛུ་ལབ་ཏ་བུ་ཏ་རེ། སྦུལ་ཆེ་གིས། ཚེ་ནི་ནེ་ འོ་སོ་ནིང་གའི་མུ་ ཝེན་ཏ་བུ་ཏ་རེ་ བྱ་གང་པོ་ཡང་ཞ་ཡང་ བྱ་སྤྱི་རིགས་སྣ་ཚོགས་ ཅ་ལ་ཅི་ལི་སྐད་པརག་ཏ་མི་ཡ། འོ་སུ་དང་སང་གོ་ཏ་བུ་ཏ་རེ་གོ་ནིང་རྣ་རོ། ཞ་ལབ་ལབ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ འ་ནཱ་ལས་ ས་མཆོང་གནམ་མཆོང་མེད་པར་མགྱོགས་འགྱོ་ ཨ་ནཱི་དྭཝ་བུཚ་དེ་ དེ་ལས་ འདི་ཁར་ལས་འགྱོཝ་ད་ གཡུས་ཅིག་ནང་ལྷོདཔ་ད་ལུནི་ རོགས་རྒྱལ་པོ་གི་མནའམ་ལེན་ནི་ཨིན་ཟེར་ རྟ་རྒྱུག་རྐྱབ་སྟེ་ ཏེ་ རྟ་གསེར་སྒ་ གསེར་ལམ་མ་ལམ་བཟོ་ མ་ཤུ་མ་གདན་(??)བཀལ་ཏེ་ དེ་ལས་ འདི་འབདཝ་ད་ལུནི་ ཕར་ཧོག་ཀ་ཅིག་འདུག་ཟེར་ཨིན་པས་ལགས་ ཧོག་ཀ། ༼ཚེ་ནི་འོ་ནིང་ ས་ཆོང་ནམ་ཆོང་མུད་ཐོ་བཞག་ཛི་ཡར། དྭ་བུ་ཚ། ཚེནི་གའི་མུ་ ཀོརོང་ཐེག་ནང་ཁརག་མུ་ནེ་ ཝེ་བྱ་པོ་གི་མནའ་མ་མྱུང་མས་ལ་ཝན་བུ་ཛི། ཚེ་ནི་ རྟར་རྒྱུག་རྐྱབ་ཛི། རྟ་གསེར་རྒ་ ཙེ་ལེང་མོ་ལམ་ཁེར་ མ་ཤུ་མ་ལྡན་ཀུད་ཛི་ཚེནི་ ཚའི་བུད་མོ་ནི་ ཐའུ་ཧོག་པ་ཐེག་ནག་ཏ་བུ་མས་ཝེན་ཏ་ལགས། ཧོག་པ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཧོག་ཀ་བརྒལ་མ་ཚུགས་པར་ གཅིག་བསྐོར་རུང་ མི་དང་རྟ་དང་རང་ཧོག་ཀ་ནང་འཛགས་འགྱོ་ གཉིས་འགྱོ་སྟེ་ཡང་ འདི་ནང་འཛགས་འགྱོ་ དེ་ལས་ རྒྱལ་པོའི་སྲས་མོ་གི་རྨགཔ་འབད་ ག་གིས་ཡང་འབད་མི་ཚུགས་པས་ཟེརཝ་མས་ལོ། ༼ཡའུ་ཧོག་པ་ཐེག་ཀིམ་དོ་མི་ཚུགས་གོ་ ཐེག་སྐོར་ཛི་ཡང་ ཧོག་པ་ནང་གོ་ རྟ་ནིང་མི་ནིང་ཚེའི་ནང་འཛག་གེའེ། ཟོན་གའི་ཛི་ཡང་ཚནི་ནང་འཛག་གའི་ཛི་ ཚེནི་ཚེ་རྒྱལ་པོ་གི་སྲས་མོ་་མག་པ་ མི་ཚུགས་བུ་ཛ་རེ་ཨི་ཅིག་ཡང་།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ སྤང་གཅིག་ཁར་བལྟ་བ་ཅིན་ རྟ་ཞན་ཁོག་གཅིག་ཐགཔ་བཏགས་ཏེ་འདུག་ཟེརཝ་མས་ལོ་ དེ་ལས་ རྟ་ཞན་ཁོག་དེ་གིས་ འ་་་ཁོང་འདི་བྱང་ཉེས་ཨིན་པས་ རྩྭ་ཟ་ཆག་ཟ་ང་ཨིན་པ་ཅིན་ ཞག་གསུམ་དེ་ཅིག་གི་ནང་ ཆག་དང་རྩྭ་བྱིན་གསོ་བ་ཅིན་ ང་གིས་ཨ་ཕི་ཧོག་ཀ་འདི་ག་ནི་ཡང་མེན་པར་བརྒལ་ཚུགས་ཟེར་ སླབ་མས་ཟེར་ཨིན་པས། ༼དེ་ནི་སྤང་ཐེག་ནང་ལྟ་ནནི་ རྟ་བེག་པ་ལ་ཐེག་གེ་ཛི་ནག་ཏ་བུད་ཏ་རེ། ཚེ་རྟ་བེག་པ་ལ་ཚེ་ཅི་ ཨ་བོ་ཏ་བྱ་ངེ་ཝན་ཏ་རྟིའུ་ཡང་ཟུ་ ཆག་ཟུ་ ང་ཝན་ན་བོ་ནང་ངའི་ བྱ་སུམ་བག་ཐེག་ ང་ཆག་བི་ཏིའུ་བི་ཛི་གསོ་ན་ནི། ངའི་ཨོ་ཐུ་ཧོག་པ་ཏ་ངའི་བྱང་ཡང་ཀིམ་དོ་ཚུགས་བུ་ཛི་ལབ་ཏ་བུ་མེ་ཝན་ཏ།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ རྟའི་བདག་ཡོད་ས་ལུ་འགྱོ་ རྟ་ཁོ་གིས་འཁྱིད་འགྱོ་ འེང་ཁྱོད་ར་ག་དེ་སྦེ་འབད་རུང་འབད་ད་ རྟ་འདི་ང་མི་དགོ་ཟེར་ ག་ཅི་འབད་ནི་རྟ་ཞན་ཁོག་ཨིན་ གསོ་མི་ཚུགས་པས་ཟེར་ སླབ་མས་ཟེརཝ་མས་ལོ་བདག་པོ་གིས། ༼ནི་ཚེ་རྟ་དང་ཀུ་ནག་སར་གའི། རྟ་གོ་ནི་ཁོར། ཚེནི་ཝེ་ར་མ་པ་སྤུ་ནིང་བུད་ཤང་ ངནི་མི་དགོ་ཚེའི། རྟ་ཞ་མི་ རྟ་བེག་པ་ལ་ཝན། གསོ་རོ་མི་ཚུགས་ཏ་བུ་ཛི་ལབ་ཏ་བུ་ཏ་རེ་དྭ་བི་གིས།༽
- འཆི་མེད་དབང་མོ། Chimi Wangmoཡ་ཡ་བཏུབ་ཟེར་ དེ་ལས་རྟ་འདི་ ཁོ་གིས་འཁྱིད་དེ་ རྩྭ་བྱིན་ཆག་བྱིན་འབད་ ཞག་གསུམ་དེ་ཅིག་གི་ནང་ ཁོ་གིས་ རྟ་རྒྱུག་རྐྱབ་འགྱོཝ་ད་ལུ་ ཧོག་ཀ་བརྒལ་ཚུགས་ཏེ་ སྲས་མོ་གི་རྨགཔ་སྦེ་ ཁོ་ལྷོད་ཅི་ཟེརཝ་མས་ལོ་ དྭཝ་བུཚ་གིས། ༼ཡ་ཡ་ཕད་བུ་ཛི་ ནེ་ཚའི་རྟ་ཚའི་གོ་ནིང་ཁོར་ཛི། རྟི་བ་བི་ཆག་བི་བུ་ཛི། བྱ་སུམ་བག་ཐོག་ནང་ཚེནི། གོརྟ་རྒྱུག་ཐུང་ཛི་གའི་མུན། ཧོག་པ་ཀིམ་འགྱོ་ཚུགས་ཛི་ཚེནི། སྲས་མོ་གི་མག་པ་གཱོན་ཧྲག་པ་ལ་བུད་ཏ་རེ། དྭ་བུ་ཚ་ཛེ་གི།༽
- འཆི་མེད་དབང་མོ། Chimi Wangmoཁོ་གིས་ཐོན་ཚུགས་ཅི་ཟེརཝ་མས་ལོ་ དེ་ལས་དེ་སྦེ་ཐོན་ཚུགས་ཏེ་ དེ་ལས་ སྲས་མོ་གི་ དེ་ལས་ དཔོན་གྱི་སྲས་མོའི་རྨགཔ་སྦེ་སྡོད་དེ་དེ་ལས་ དེ་ལས་ང་བཅས་ར་ཇ་ལྟོ་འདི་ཚུ་ ཁམས་སངས་འབག་སྟེ་ བཞེས་མས་མེན་ན་ དཔོན་ཨ་ཞེ་འདི་ཚུ་གིས་ དེ་སྦེ་ནེམ་འབདཝ་ད། ༼འོ་ནིང་བྱོང་ངོ་ཚུགས་པ་ལ་བུད་ཏ་རེ། ཚེ་ནིང་འོ་སོ་རོ་བྱོང་ཚུགས་ཛི་ ཚེནི་སྲས་མོ་གི་ ཚེནི་དཔོན་གྱི་སྲས་མོའི་མག་པ་བུ་ཛི་་་ ནིད་ཛི་ཚེནི། ཚེ་ནི་འོ་སོ་ངེ་ར་བྱ་ལྟོ་གམ་པོ་ཁམས་སང་རུ་ཁོར་ཛི་གསོལ་ཏ་ན། གྱིབ་བསིལ་བརྡབ་ཛི་ གསོལ་ཏ་མིན་ཡ། དཔོན་ཨ་ཞེ་གམ་པོ། འོ་སོར་ཚའི་བུ་མོངནི།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ཁོ་ཇ་བཞེས་ནི་སྦེ་ སྡོདཔ་ད་ལུནི་ སྦྱང་ནག་ཨ་པ་གཅིག་ ཨ་མ་གཅིག་ ཨ་ལོ་གཅིག་འོང་དེས་ཟེརཝ་མས་ལོ་ ཇ་འཐུང་པར་ སྦྱངམ་ལུ་འདུག་པ་ཏེ་སྨོ་ལགཔ? ཚེ་ནི་ བོད་ཇ་གསོལ་མ་ལ་བུ་ཛི་ ནིད་མུ་ནེ་ བརང་ཨ་པ་ཐེག་ ཨ་མ་ཐེག་ ཨོ་ང་ཐེག་རག་ཏ་བུ་ཏ་རེ། ཇ་ཞག་ཞམ་དོ། བྱངམ་ལུ་ཨ་ནི་འདུག་པ་ཏེ་ལགཔ་སྨོ་ལགས། [རྫོང་ཁ་ནང་]
- འཆི་མེད་དབང་མོ། Chimi Wangmoཇ་འཐུང་པར་འོངམ་ད་ དེ་ལས་ ཨ་པ་གིས་སླབ་མས་ཟེརཝ་མས་ལོ་ ཁྱོད་གཉིས་ནཱ་སྡོད་ཤིག་ ང་གིས་ཇ་བཞམ་ཏེ་འབག་འོང་གེ་ དེ་ལས་ ཨ་མ་གིས་སླབ་མས་ཟེརཝ་མས་ལོ་ འ་་་ང་ཡང་འགྱོ་གེ་ཟེར་ སླབ་མས་ཟེརཝ་མས་ལོ་ འ་ཁྱོད་ར་གཉིས་སྡོད་ད་ ང་འགྱོ་གེ་ཟེར་ སླབ་མས་ཟེརཝ་མས་ལོ། ༼ཞག་ཞམ་དོ་ར་མུ་ཀོ་ ཚེནི་ ཨ་པའི་ལབ་ཏ་བུད་ཏ་རེ། ཝན་ཏ་ར་མ་ཟོན་འོ་ནང་ནི་ལོ། ངའི་ཉ་ཞག་ཞམ་ཛི་ཨོག་ཅོ་བུ་ཛི། ཚེ་ནི་ ཨ་མའི་ལབ་ཏ་བུ་ཏ་རེ། ཨ་་ང་ཡང་གའི་ཏི་བུཛི་ལབ་ཏ་རེ། ཨ་ཝན་ཏར་མ་ཟོན་ནི་ལེ། ང་གའི་ཏི་བུ་ཛི་ལབ་ཏ་བུ་ཏ་རེ།༽
- འཆི་མེད་དབང་མོ། Chimi Wangmoའ་་་ད་འདི་ང་ཡང་གཅིག་ཁྱད་ཆོད་ཅི་ཟེར་ སླབ་མས་ཟེརཝ་མས་ལོ་ཨ་ལོ་གིས་ ང་ཡང་འགྱོ་གེ་ཟེར་ དེ་ལས་ འ་་་ཁྱོད་ར་གཉིས་སྡོད་ཤིག་སྡོད་ཤིག་ང་འགྱོ་གེ་ ཕཱད་་་ཟེར་ འབདཝ་མས་ཟེརཝ་མས་ལོ་ ཧ་ཧ་་་། ཨ་དན་ཏ་ང་ཡང་གཅིག་ཁྱོད་ཆོག་པ། བུ་ཛི་ལབ་ཏ་བུད་ཏ་རེ་ ཨོ་ངའི་གིས། ང་ཡང་གའི་ཅི་བུ་ཛི། ནི་ཨ་ ཝན་མ་ཟོན་ནི་ལེ་ནི་ལེ་ ང་གའི་ཅི་ ཕོག་བུ་ཛི་་་་བུད་ཏ་རེ།
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ལྟ་མ་འབདཝ་ད་ ཇ་བཞམ་མི་འདི་ ཇ་ནང་ཐིམས་ཞིན་ན་ དེ་ལས་ཤོག་སྒྲོ་ཐབ་ཐོབ་འགྱོ་སྟེ་ དེ་ལས་མགྱོགས་པ་མགྱོགས་པ་རང་ཨ་ནཱི་ ཕོརཔ་གི་ནང་ལས་བཏོན་ཞིན་ན་ ཕྱི་ཁར་བཏོན་བཞགཔ་ད་ལུ་ དེ་སྦེ་ཤོག་སྒྲོ་ཐབ་ཐབ་བཏང་འབདཝ་མས་ཟེརཝ་མས་ལོ། ༼ཚེནི་ཏ་ནིང་ཇ་ཞག་ཞམ་དོ་ར་པ་ཐེག་ མའུ་ཇ་ནང་གོ་ཐིམ་བུ་ཛི་ ཤོག་པ་ཁྲབ་ཁྲབ་གའི་ཚེནི་ འགྱོག་འགྱོག་རང་ཚའི་ཅི་ཕྱི་རོ་ཆོང་བེརེག། ཇ་ཕུར་ནང་ནིང་ཕྱི་རོ་ཆོང་ཛི་བེརེག་མུ་ཚེ་ནིང་ འོ་སོར་ཤོག་པ་ཁྲབ་ཁྲབ་བུད་ཏ་བུད་ཏ་རེ།༽
- འཆི་མེད་དབང་མོ། Chimi Wangmoའ་་་ཀེ་ང་བཅས་གཉིས་ལུ་ ཇ་བཞམ་འབག་གེ་ར་ཟེར་ སླབ་མས་ཟེརཝ་མས་ལོ་ ཨ་མ་གིས་ འ་་་ཁྱོད་ཚུ་ལུ་ ཇ་འབག་ནི་ཅིག་རང་འོང་ ང་ར་ཡང་ ཞོ་ལེམ་ཆུ་གིས་སྦང་སྦང་བཟུམ་སྦེ་ཡར་སོང་ཡི་ཟེར་མས་ལོ་ ཧ་ཧ་་་ང་ར་ཡང་ཤོག་སྒྲོ་ཐབ་ཐོབ་ཡར་སོང་ཡི་མེད་ཟེར། ༼ཨ་ཨ་ནི་ངེ་མ་ཟོན་ན་ ཝཝའི་ཇ་ཞག་ཨོག་གེ་རང་བུ་ཛི་ལབ་ཏ་བུ་ཏ་རེ། ཨ་མ་གིས། ཨ་ནི་ན་ཇ་ཞག་ཡང་ཨོག་ན་ཨོག་ ང་རང་ཡང་དབའི་དབའི་ཁྲབ་ཁྲབ་གའི་པ། བུད་ཏ་རེ། ང་རང་ཡང་ཤོག་པ་ཁྲབ་ཁྲབ་གའི་པ་མུད་བུ་ཛི།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཁོ་གིས་རྣ་བར་གོ་ནི་དེ་གིས་ གནམ་མེད་ས་མེད་ཕར་ཚུར་འགལ་ཏེ་བགའཝ་ད་དྭཝ་བུཚ་འདི་ དེ་ལས་ཏེ་ རྒྱལ་པོའི་སྲས་མོ་གིས་ ང་ལུ་སླབ་ད་ཟེར་ ཁྱོད་དོན་དག་གི་འབད་བགའཝ་སྨོ་ཟེར་ དོན་དག་སླབ་ད་དང་སླབ་ད་ཟེརཝ་དནི། ༼ཚེ་ནི་ཚེའི་ ཁྱིད་དགའེ་ཀོ་ས་ལ་བུ་ཛི་ གནམ་མེད་ས་མེད་རེ་ལིང་ཅུག་ཛི་ག་ཛི་གའི། དྭ་བུ་ཚ་ཚེའི། ཚེ་ནི་ཚེ་ རྒྱལ་པོའི་སྲས་མོ་གིས་ ག་ནང་ལབ་ལའི་བུ་ཛི། ཝད་དོན་དག་ཞ་བུད་ཛི་ག་ལེའོ་བུ་ཛི། དོན་དག་ལབ་ལའི་བུ་ནི་ ལབ་ལའི་ལབ་ལའི་བུ་མོ་ནི།༽
- འཆི་མེད་དབང་མོ། Chimi Wangmoདགའ་སྐྱོ་མེད་པར་ཏེ་ དོན་དག་མ་སླབ་པས་དེ་བསྒང་ལུ་འདི་ དེ་བསྒང་ལུ་འདི་མ་སླབ་པས་ཁོ་གིས་ མེན་ང་དེ་སྦེ་ བློ་གཅིག་དཔྱད་རིག་བཏང་ཞིན་ན་བགའ་ཡར་སོང་ཡི་ཟེར་སླབ་ད་ ཡ་ཡ་ད་རེས་ཚར་གཅིག་འབད་བཞག་ཤིག་ ཁྱོད་ཨ་རྟག་ར་དེ་སྦེ་ བགའ་བ་ཅིན་འབདན་དོན་དག་སླབ་རང་སླབ་དགོ་མས་ཟེར་ སླབ་མས་ཟེརཝ་མས་ལོ་ ཨ་ནཱི་དཔོན་གྱི་ སྲས་མོ་གིས། ༼ག་ལྕོགས་མུད་དོ་ ནི་དོན་དག་མ་ལབ་ནའི་ཚེ་མུ་ཏ། དི་མུ་ཏ་མ་ལབ་ཏ་གོ་ནི། མིན་ང་འོ་སའི་ ཚོ་རོའི་ཕོ་ལབ་དཔྱད་རི་གཏང་བུ་ཛི་ ང་དགའ་རོ་ཤོར་པ་བུ་ཛི་ ལབ་ནནི། ཡ་ཡ་ད་སུམ་དབ་ཐེག་བུ་ཛི་བེརེག་ལོ། ཝེ་ཏ་བུ་རང་འོ་སོར་གའི་ན་ ང་དོན་དག་ལབ་རང་ལབ་དགོ་ན། བུ་ཛི་ལབ་ཏ་བུ་ཏ་རེ། ཛོའི་དཔོན་གྱི་སྲས་མོ་གིས།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ད་རུང་ཡང་ཚར་གཅིག་ ཁམས་སངས་འགྱོཝ་ད་ ད་རུང་ཡང་ལྟོ་བཞེས་བཞེསཔ་མས་ དེ་འབདཝ་ད་ལུནི་ གྱོག་མོ་ ང་བཅས་ར་གྱོག་མོ་ཐོན་ནི་ཡོད་མེན་ན་ འ་ནཱི་ཐོན་མས་ཟེརཝ་མས་ལོ་མར་ལས་ཡར། ༼ཛེའི་ནི་ད་རུང་ཡང་དབ་ཐེག་ཁམས་སང་གའེ་མུ། ད་རུང་ཡང་ལྟོ་གསོལ་པ་ལ་ཝན་ཏ། ཚེ་མུ་ནི་བུག་ཏོ་ལི་ བྱོ་མོ་ཐོན་ནི་ཡོད་སྨེ་ན། འ་ནི་ཐོན་མས་ཟེརཝ་མས་ལོ་མར་ལས་ཡར།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ཧེ་མ་རང་གཅིག་ཐོན་མས་ཟེར་ཨིན་པས་ སའི་དོང་གི་ནང་ལས་ ལགཔ་སྐེད་པར་རྐྱབ་འབད་ ལྟའི་་་ཨེ་ཧུ་ཧུ་་་བཏང་འབདཝ་མས་ཟེརཝ་མས་ལོ་ ཧ་ཧ་་་་དེ་ལས་ བགའ་འབད་མ་ཚུགས་པར་ དྲེགས་མ་ཚུགས་པའི་བར་ན་ལུ་ ཁོ་གི་ལྟོ་ཨ་ཁམ་བཅམ་པའི་བར་ན་ ལྟོ་ཕུད་རྡོག་གཅིག་གྱེན་གུ་ལས་མར་རིལ་འགྱོཝ་ད་ ཨ་ནཱི་གྱོག་མོ་གི་སྐེད་པ་ཕོག་ཅི་ཟེརཝ་མས་ལོ་ དེ་ལས་ ཨ་ལའུ་ངེའི་སྐེདཔ་བཅག་ཡི་ཟེར་ སླབ་མས་ཟེརཝ་མས་ལོ་གྱོག་མོ་གིས། ༼ཐེ་ན་ རྣ་རྣ་རང་ཐེག་ཇོང་ཏ་བུ་ཛི་ཝན་ཏ་ སའི་ཝང་ནིང་། ཡག་སྐེད་པ་རོ་ཐུང་བུ་ཛི། ཏའི་ཨེ་ཧུག་ཧུ་ བུད་ཏ་བུ་ཏ་ལེ། ཚེ་དགའ་རུ་ཤོར་ཛི་དྲེག་གོ་མ་ཚུགས་གོ་བར་དོ་ནིང་ ཏ་མི་ནིང་ཁྱིད་ལྟོ་ཆག་པ་ཐེག་ ལྟོ་བོརོག་མར་ཐེག་ རིལ་ཛི་གའི་མུ་ ཚེའི་བུག་ཏོ་ལའི་སྐེད་པར་ཞེག་པ་བུད་ཏ་རེ། ཚེན་ཨ་ལའུ་ ངནི་སྐེད་པ་དོར་པ་བུ་ཛི་ལབ་ཏ་བུད་ཏ་རེ་བུག་པའི།༽
- འཆི་མེད་དབང་མོ། Chimi Wangmoགྱོག་མོ་གིས་ དེ་ལས་ དེ་ལས་ གནམ་མེད་ས་མེད་བགའ་ཤོར་ཏེ་ ཕར་ཕར་རིལ་ ཚུར་ཚུར་རིལ་ཏེ་སྡོདཔ་ད་ དེ་ལས་ ཁྱོད་དོན་དག་ག་ནི་ཡང་མེད་པར་ ཨ་རྟག་ར་ང་ལུ་དེ་སྦེ་སླབ་མས་ དེ་ལས་ སླབ་རང་སླབ་དགོ་ཟེར་ སྲས་མོའི་བཀའ་མ་བཅག་པར་སླབ་དགོཔ་ཐོན་སོང་ནུག་ཏེ། ༼ཚེ་ནི་ཚེ་ནི་གནམ་མེུད་ས་མེད་དགའ་རུ་ཤོར་ ཐུ་རོ་ཐུ་རོ་རིལ་ ཚོ་རུ་ཚོ་རུ་རིལ་ཛི་ནིད་མུན་ ཚེ་ནི་ཝད་དོན་དག་ཞ་ཡང་མུད་ལའི་ ང་ནང་འོ་སོར་ལབ་ཏ་བུ་ཛི། ཚ་ནིང་ལབ་རང་ལབ་དགོ་བུ་ཛི། སྲས་མོའི་བཀའ་མི་བཅག་གོ། ལབ་ཤི་ན་ནི།༽
- འཆི་མེད་དབང་མོ། Chimi Wangmoཏེ་སླབ་ད་ལུནི་ འོང་དེས་ཟེརཝ་མས་ལོ་ སྦུལ་ཆེན་ཁ་བགྱང་སྟེ་ འུ་རུ་རུ་འབད་དེ་ དེ་ལས་ཏེ་ མགྱོགས་ཡར་སོང་ནུག་ཏེ་ ལ་བརྒལ་ལུང་བརྒལ་སྦེ་ མགྱོགས་འགྱོ་རུང་འོང་དེས་ཟེརཝ་མས་ལོ་ཏེ་ རྟིང་བདའ་སྟེ་རང་། ༼ལབ་མུ་ནི་ཚེནི་རག་ཏ་བུད་ཏ་རེ་ སྦུལ་ཆེ་ཁ་གྱང་ཛི། འུ་རུ་རུ་རུ་བུ་ཛི། ཚེ་ན་ནི་ཞག་ཛི་གའི་ན་ནི་ ལ་བརྒལ་ལུང་བརྒལ་ཞག་གའི་སང་། རག་ཏ་བུད་ཏ་རེད་ཀའི་དོག་ཛི་རང།༽
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ལ་བརྒལ་ལུང་བརྒལ་འབད་དེ་ མགྱོགས་ཏེ་ ལ་གཅིག་བརྒལ་ལུང་གཅིག་བརྒལ་ཏེ་རང་མགྱོགས་འགྱོཝ་ད་ ད་རུང་ཁྱིམ་གཅིག་ནང་ལྷོད་ཅི་ཟེརཝ་མས་ལོ་ ཁྱིམ་གཅིག་གི་ནང་ ཨཱ་ཁྱིམ་གཅིག་གི་ནང་ལྷོད་དེ་ དེ་ལས་ ཕི་སྦུལ་ཆེན་ཡང་ ཁྱིམ་གྱི་ཕར་ཁ་ཐུག་ཆད་ ཁོ་ཚར་སྡོདཔ་ད་ལུནི། ༼ནི་ལ་བརྒལ་ལུང་བརྒལ་བུད་ཛི་ཞག་ཚེར་ ལ་ཐེག་སྤུབ་ ལུང་ཐེག་སྤུབ་ཛི་རང་ཞག་གའི་མུ་ ད་རུང་མའི་ཐེག་ནང་ཧྲག་པ་བུ་ཛི་རེ། མའི་ཐེག་ནང་། མའི་ཐེག་ནང་ཧྲག་ཛི་ ཚེ་ནི་ཐུར་སྦུལ་ཆེ་ཡང་མའི་ཐེག་ནང་ཧྲག། ཁྱིད་ཡང་ཚོར་ནང་ནིད། ནིད་མུ་ནི།༽
- འཆི་མེད་དབང་མོ། Chimi Wangmoའ་ནཱ་ལུ་ གཡག་གི་མཇུག་མ་གསུམ་འདུག་ལོ་ མེན་ས་གཉིས་ དཀརཔོ་གཅིག་དང་ གནགཔོ་གཅིག་ འ་་་བློ་སླབ་དེས་ཟེརཝ་མས་ལོ་ འ་ནཱི་གི་ཁྱིམ་ནང་ ནགཔ་གཅིག་ཡང་འདུག་ཟེརཝ་མས་ལོ་ འ་ནཱི་ཁྱིམ་ནང་ལགས། འོ་སོ་ནང་གཡག་མི་ཕང་གསུམ་ནག་ཏ་བུད་ཏ་རེ། མིན་ཏ་ཟོང་། དཀར་ཏི་ལ་ཐེག་ནིང་སྔོན་ཏི་ཐེག། ཨ་་་ཕོ་ལབ་སོད་ཏ་བུ་ཏ་རེ། ཨོ་ཧོ་མའི་ནང་ནག་པ་ཐེག་ཡང་ནག་ཏ་བུད་ཏ་རེ། ཨོ་སོ་མའི་ནང་།
- འཆི་མེད་དབང་མོ། Chimi Wangmoའེང་་་ད་ཨ་ནཱི་གཡག་གི་མཇུག་མ་གནགཔོ་དེ་གིས་ སླབ་མས་ཟེརཝ་མས་ལོ་ ཁོང་ན་མི་ཆ་ཁྱབ་ང་ཆུ་ནང་སྦང་སྦེ་ གཏོར་བ་ཅིན་ ཁོང་ག་ར་སོན་པོ་སྦེ་ཡང་མི་ལུས་ ནདཔ་སྦེ་ཡང་མི་ལུས་ ག་ར་ཤི་འོང་ཟེར་ སླབ་མས་ཟེརཝ་མས་ལོ། འེ་་་ད་འོ་སོ་གཡག་མི་ཕང་སྔོན་ཏི་ཚེ་ཅི་ལབ་ཏ་བུད་ཏ་རེ། གོག་ན་ཁན་ཆ་ཁྱབ་པ་ཡང་ ངད་ཁེ་ནང་བཙུགས་བུ་ཛི་སྟོར་ན་བུ་ན་ནི་ བོད་ར་ལང་རོ་ལང་གསོན་པོ་ཡང་མི་དར། ནད་པ་ཡང་མི་དར། དང་སང་བསད་བུ་ཛི། ལབ་ད་བུ་ཏ་རེ།
- འཆི་མེད་དབང་མོ། Chimi Wangmoདེ་ལས་ གཡག་མཇུག་མ་དཀརཔོ་གིས་ སླབ་མས་ཟེརཝ་མས་ལོ་ འེང་་་ང་ཆུ་ནང་སྦང་སྟེ་ ཆབ་སྒྲོན་པ་ཅིན་ ནདཔ་དང་གསོན་པོ་ག་ར་ཡང་འཕྲོས་འཕྲོས་བཟོ་སྟེ་ ལོང་ཚུགས་ཟེར་ སླབ་མས་ཟེརཝ་མས་ལོ། ཚེནི་གཡག་ཁར་ཏི་ གཡག་མི་ཕང་ཁར་ཏི་གིས་ལབ་ཏ་བུད་ཏ་རེ། ཨའེང་ང་ཆབ་ ང་ཁེ་ནང་བཙུགས་ཛི་ ཆབ་སྒྲོན་ན་བུ་ནནི་ཚེནི་ ནག་པ་ནིན་ གསོན་པོ་ནིན་དང་སང་ ཡང་གསུམ་གསུམ་ཁེར་ཏི་ ཡང་གོ་ཚུགས་བུ་ཛི་ལབ་ཏ་བུད་ཏ་རེ།
- འཆི་མེད་དབང་མོ། Chimi Wangmoཨཱ་་་དེ་ལས་ གཡག་གི་མཇུག་མ་དཀརཔོ་དེ་འབག་སྟེ་ ཆུ་ནང་སྦང་ཞིན་ན་ ཕི་སྦུལ་ཆེན་ཡོད་སར་འགྱོཝ་ད་ སྦུལ་ཆེན་མར་ལོང་མ་ཚུགས་པར་ འ་ནཱི་སྦེ་སྤརཝ་མས་ཟེརཝ་མས་ལོ་ ཁ་སྦོམ་་་་འང་་་བགྱང་སྟེ་མར་ ཁོ་ཡོད་སར་འོང་མ་ཚུགས་པར། ༼ཨ་་ཚེ་ནི་གཡག་མི་ཕང་ཁར་ཏི་ཚེའི་ བག་ཛི་ཁེ་ནང་ཙུམ་ཛི་ སྦུལ་ཆེ་ནག་ས་གའི་མུནི་ སྦུལ་ཆེ་མའུ་ཡང་གོ་མི་ཚུགས་གོ། འོ་སོར་གའི་ཏ་བུ་ཏེ། ཁ་ཇིག་པ་འ་འ་གྱང་ཛི། མའུ་ཁྱིད་ནག་ས་ར་རུ་མི་ཚུགས་གོ།༽
- འཆི་མེད་དབང་མོ། Chimi Wangmoའ་་་ཆབ་སྒྲོན་བྱིནམ་ད་ སྦུལ་ཆེན་དེ་ཁར་རང་ཤི་ཤིཝ་མས་ཟེར་ འ་ནེམ་ཅིག་ཨིན་པས་ལགས་ ཧ་ཧ་་་། ༼ཨ་ཆབ་སྒྲོན་དོ་བི་མུན་ཚེ། སྦུལ་ཆེ་འོ་ནོ་རང་བསད་ས་ལ་བུ་ཛི། འ་ནེམ་ཅིག་ཨིན་པས་ལགས།༽
- བཀའ་དྲིན་ཆེ་ཟེར་སླབ།
- ཧ་ཧ་་་བཀའ་དྲིན་ཆེ།