Skip to main content Skip to search
01 Sep 2018
10 min 1 sec
Video Overview
Creators: 
Penchela

Chimi Wangmo sings a Boedra song that was composed by Azhi (Queen) Wangmo while coming back from Tibet after fulfilling her wish of learning the dharma from Lama Khentse. The song was passed down from Azhi Wangmo to a royal dancer of the second king. It was performed during events like tshechus.

༉  གླུ་གཞས་ ཨ་པའི་བུ་མོ་སྐལ་བཟང་སྒྲོལ་དཀར་ལ་ཟེར་མི་ཅིག་ ཀྲོང་གསར་རྫོང་ཁག་བྲག་སྟེང་ལས་ འཆི་མེད་དབང་མོ་གིས་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ རྙིང་ཤོས་ཅིག་ར་ཨིན་རུང་ དར་ཁྱབ་གནམ་མེད་ས་མེད་ཅིག་མ་འགྱོ་བའི་གླུ་གཞས་ཅིག་ཨིན་པས། གླུ་གཞས་བརྩམས་མི་འདི་ ཨ་ཞེས་དབང་མོ་ཨིནམ་ད་ མོ་རའི་བླམ་མཁྱེན་བརྩེ་ལས་ཆོས་ཞུ་སྟེ་ བོད་ལས་མར་ལོག་བྱོན་པའི་སྐབས་ མོ་ར་གི་བསམ་པའི་རེ་བ་ཚུ་གྲུབ་སྟེ་འཐེན་པའི་གླུ་གཞས་ཅིག་ཨིན་མི་འདི་ འབྲུག་རྒྱལ་གཉིས་པའི་སྐབས་ རྒྱལ་གཞུང་འཆམ་དང་ཟློས་གར་གྱིས་རྒྱུན་མ་ཉམས་པར་བཞག་སྟེ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གླུ་གཞས་འདི་འཐེན་སྲོལ་མིན་འདུག

Transcript search
No results found for this search
0 of 0
  • འཆི་མེད་དབང་མོ། Chimi Wangmo
    ཨ་པའི་བུ་མོ་ལ་ནི་སྐལ་བཟང་སྒྲོལ་དཀར་ལ། །ལྷོ་ཕྱོགས་བུམ་པའི་ཐང་ལ། །སྐལ་བཟང་སྒྲོལ་དཀར་ཕ་ནི་ལ་བརྒྱ་དང་རྩ་བརྒྱད། །སྐལ་བཟང་སྒྲོལ་དཀར་མ་ནི་ལ་བརྒྱ་དང་རྩ་བརྒྱད་རྩ་ལ་བརྒྱད། །བྱང་སེམས་གཅིག་བྱེད་ལྷས་ས་ལ་གཉིས་བྱེད་ཕུན་སུམ་ཚོགས་ལགས་སོ་སོ། །
  • འཆི་མེད་དབང་མོ། Chimi Wangmo
    ཨ་པའི་བུ་མོ་ལ་ནི་སྐལ་བཟང་སྒྲོལ་དཀར་ལ། །ཁམས་དབུས་ཕྱོགས་ལ་འགྲོ་སྟེ། །སྐལ་བཟང་སྒྲོལ་དཀར་བླ་མ་ལ་མཁྱེན་འཚར་བས་འཚར་བས་ལ་འཚར། །བྱང་སེམས་གཅིག་བྱེད་ལྷས་ས་ལ་གཉིས་བྱེད་ཕུན་སུམ་ཚོགས་ལ་ལགས་སོ་སོ་། །
  • འཆི་མེད་དབང་མོ། Chimi Wangmo
    ཨ་པའི་བུ་མོ་ལ་ནི་སྐལ་བཟང་སྒྲོལ་དཀར་ལ། །བུ་མོ་ང་རའི་རོགས་པོ། །སྐལ་བཟང་སྒྲོལ་དཀར་བླ་མ་ལ་མཁྱེན་འཚར་བས་འཚར་བས་ལ་འཚར། །བྱང་སེམས་གཅིག་བྱེད་ལྷས་ས་ལ་གཉིས་བྱེད་ཕུན་སུམ་ཚོགས་ལགས་སོ་སོ། །
  • འཆི་མེད་དབང་མོ། Chimi Wangmo
    ཨ་པའི་བུ་མོ་ལ་ནི་སྐལ་བཟང་སྒྲོལ་དཀར་ལ། །སྐྱབས་གནས་ཁོངས་ལས་ཞུ་སྟེ། །སྐལ་བཟང་སྒྲོལ་དཀར་་་་དོན་གྱི་ལ་དོན་མར་སྒྲུབ་སོང་སྒྲུབ་ལ་སོང་། བྱང་སེམས་གཅིག་བྱེདལྷས་ས་ལ་གཉིས་བྱེད་ཕུན་སུམ་ཚོགས་ལགས་སོ་སོ། །
  • འཆི་མེད་དབང་མོ། Chimi Wangmo
    ཨ་པའི་བུ་མོ་ལ་ནི་སྐལ་བཟང་སྒྲོལ་དཀར་ལ། །སྐྱབས་གནས་ཁོངས་ལས་ཞུ་ནས། །སྐལ་བཟང་སྒྲོལ་དཀར་རང་གཡུས་ལ་ཕྱོགས་ལ་ལོག་འགྲོ་ལོག་ལ། །སྐལ་བཟང་སྒྲོལ་དཀར་ཕ་ནི་ལ་བརྒྱ་དང་རྩ་བརྒྱད། །སྐལ་བཟང་སྒྲོལ་དཀར་མ་ནི་ལ་བརྒྱ་དང་རྩ་བརྒྱད་རྩ་ལ་བརྒྱད། །བྱང་སེམས་གཅིག་བྱེད་ལྷས་ས་ལ་གཉིས་བྱེད་ཕུན་སུམ་ཚོགས་ལགས་སོ་སོ། །