Skip to main content Skip to search
01 Sep 2018
5 min 1 sec
Video Overview
Creators: 
Duptho

Tashi Dema from Pang village in Tashiyangtse district sings a Boedra song called "Pungthang Dechen", which she learned from her father. It was composed to show the importance of the lhakhang (temples) and great lamas in Bhutan.

༉  བཀྲ་ཤིས་གཡང་རྩེ་སྤང་ལས་ཨིན་མི་བཀྲ་ཤིས་སྒྲོལ་མ་གིས་ དུས་རབས་ཁལ་གཅིག་པའི་ནང་བརྩམས་ཏེ་ཡོད་པའི་གླུ་གཞས་ སྤུངས་ཐང་བདེ་ཆེན་ཆགས་པའི་ནང་ཤེད་ན། །ཟེར་མི་འདི་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ གཙོ་བོ་ར་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་བཀའ་དྲིན་ཅན་གྱི་བླམ་དང་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་གུས་བཏུད་སྦེ་བརྩམས་པའི་བོད་སྒྲའི་གླུ་གཞས་ཅིག་ཨིན་མས། འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ཡང་འཐེན་སྲོལ་ཡོད་པའི་ཡོངས་གྲགས་ཅན་གྱི་གླུ་གཞས་འདི་གིས་ དམིགས་བསལ་གྱིས་ ས་གནས་རྩ་ཅན་ཚུ་བསྟོདཔ་མ་ཚད་ འདི་བ་ལྷགཔ་སྦེ་ ས་གནས་ནང་བཞུགས་ཏེ་ཡོད་པའི་བདག་པོ་ཚུ་ལུ་བསྟོདཔ་ཨིན་མི་དེ་ཡང་ དཔེར་ན་ བདེ་ཆེན་ཆོས་གླིང་བསམས་ནས་ཡོང་བ་མིན། །མི་དབང་རྒྱལ་པོ་བསམས་ནས་ཡོང་བ་ཡིན་ཟེར་ དམིགས་བསལ་གྱིས་གང་ཟག་ལུ་བསྟོདཔ་ཨིན་པས།

Transcript search
No results found for this search
0 of 0
  • བཀྲ་ཤིས་སྒྲོལ་མ་ Tashi Dema
    སྤུངས་ཐང་བདེ་ཆེན་ཆགས་པའི་ཡ་ལ་ནང་ཤེད་ནང་། །ངག་དབང་རྣམ་རྒྱལ་གསུང་སྐད་ཡ་ལ་ལྷང་སེ་ལྷང་། །ངག་དབང་རྣམ་རྒྱལ་གསུང་སྐད་ཡ་ལ་ལྷང་སེ་ལྷང་། །
    The fortress of Pungthang Dechen has arises; And the speech of Ngawang Namgyal resonates;
  • བཀྲ་ཤིས་སྒྲོལ་མ Tashi Dema
    སྤུངས་ཐང་བདེ་ཆེན་བསམ་ནས་ཡ་ལ་ཡོང་བ་ཡིན། །ངག་དབང་རྣམ་རྒྱལ་བསམ་ནས་ཡ་ལ་ཡོང་བ། །ངག་དབང་རྣམ་རྒྱལ་བསམ་ནས་ཡ་ལ་ཡོང་བ་(ཡིན)། །
    I am here with the belive in Pungthang Dechen; And too with the heartfelt trust in Ngawang Namgyal.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལྷོ་བྲག་མཁར་ཆུ་ཆགས་པའི་ཡ་ལ་ནང་ཤེད་ནང་། །ནམ་མཁའི་སྙིང་པོའི་གསུང་སྐད་ཡ་ལ་ལྷང་སེ་ལྷང་ལ། །ནམ་མཁའི་སྙིང་པོའི་གསུང་སྐད་ཡ་ལ་ལྷང་སེ་ལྷང་། །
    The Lhodrak Kharchu Monastary has evolved; And the speech of Namkhai Nyingpo resonates;
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལྷོ་བྲག་མཁར་མཆུ་ཆགས་པའི་ཡ་ལ་ནང་ཤེད་ནང་། །ནམ་མཁའི་སྙིང་པོའི་གསུང་སྐད་ཡ་ལ་ལྷང་སེ་ལྷང་ལ། །ནམ་མཁའི་སྙིང་པོའི་གསུང་སྐད་ཡ་ལ་ལྷང་སེ་ལྷང་། །
    The Lhodrak Kharchu Monastary has evolved; And the speech of Namkhai Nyingpo resonates;
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལྷོ་བྲག་མཁར་མཆུ་བསམ་ནས་ཡ་ལ་ཡོང་བ་ཡིན(མེན)། །ནམ་མཁའི་སྙིང་པོ་བསམ་ནས་ཡ་ལ་ཡོང་བ་ཡིན། །ནམ་མཁའི་སྙིང་པོ་བསམ་ནས་ཡ་ལ་ཡོང་བ་(ཡིན)། །
    I am here with the faith and belive in Lhodrak Kharchu And too with the heartfelt trust in Namkahi Nyinpo.
  • བཀྲ་ཤིས་སྒྲོལ་མ Tashi Dema
    བདེ་ཆེན་ཆོས་གླིང་ཆགས་པའི་ཡ་ལ་ནང་ཤེད་ནང་། །མི་དབང་རྒྱལ་པོའི་གསུང་སྐད་ཡ་ལ་ལྷང་སེ་ལྷང་། །མི་དབང་རྒྱལ་པོའི་ཡ་ལ་ལྷང་སེ་ལྷང་། །
    The fortress of Dechen Choling has arises; And the speech of His Majesty the King resonates;
  • བཀྲ་ཤིས་སྒྲོལ་མ Tashi Dema
    བདེ་ཆེན་ཆོས་གླིང་བསམ་ནས་ཡ་ལ་ཡོང་བ་ཡིན(མེན)། །ངག་དབང་་་་་་ མི་དབང་རྒྱལ་པོ་བསམ་ནས་ཡ་ལ་ཡོང་བ་ཡིན། །མི་དབང་རྒྱལ་པོ་བསམ་ནས་ཡ་ལ་ཡོང་བ་(ཡིན)།། ལགས་སོ་ལགས།། །།
    I am here with the faith and belive in the fortress of Dechen Choling And too with the heartfelt trust in His Majesty the King. Okey. Thank you.