Video Overview
In this video Lhendup provides an origin story of the yak. It is said that this animal was discovered by a man called Thoepagaley, a god of Mammon. When the man was walking around a lake, he found a white egg, a black egg and an egg with a mixture of colors. He broke the eggs and a male yak came out of the white one, a divine yak from the colorful egg and a female yak from the black egg. According to Lhendup's story we can claim that yaks emerged because of the fortune of Thoepagaley. Even today, the highlanders consider Thoepagaley as the god of Mammon and invoke him in their daily lives.
༉ གློག་བརྙན་ཐུང་ཀུ་འདི་ནང་ བཀྲ་ཤིས་སྒང་སྟེང་མང་ལས་ལྷུན་གྲུབ་ཀྱིས་ གཡག་གི་འབྱུང་ཁུངས་ཀྱི་ལོ་རྒྱུས་ཅིག་བཤད་མི་དང་འཁྲིལཝ་ད་ སྔོན་དང་ཕུ་ལས་ནོར་ལྷ་ཅིག་སྦེ་ཆ་བཞག་མི་ ཕོ་སྐྱེས་ཐོས་པ་དགའ་ལེགས་ ཟེར་མི་ཅིག་གིས་བཏོན་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ ཕོ་སྐྱེས་འདི་ མཚོ་ཅིག་བསྐོར་ར་རྐྱབ་སྟེ་འགྱོ་བའི་སྐབས་ སྒོང་རྡོག་ཚོས་གཞི་དཀར་སེར་དམར་ལྗང་སྦེ་ལེ་ཤ་ཅིག་མཐོང་པའི་ཤུལ་ལས་ ཚོས་གཞི་དཀརཔོ་འབད་མི་ཅིག་དང་ ནགཔོ་འབད་མི་ཅིག་[སྤེད་/བཅག་/དཀྲུམ་]བལྟཝ་ད་ ཚོས་གཞི་དཀརཔོ་གི་ནང་ལས་ གཡག་ཕོ་གཅིག་དང་ ནགཔོ་གི་ནང་ལས་ གཡག་མོ་ཅིག་ཐོན་ཐོནམ་ཨིན་ ཟེར་བཤདཔ་ཨིན་མས། ལྷུན་གྲུབ་ཀྱི་སྲུང་དང་འཁྲིལ་བ་ཅིན་ གཡག་འདི་ ཐོས་པ་དགའ་གི་བསོད་བདེ་བསོད་ནམས་ལས་བརྟེན་བྱུང་བྱུངམ་སྦེ་བཤད་དོ་ཡོདཔ་མ་ཚད་ ཐོས་པ་དགའ་ལེགས་འདི་ ད་ལྟོའི་བར་ན་ཡང་ འབྱོགཔ་ཚུ་གིས་ནོར་ལྷ་སྦེ་ཆ་བཞག་སྟེ་ ཁོང་རའི་མི་ཚེ་གཅིག་བསྟེན་དོ་ཡོདཔ་མས།
- Sakteng
- ལྷུན་གྲུབད་ ང་བཅས་ཀྱི་ འབྲོག་པ་གི་ ཕྱུག་དང་གཡག་གི་ལོ་རྒྱུས་ཅིག་ཞུ་བལྟ་གེ ང་གཙོ་བོ་ག་ཅི་ཨིན་ཟེར་ན་ ཐོས་པ་ག་ལེགས་ཟེར་མི་ཅིག་ཡོདཔ་མས་ དང་ཕུག་ ད་ ཐོས་པ་ག་ལེགས་འདི་ ཨ་ཅོ་ནུ་ཅུང་སྤུན་གསུམ་ཡོདན་མས། སྤུན་གསུམ་ནང་ལས་ ད་ ཁོ་འདི་ ཁོ་ ཐོས་པ་ག་ལེགས་འདི་ དཔེ་ལུ་ཆ་བཞག་པ་ཅིན་ ནོར་གྱི་ལྷ་ཨིན་མས། ད་ ཁོ་ འུམ་ ག་སྟེ་འགྱོ་རུང་ ཕར་ཚུར་འགྱོཝ་ད་ ཏེ་ ནོར་གྱི་ལྷ་ ད་ ཨ་ཙི་ ཁོ་ནུ་ཅུང་ཆུང་ཤོས་ལཱ་འབད་རུང་ སྲ་ཀྲག་འབད་ ལཱ་འབད་མ་བཏུབ་མི་བཟུམ་ཅིག་སྦེ་ ཨཔ་དང་ཨའི་གིས་ ལཱ་འབད་བཅུག་རུང་ ཉན་མ་ཉན་བཟུམ་ཅིག་སྦེ་ ཁོ་ཚར་ཅིག་ སྲ་ཀྲག་ཅིག་འབད་སྡོད།
- ལྷུན་གྲུབསྲ་ཀྲག་འབད་སྡོདཔ་ད་ འ་ ད་ བུ་སྤུན་གསུམ་འདི་ སྐྱེ་བ་བགོ་བཤའ་ཅིག་འབད་བྱིན་ན་མ་གཏོགས་ མི་བཏུབ་ནི་མས་ཟེར། ཏེ་ སྐྱེ་བ་བགོ་བཤའ་ཅིག་འབད་བྱིནམ་ད་ལུ་ ཁོ་ནུ་ཅུང་ཆུང་ཤོས་ལུ་ དབང་ཡང་དམའ་ཤོས་ནི་འདི་གིས་ ཡ་ ཁྱོད་ཨ་ནཱི་ལས་མི་ཐོབ་ཟེར་སླབ་སྟེ་ ཙམ་ཟས་སླབ་མི་འདི་ཆར་བཀབ་མས། ཙམ་ཟས་ ཧྲལ་འགྱོ་འགྱོཝ་ཅིག་བྱིན། ད་ ཁྱོད་ནུ་ཅུང་ཆུང་ཤོས་མས། ཁྱོད་ལཱ་གནམ་མེད་ས་མེད་ཅིག་མི་འབད་ནི་མས། ཁྱོད་མི་ཐོབ་ཟེར་ ཞྭམོ་ རྩིག་སྤུའི་ཞྭམོ་འོག་ལས་ ཧྲལ་འགྱོ་འགྱོཝ་ཅིག་བྱིན་ ཁོ་ལུ། ད་ ཁྱོད་ལུ་ལཱ་ངོ་མ་ཅིག་མེད་ ད་ ཁྱོད་སླབ་མི་འདི། ལྷམ་(མོ་བག་)ཁ་ཧྲལ་འགྱོ་འགྱོལ་ཅིག་བྱིན་བྱིནམ་མས།
- ལྷུན་གྲུབཨ་ནཱི་བྱིན་པའི་ཐད་ཁ་ལུ་ལྷོདཔ་ད་ ཨའོ་ ད་ ང་ཨ་ནཱི་སྦེ་སྡོད་པ་གི་མི་བཏུབ་ནི་མས། ད་ ང་བགོ་ལ་འདི་ནི་ ཙམ་ཟས་(བགོ་ཧྲལ་) མགོ་ཧྲལ་འགྱོ་འགྱོཝ་ཅིག་ལས་མིན་འདུག ཞྭམོ་འདིན་ རྙིངམོ་ལེགས་ཤོམ་མེད་མི་ཅིག་ལས་མིན་འདུག དེ་ལས་ (ཆུ་ལྷམ་)ལྷམ་འདི་ ཁ་འགག་འགགཔ་ཅིག་ལས་མིན་འདུག ཨ་ ང་ ཁོ་ཨ་ནཱི་གསུམ་འདི་ (སྤྱང་ཅང་) འབག་ ཉིནམ་ཅིག་འགྱོཝ་ད་ལུ་ མཚོ་གཅིག་གི་མར་ལུ་འཐོན་འགྱོཝ་འགྱོཝ་མས། མཚོའི་སྟོད་འདི་ནི་ བྱ་གཅིག་འཕུར་འགྱོ་འགྱོཝ་མས། བྱ་ངང་པ་བཟུམ་ཅིག་ གཅིག་འཕུར་འགྱོ་སྟེ་ ཡ་ ཨ་ ཡ་ལུ་ བྱ་གཅིག་འཕུར་འགྱོ་ཡི་ད་ཟེར་སོང་བལྟཝ་ད་
- ལྷུན་གྲུབམཚོའི་སྟོད་ལུ་ སྒོང་རྡོག་གསུམ་ཡོདཔ་མས་བྱ་འདི་ལུ། ཨ་ནཱི་སྒོང་རྡོག་གསུམ་འདི་ལུ་ དེ་ལསན་ སྒོང་རྡོག་དཀརཔོ་གཅིག་ ཁྲག་གཅིག་ ནགཔོ་གཅིག་སྦེ་ གསུམ་ཡོདཔ་མས། ད་ སྒོང་རྡོག་དཀརཔོ་འདི་ (ཆིགསན་) ཙམ་ཟས་གོང་ཧྲལ་འགྱོ་མི་འདི་གིས་(ཆིགསན་) དེ་ལས་ ག་ཅི་ཨིན་ན་ བཅག་བལྟཝ་ད་ལུ་ གཡག་དཀརཔོ་༼གཝ་པོ༽ཅིག་འཐོན་འོངམ་མས སྒོང་རྡོག་དཀར་པོའི་ནང་ལས། ཡ་ ང་ནི་ལྷ་གཡག་དཀར་པོ་ཨིན་ཟེར་ སྟེང་ལྷ་ཡི་འབག་སོང་སོངམ་མས། འཕུར་ཏེ་མགྱོགས་སོང་སོངམ་མས། ཡ་ ད་ གཡག་གཅིག་འདི་ འཕུར་སོང་ཡི། སྒོང་རྡོག་ཁྲག་འདི་ (ཕྱི་ཕྱི་ལམ་གསུམ་)འབད་དེ་ བལྟཝ་ད་ལུ་ སྒོང་རྡོག་ཁྲག་འདི་ ཡ་ ང་བཙན་གྱི་གཡག་ཨིན་ཟེར་སླབ་སྟེ་ ཡར་སོངཔ་མས།
- ལྷུན་གྲུབད་ སྒོང་རྡོག་ནགཔོ་འདི་ ད་ ག་དེ་སྦེ་ཨིན་ན་ བཅག་བལྟཝ་ད་ འོག་མཚོ་རོགས་རྒྱལ་པོ་ཟེར་ཅིག་འཐོན་འཐོན་མས་ ཨ་ནཱ་ནང་ལས། ཕྱུག་གཅིག་འཐོན། ད་གཡག་མོ་ཨིན་ ཕྱུག་འདི། ཨ་ནཱི་ཕྱུག་འཐོནམ་ད་ལུ་ ཏེ་ ཁོ་གིས་ རྒྱགས་པ་གི་ཕྱུག་འདི་གིས་ མགུ་ཏོག་གུ་ལུ་ རྒྱགས་པ་འཁོར་ཅིག་འཁོར་གཉིས། །མཚོ་རོགས་རྒྱལ་མོའི་ལྷོ་བྲག་ལ་འཁོར། །ཟེར་ དེ་ལསན་ ཕྱུག་གི་མགུ་ཏོག་ལུ་ རྒྱགས་པའི་བསྡམ་སྟེ་ དེ་ལས་ ང་འོག་ཀླུ་ཡི་ལུམ་པ་ལུ་ལཱ་འབད་བར་འགྱོ་ནི་ཟེར་ མཚོ་རོགས་རྒྱལ་མོ་གིས་ མགྱོགས་འགྱོ་ནི་འབདཝ་ད་ ཁོ་གིས་ཞྭམོ་འདི་གི་ (གོང་གཡོག་)རྐྱབ་སྟེ་ ལྷམ་(བག་པའི་གི་གོ་ཡུག་བཏང་)རྐྱབ་ ཙམ་ཟས་(བག་པའི་གྱི་གོང་ཡུག་)རྐྱབ་སྟེ། ཁོ་གིས་ཐག་པའི་བསྡམ་སྟེ་འཐེན་འབག་འོངམ་འོངམ་མས་ ཁོ་གིས།
- ལྷུན་གྲུབཡ་ ད་ ཨ་ནཱི་མཚོ་རོགས་རྒྱལམོ་འདི་ ཐར་མི་གཏང་ཟེར་འབག་འོང་། ཏེ་ འབག་འོངམ་ད་ལུ་ ཕྱུག་ཤུགས་ཆེཝ་ད་ལུ་ ཁོ་འཐེན་འབག་འགྱོ། དེ་ལསནི་ ཁོ་ཤུགས་ཆེཝ་ད་ལུ་ ཁོ་གིས་ཚུར་འཐེན་འབག་འོང་། ཏེ་ ཁོ་གིས་ ཁ་བཤད་ཅིག་བཏང་བཏངམ་མས་ ཁོ་གིས་། ན་ག་བ་ར་བོ་རོ། །ཐོས་པ་ག་ལེགས་ལྷ་ཡིན། །ཤོ་མ་ཉ་ལ་ཉི་ལི། །མཚོ་རོགས་རྒྱལ་མོའི་ལྷ་ཨིན། ཏེ་ (ངོན་དང་ཤོ་བ་)ནང་ལུ་ ལྷོདཔ་ད་ ཁོ་ཕྱུག་གིས་འཐེན་འབག་སྟེ་ རྡོ་པ་ཏ་པོ་ཏོག་དང་ ཧེ་ཀང་དང་ལུ་ལྷོགཔ་ད་ ཕྱུག་གུ་འདི་ ཁོ་གིས་ རྐངམ་གི་རྡོ་ཚུ་ལུ་བསྐྱལ་ཏེ་ ཚུར་འཐེན་ཚུགས། ཏེ་ ཁོ་གིས་འབག་འོང་། ཏེ་ ཁོ་ཞག་གཉིས་གསུམ་སོངམ་ད་ལུ་ ལྷ་གཡག་(གཝ་པོ་)ཅིག་ ཕྱུག་གུ་བཙས། ཏེ་ དང་ཕུ་ཕྱུག་གི་ལུང་བསྟན་ཨ་ནཱ་ལས་དར་ཏེ།
- ལྷུན་གྲུབཏེ་ ཁོ་རིམ་གྱི་རིམ་གྱི་ ཕྱུག་དར་གཡག་ དར་ཏེ་ ཚོགས་བསགས་ཏེ་ ཛམ་བྷ་ལ། ཏེ་ ཁོ་གིས་ཞབས་བྲོ་ཡང་འཐེན། ང་བཅས་ལུམ་པ་ལུ་ ཕྱུག་དང་གཡག་གི་བསྟན་པ་འདི་ ཐོས་པ་ག་ལེགས་སླབ་མི་གིས་དར་ཡི་ཟེར། ད་ ཐོས་པ་ག་ལེགས་སླབ་མི་འདི་ ཏེ་ མིང་འདི་ ཐོས་པ་ག་ལེགས་སླབ་སླབ་མ་གཏོགས་ ཁོ་འདི་ ནོར་གྱི་ལྷ་ ཛམ་བྷ་ལ་ཨིན་ཟེར་ ང་གིས་ཞུ་ཐངས་འདི་ ཨ་ནཱི་ཨིན་ལགས། ལགས་སོ། བཀྲ་ཤིས་བདེ་ལེགས།