Video Overview
Recitation is an old cultural tradition practiced all over the country, also performed during the dance of old men and women, called "Arpa" in Sakteng. This dance is performed during the Ache Lhamo Cham festival. The men and women wear masks so they cannot be identified and advocate for various issues. Besides important events it is also performed while a traditional house is being constructed.
༉ སག་སྟེང་གཡུས་ལས་ སངས་རྒྱས་རྡོ་རྗེ་གིས་ གླུ་ཨང་ལས་ཟེར་མིག་ཅིག་འཐེན་ཏེ་ཡོདཔ་ད་ མེ་རག་སག་སྟེང་ལུ་ ཨ་ལྕེ་ལྷ་མོའི་འཆམ་རྐྱབ་པའི་སྐབས་སུ་ ཨར་པ་ཟེར་ རྒསཔོ་དང་རྒསམོ་གཉིས་ཐོན་སྲོལ་ཡོད་མི་འདི་ སྤྱིར་བཏང་ང་བཅས་ར་ རྫོང་ཁག་གཞན་ཁ་ལས་ཕར་ཡང་ ཚེས་བཅུའི་སྐབས་སུ་ཐོན་སྲོལ་ཡོད་མི་ རྒསཔོ་རྒསམོ་དང་ཅོག་ར་ཅིགཔ་ཨིན། འདི་ཡང་ བུམ་ཐང་ཨུ་ར་ལུ་བཟུམ་ཅིག་འབད་བ་ཅིན་ དགའ་ལྡན་རྒས་པོ་རྐྱབ་སྲོལ་ཡོད་མི་དང་ གཞན་ཡང་ དཔེར་ན་ སྒང་སྟེང་ཚེས་བཅུའི་སྐབས་འབདབ་ཅིན་ རྒསཔོ་རྒསམོ་ཟེར་ཐོན་མི་ཚུ་དང་ཅོག་ར་འཐདཔ་ཨིན། སག་སྟེང་གི་ཨར་པ་འདི་ སྤྱིར་བཏང་ཚེས་བཅུའི་སྐབས་དང་ གཞན་ཡང་དུས་སྟོན་ཁག་ཆེ་ཏོག་ཏོ་རེ་འབད་བའི་སྐབས་ དེ་ལས་རང་ལུགས་ཀྱི་ཁྱིམ་ཚུ་རྐྱབ་པའི་ ཨར་པ་འདི་རྐྱབ་ཚུགས་པ་ཅིན་ལེགས་ཤོམ་སྦེ་བརྩིཝ་ཨིན་མས།
- Sakteng
- སངས་རྒྱས་རྡོ་རྗེད་ ང་བཅས་ དམང་སྐུ་རིམ་ སག་སྟེང་གི་དམང་སྐུ་རིམ་ ལོ་གསུམ་གྱི་དམང་སྐུ་རིམ་གྱི་ ཏེ་ ཨར་པ་གི་ བཤད་པ་འདྲཝ་ཅིག་ ཚིག་ཅིག་ཙམ་ཅིག་ཞུ་བ་ཅིན་ ང་གི་ ཨ་ནཱ་ལས་ཕར་ ཞབས་བྲོའི་གདང་བཟུམ་ཅིག་ མང་མང་ ཞུ་བ་ཅིན་ རྒྱས་ཤིང་རྒྱསཔ་ཡོདཔ་མས། ཨིན་རུང་ གོ་བ་བཟུམ་ཅིག་ ཚིག་ཅིག་ཙམ་ཅིག་ ཞུ་གེ་ ཟེར་ཞུ་ནི་ཨིན།
- སངས་རྒྱས་རྡོ་རྗེགླུ་ཨང་ལས་ལྷ་མོ་ ཨང་ལས་ལ། །ཡང་དམ་པའི་ཆོས་ལ་འགྱུར་བར་ཤོག །སྨན་མགྲོན་ཆེན་ མགྲོན་ཆུང་ཚུར་སོན་ནོ། །མགྲོན་ཆུང་ཡེ་ཤེས་མཁའ་འགྲོ་མ། །
- སངས་རྒྱས་རྡོ་རྗེསྔར་མཐོང་མ་མྱོང་ བྱ་གཅིག་མཐོང་། །བྱ་སྤུ་ནང་ནི་ དར་རྒྱས་ཤོག །མར་གྱི་བཤད་བུ་ མདའ་གང་བཞེས། །དཀར་བུ་རམ་བཤད་བུ་ འབྲུ་གང་བཞེངས། །
- སངས་རྒྱས་རྡོ་རྗེའདྲེ་གི་བཤད་བུ་ དུང་གང་བཞེངས། །འདི་གསུམ་གྱི་ རྩེ་མོ་སོ་དུ་བཞེས། །ལྷ་འཁོར་གསུམ་བརྒྱ་དྲུག་ཅུ་བྱོན། །བྱ་མགོ་རྟེ་སེར་པོ་ སེར་ལ་བྱེད། །
- སངས་རྒྱས་རྡོ་རྗེའབོ་འབོ་སེར་བ་ལ་སེར་པོ་ མཇུག་ནས་བྱེད། །བྱ་ཁོག་མེད་སྔོན་པོ་ གཡུས་ལ་བྱེད། །ནོར་བུ་གཡུ་བ་ལ་ སྔོན་པོ་མཇུག་ནས་བྱེད། །བྱ་རྐེད་པ་དཀར་པོ་ གདུང་ལས་བྱེད། །
- སངས་རྒྱས་རྡོ་རྗེལྷ་དབང་པོ་བརྒྱ་བྱིན་ བཞུགས་གནས། །དེར་བྱེད་ནག་པོ་ སྤྱ་ལ་བྱེད། །བྱ་ཁྲ་སྤུན་བདུན་བཞུགས་གནས་རེད། །མི་ནས་ཁྲ་པོ་ གཟིགས་ལ་རེད། །
- སངས་རྒྱས་རྡོ་རྗེབྱ་ཚོ་སྔོན་པོ་ བཞུགས་གནས་རེད། །བྱ་མགོ་ནག་མི་ཡི་ དཔོན་པོ་བྱེད། །མགོ་གཅིག་པ་ ང་ཡི་རྫེ་དཔོན་བྱེད། །མགྲོན་པོ་རྣམས་ཀྱི་ ཉ་ནེ་མཛད། །
- སངས་རྒྱས་རྡོ་རྗེམ་མོ་རྣམས་ཀྱི་ དགའ་སྟོན་མཛད། །སྨན་ཚར་མོ་རྣམས་ཀྱི་ སེམས་འཛིན་མཛད། །ཨ་ཁོ་རེད་ ་་་་་།