13 Oct 2014
2 min 31 sec
- འ་རོ། ངའི་གཡང་གི་རྒོད་མ་རྔོག་སྐྱ་མ། འ་རོ།
- ཡེ། འདིའི་འཕས་ཐོག་ཐོ་རུ་ཐོར་མོ་རེད། འ་རོ།
- འ་རོ། ངའི་ཡང་ཐོག་འགྲོས་དང་གོམ་པ་རེད། འ་རོ།
- ཡེ། ཡང་ཡང་འཕེལ་གི་སྨོན་ལམ་འདེབས། འ་རོ།
- འ་རོ། ངའི་གཡང་གི་འབྲི་མོ་ཁ་སྐྱ་མ། འ་རོ།
- ཡེ། འཕས་ཐོག་ཡ་རུ་ཡར་མོ་རེད། འ་རོ།
- འ་རོ། ཡང་ཐོག་ཁོལ་དང་རྩིད་པ་རེད། འ་རོ།
- ཡེ། ཡང་ཡང་འཕེལ་གི་སྨན་ལམ་འདེབས། འ་རོ།
- འ་རོ། ངའི་གཡང་གི་མ་མོ་དཀར་རིས་མ། འ་རོ།
- ཡེ། འཕེལ་ཐོག་ལག་ག་ལག་མོ་རེད། འ་རོ།
- འ་རོ། ཡང་ཐོག་བལ་དང་ཁ་ཆུ་རེད། འ་རོ།
- ཡེ། ཡང་ཡང་འཕེལ་གི་སྨོན་ལམ་འདེབས། འ་རོ།