Skip to main content Skip to search
31 Aug 2018
11 min 32 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel

Lopen Tshering Dhendup, a lecturer for the College of Language and Culture Studies (CLCS), says there are many changes in our culture. Today we rarely find people wearing traditional gho and kira. Music and folk dances have improved, with much research done on these cultural traditions. Compared to other colleges, CLCS focuses on subjects related to Bhutanese culture. 

སྟག་རྩེ་རིག་གཞུང་ མཐོ་རིམ་སློབ་སྒྲའི་ ལེགས་སྦྱར་ཝ་ ཚེ་རིང་དོན་སྒྲུབ་ཀྱིས་བཤད་དོ་བཟུམ་འབད་བ་ཅིན་ ང་བཅས་རའི་ ལམ་ལུགས་སྲོལ་ལུ་ ན་མེད་ས་མེད་ འགྱུར་བཅོས་སོང་འདི་ ཡོདཔ་ཨིན་མས། ད་རེས་ནང་པ་ ང་བཅས་རའི་རང་ལུགས་ གོ་དང་སྐྱིད་ར་གྱོན་མི་ཡང་ ན་མེད་ས་མེད་ཅིག་ར་འདི་ མེདཔ་ཨིན་མས། དེ་ལས་ ཧེ་མ་འབད་བ་ཅིན་ སྙན་ཆ་དང་ གླུ་གཞས་ཚུ་ཡང་ དར་ཁྱབས་ན་མེད་ས་མེད་ར་འདི་ མ་འགྱོཝ་ཨིན་མས། དེ་འབདཝ་ད་ ད་རེས་ནང་པ་ཞིབ་འཚོལ་པ་ མངས་རབ་ཅིག་གིས་ར་ ང་བཅས་རའི་ལམ་སྲོལ་སྐོར་ལས་དང་ དེ་ལས་འཆམ་ དང་ཞབས་བྲོ་ ལ་སོགས་པ་ཚུའི་ སྐོར་ལས་ ཞིབ་འཚོལ་འབད་བ་ལས་ བརྟེན་ཏེ་ ལམ་ལུགས་སྲོལ་འདི་ ཧེ་མ་དང་ཕྱེདཔ་ད་ ཡར་རྒྱས་སོང་འདི་ཡོདཔ་སིན་མས། མཐོ་རིམ་སློབ་གྲཱ་གཞན་དང་ ཕྱེདཔ་ད་ལུ་ སྟག་རྩེ་མཐོ་རིམ་སློབ་སྒྲ་འདི་ ཆོས་མཚན་ཡང་ ལམ་སྲོལ་དང་འབྲལ་བའི་ ཆོས་མཚན་རྩང་རྩ་ར་ ལྷབ་དོ་ཡོདཔ་ཨིན་མས། 

Transcript search
No results found for this search
0 of 0
  • ཚེ་རིང་དོན་གྲུབ
    ཏེ་ང་ར་གི་མིང་འབད་བ་ཅིན་ ཚེ་རིང་དོན་གྲུབ་ཟེར་སླབ་པའི་ལགས་ཏེ་ང་ར་ཕྱག་ཞུ་ས་འདི་ ད་ལྟོ་ནཱ་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གི་ནང་ལུ་ ཕྱག་ཞུ་དོ་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ནཱ་གི་ཕྱག་འགན་དང་འགན་ཁུར་ག་ཅིག་ཨིན་ན་ཅིག་གསུངས་གནང་།
  • ཚེ་རིང་དོན་གྲུབ
    ཨཱ་ད་རེས་ནཱ་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལུ་ཏེ་སློབ་སྟོན་འབད་སྦེ་ད་ཧ་ལམ་ལོ་འབད་བ་ཅིན་ ལོ་བཅུ་གསུམ་དེ་ཅིག་ཡར་སོང་ཡི་ཟེར་ཏེ་ད་ལྟོ་གི་འགན་ཁུར་བཟུམ་ཅིག་འབད་བ་ཅིན་ཏེ་ཤེས་ཡོན་གྱི་ཁ་ཐུག་གི་འབྲེལ་བ་འཐབ་ནི་དང་ཤེས་ཡོན་ཡར་རྒྱས་དང་སྤུས་ཚད་ག་ཅིག་གི་ཐད་ཁར་འབད་དེ་འབད་ས་ཅིག་རུང་།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ནཱི་གི་ཨཱ་འགན་ཁུར་འདི་ ང་གིས་འབག་སྦེ་ཏེ་ཕྱག་ཨ་ནཱེ་སྦེ་ཞུ་དོ་ཟེར་ཏེ་ད་རེས་ ཨ་ནཱི་གི་འགན་ཁུར་འདི་འབག་སྦེ་ ལོ་གཉིས་དེ་ཅིག་ཡར་སོང་ཡི་ཟེར་ཞུ་ནི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ནཱ་གི་ཐུགས་རྗེས་ལས་འབད་བ་ཅིན་ ང་བཅས་ར་ འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་གྱི་གནས་སྟངས་འདི་ ག་ཅི་བཟུམ་ཅིག་བཞུགས་ནུག་མར་ཉམས་འགྱོ་དེས་ཡར་གོང་འཕེལ་འགྱོ་དེས་གནས་སྟངས་ག་དེ་སྦེ་ཨིན་ན་ དེའི་འགྲེལ་བཤད་ཅིག་གསུངས་གནང་ཤིག
  • ཚེ་རིང་དོན་གྲུབ
    ད་ཨ་ནཱི་ང་བཅས་ར་ འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་གྱི་གནས་སྟངས་འདི་ཏེ་ད་ཞུཝ་འདྲཝ་ཅིག་འབད་བ་ཅིན་ཏེ་ཡར་ད་རྣམ་པ་སྣ་ཚོགས་སྦེ་འདུག་ཟེར་ཞུ་ནི་ཨིན་ལགས་ད་སྤྱིར་བཏང་གི་ཐད་ཁ་ལས་ ཞུཝ་འདྲཝ་ཅིག་འབད་བ་ཅིན་ད་ཨ་ནཱི།
  • ཚེ་རིང་དོན་གྲུབ
    ང་བཅས་ར་གི་ ད་གོ་ལ་གྱོན་ཆས་ཀྱི་ཐད་ཁ་ལས་སྦེ་འབད་བ་ཅིན་ཏེ་ཨ་ཙི་ཅིག་མར་ཉམས་སུ་ཅིག་སྦེ་ཏེ་གནམ་མེད་ས་མེད་བ་ཛ་ལས་ཕར་ཁྲོམ་ཁར་ལས་ཕར་ཏེ་ཨ་ནཱི་གོ་གྱོན་སྦེ་ཨ་ནཱེ་སྦེ་བྱོན་མི་ གནམ་མེད་ས་མེད་ཅིག་མི་མཇལ་བས་ཟེར་ཞུ་ནི་ཨིན་ལགས།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ནཱི་གི་ཐད་ཁར་ལས་ མནོ་བསམ་བཏང་སྦེ་འབད་བ་ཅིན་ཏེ་ཉམས་སོངཔ་བཟུམ་ཅིག་ཏེ་ཨིན་དེ་ར་འབད་ས་ཅིག་རུང་ཏེ་རོགས་ཨཱ་ལས་རིམ་འདི་ཚུ་འགོ་འདྲེན་འཐབ་དེ་ལས་འཆམ་དང་ཞབས་ཁྲ་ཏེ་ཨ་ནཱི་དེ་ཚུ་གི་ཐད་ཁར་ལས་ཨ་ནཱེ་སྦེ་བལྟ་སྦེ་འབད་བ་ཅིན་ཧེ་མ་ལས་ལྷག་པས་ཏེ་གནམ་མེད་ས་མེད་ ཡར་རྒྱས་ཡར་སོང་ནུག་གསེས།
  • ཚེ་རིང་དོན་གྲུབ
    ཏེ་ཧེ་མ་ང་བཅས་ཆུང་སུ་ཅིག་འབད་སྡོདཔ་ད་འདི་མང་ཤོས་ཅིག་ར་ ཞབས་ཁྲ་ཅིག་འཐེན་རུང་ར་རྒྱ་གར་གྱི་ཞབས་ཁྲ་ཅིག་འཐེན་སྦེ་མཐོངམ་མ་གཏོགས་ཅིག་གི་ཏེ་ཨ་ལུ་འདི་ཚུ་གི་ སྤྲོ་བ་བསྐྱེད་མི་ཡང་མེད་ལགས།
  • ཚེ་རིང་དོན་གྲུབ
    ཏེ་ད་རེས་ནངས་པ་འབདཝ་ད་ལུ་འདི་ཏེ་ཞབས་ཁྲ་འཐེན་ནི་ ག་ཅི་ར་འབད་དེ་འབད་ས་ཅིག་རུང་ང་བཅས་ར་གི་ ཞབས་ཁྲ་འདི་ར་ཉན་ས་ཨ་ནཱེ་སྦེ་མཐོངམ་མས་ཟེར་ཏེ་ཨ་ནཱི་གི་ཐད་ཁ་ལས་འབད་བ་ཅིན་ ཏེ་ཡར་རྒྱས་ཡར་སོང་ནུག་ཟེར་ལགས།
  • ཚེ་རིང་དོན་གྲུབ
    དེ་ལས་གནས་སྟངས་གཅིག་ལས་བལྟ་འབད་བ་ཅིན་ཏེ་ང་བཅས་ར་གི་ད་ཨཱ་ཧེ་མ་དང་ཕྱད་པ་ཅིན་ད་ཨ་ལུ་འདི་ཚུ་ཨཱ་ན་གཞོན་ཆ་ཁྱབ་ཀྱིས་ ད་ཤེས་ཡོན་ཡོད་ནི་འདི་གི་ཨིན་ན་མ་ཤེས་ལགས་ཨ་ནཱི་གི་ཨ་ཙི་རེ་ ཆོས་ཕྱོགས་ཁ་ཐུགས་ལུ་ སྤྲོ་བ་བསྐྱེད་མི་ཡང་མང་སུ་ཅིག་སྦེ་མཐོང་མས་ཟེར།
  • ཚེ་རིང་དོན་གྲུབ
    ཏེ་ང་བཅས་ནཱ་ སློབ་གྲྭ་ནང་འབད་དེ་འབད་ས་ཅིག་རུང་ཨ་ལོ་འདི་ཚུ་ལུ་ གནམ་ས་མེད་ཨ་ནཱི་ཆོས་ཕྱོགས་ཀྱི་ལས་རིམ་རེ་ཐབས་འབདཝ་ད་གནམ་མེད་ས་མེད་འགོ་འདྲེན་ཐབས་བཅའ་མ་གཏོགས་དང་འདོད་བསྐྱེད་སྦེ་ ཨ་ནཱེ་སྦེ་འབད་མི་དེ་དང་ཆ་འདྲཝ་སྦེ་ཏེ།
  • ཚེ་རིང་དོན་གྲུབ
    ནཱ་ཞབས་ཏོག་ཞུ་ནི་དེ་ཚུ་ལུ་ཡང་མཚེར་སྣང་མེདཔ་སྦེ་ཏེ་ཨ་ནཱི་ཞབས་ཏོག་ཞུ་སར་མཐོང་སྦེ་འབདཝ་ད་འདི་ཏེ་ཉམས་ནི་འདི་ མ་ཉམས་པས་ཟེར་ར་མནོཝ་མས་ལགས་ང་འདི།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ནཱ་སློབ་དཔོན་མཐོ་རིམ་སློབ་གྲྭ་གིས་ གཙུག་སྡེ་གཅིག་ནང་ལུ་བཞུགས་ཏེ་མཐོ་རིམ་སློབ་གྲྭ་འགྱོ་མི་གི་ ཨ་ལོ་དེ་ཚུ་དང་ཆ་སྟེ་འབྲེལ་བ་གནང་སློབ་སྟོན་གནང་འབདཝ་ད་ལུ་མཐོ་རིམ་སློབ་གྲྭ་གི་ཨེ་སྡེ་མཚན་ནང་ལུ་ལྷོདཔ་ད་ལུ་ང་བཅས་ར་ལམ་ལུགས་སྲོལ་ནང་ལུ།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་སྤྱིར་བཏང་སློབ་ཚན་དང་ སློབ་གྲྭའི་ལས་རིམ་ནང་ལུ་ ག་དེམ་ཅིག་ཚུད་ནུག་དེ་ཉུངམ་མས་མང་དྲགས་པས་ཏེ་དེ་ལས་ཨ་ལོ་ཚུ་གི་ཁ་ཐུག་ལས་མཐོ་རིམ་སློབ་གྲྭའི་ཨ་ལོ་དེ་ཚུ་གི་ རིམ་པ་གུ་ལྷོདཔ་ད་ལུ་ལམ་སྲོལ་ལུ་སྤྲོ་བ་ཡོདཔ་མེད་ག་དེ་སྦེ་ཨིན་པས་ལགས?
  • ཚེ་རིང་དོན་གྲུབ
    ལགས་སོ་ལགས་ ད་ཨ་ནཱི་ང་བཅས་མཐོ་རིམ་སློབ་གྲྭ་གི་ཟེརཝ་ད་ལུ་ད་ང་བཅས་ནཱ་བཟུམ་ཅིག་དང་ རོགས་མཐོ་རིམ་སློབ་གྲྭ་གཞན་འབདཝ་ད་འདི་ ཨ་ཙི་གནས་སྟངས་སོ་སོ་སྦེ་མཐོངམ་མས་ཟེར་ཞུ་ནི་ལགས།
  • ཚེ་རིང་དོན་གྲུབ
    ཏེ་རོགས་ལུ་གནས་ཨཱ་མཐོ་རིམ་སློབ་གྲྭ་གཞན་ཁ་འདི་ད་ག་དེ་སྦེ་ཡོད་ག་འདི་ང་གནམ་མེད་ས་མེད་ག་ནི་ཡང་ ཞུ་ནི་མེད་ལགས་ཏེ་ང་བཅས་ནཱ་གི་ཐད་ཁ་ལྷོདཔ་ད་ལུ་ཏེ་ང་བཅས་ཀྱི་ནཱ་གི་ཆོས་ཚན་འདི་ཏེ་མང་ཤོས་ཅིག་ང་བཅས་ར་ལམ་སྲོལ་དང་འབྲེལ་བའི་ཆོས་ཚན།
  • ཚེ་རིང་དོན་གྲུབ
    དེ་དང་ཆ་འདྲཝ་སྦེ་ཏེ་ང་བཅས་སྐད་ཡིག་ལས་འབད་འདི་འབད་ས་ཅིག་རུ་འདྲ་དེ་ལས་ཁ་སྐད་དང་སྐད་ཡིག་དེ་དང་ཆ་འདྲཝ་སྦེ་ཏེ་ཆོས་ཚན་གྱི་ཁ་ཐུག་ལས་འབད་ས་ཅིག་རུང་ང་བཅས་ནང་པ་དང་འབྲེལ་འབྲེལཝ་ཡོད་ནི་དེ་གིས་ཏེ་གཞན་དང་ཕྱདཔ་ད་འདི་ང་བཅས་ནཱ་ལུ་འདི་གནམ་མེད་ས་མེད་ལེགས་ཤོམ་འབད་ར་ཡོད་གསེས།
  • ཚེ་རིང་དོན་གྲུབ
    ཨིན་དེ་ར་འབད་ས་ཅིག་རུང་ད་ཨ་ནཱི་ཨཱ་ང་བཅས་ཀྱི་ད་མཐོ་ཨ་ནཱི་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་ཨ་ནཱི་ཆོས་ཚན་འདི་ཚུ་གསར་བཙུགས་འབད་ཨ་ནཱེ་སྦེ་འབདཝ་ད་ཏེ་ཁོང་གི་ལམ་ལུགས་དང་འཁྲིལ་སྦེ་ཨ་ནཱི་Module(སློབ་ཚན)དང་ ཨ་ནཱི་དེ་ཚུ་སྦེ་འབདཝ་ད་ལུ་འདི་ཨ་ཙི་རེ་ཏེ་ཧེ་མ་ཡོད་མི་འདི་ཚུ་བཙུགས་མ་ཚུགསཔ་ཏེ་ཨ་ནཱི་བཟུམ་གྱི་གནས་སྟངས་ཅིག་འདི་ཡོད་ལགས།
  • ཚེ་རིང་དོན་གྲུབ
    ཨིན་འདི་ར་འབད་ས་ཅིག་རུང་ ད་ང་བཅས་ཀྱི་ཧེ་མ་གི་ཨེ་ཨེ་ཆོས་ཚན་འདི་ཚུ་ཏེ་ག་དེ་དྲག་དྲག་ཅིག་ཏེ་ཨ་ནཱི་བཙུགས་ཏེ་ཡོད་ཨིན་དེ་ར་འབད་ས་ཅིག་རུང་ད་ལུས་སྦྱོང་གི་ཁ་ཐུག་ལས་ཏེ་གནམ་མེད་ས་མེད་ཅིག་ཡར་རྒྱས་ཅིག་འཐེབ་སྦེ་བཏང་མི་ཚུགས་འབད་གསེས།
  • ཚེ་རིང་དོན་གྲུབ
    ཏེ་ཏེ་ཆོས་ཚན་ཁོ་ར་གི་ཁ་ཐུག་ལས་འདི་ཏེ་གནམ་མེད་ས་མེད་སྐྱོན་དང་ ཨ་ནཱི་ཅིག་ག་ནི་ཡང་མེད་ཏེ་ཨིན་དེ་ར་འབད་ས་ཅིག་རུང་ཏེ་ང་བཅས་ཀྱི་ཨ་ནཱི་ཨེ་ཨ་ལོ་དེ་ཚུ་གི་ བསམ་སྤྱོད་ཡར་རྒྱས་བཏང་ནི་དང་ ཏེ་ཨ་ནཱི་གི་ཐད་ཁར་ལུ་འདི་ཏེ་ཨ་ཙིག་རེ་འགྱུར་བཅོས་བཏང་དགོཔ་འབད་མཇལ་ཡི་ཟེར་ཞུ་ནི་ཨིན་ལགས་ཨ་ནཱི།
  • ཚེ་རིང་དོན་གྲུབ
    ཆོས་ཚན་ལ་ལུ་ཅིག་ ཏེ་གནམ་མེད་ས་མེད་ཅིག་འབྲེལ་བ་མེདཔ་སྦེ་ དེ་ལས་ལ་ལུ་ཅིག་ལུ་ཏེ་ཨ་ནཱི་ཆད་སོངམ་བཟུམ་ཅིག་སྦེ་ ཨ་ནཱེ་སྦེ་མཇལཝ་མས་ཟེར་དེ་ལས་སྤྱིར་བཏང་ ང་བཅས་ནཱ་ལུ་ཏེ་ད་ཨ་ལམ་ལུགས་སྲོལ་དང་འབྲེལ་འབྲེལཝ་གི་ཨ་ནཱི་ཨེ་སློབ་ཚན་ཨིན་ཏེ་འབད་ས་ཅིག་རུང་འདྲ།
  • ཚེ་རིང་དོན་གྲུབ
    དེ་ལས་འགོ་ལཱ་ལས་རིམ་འགོ་འདྲེན་འཐབ་ནི་ཨིན་རུང་འདྲ་ཏེ་ང་བཅས་ཀྱིས་ ག་དེ་དྲག་དྲག་ཅིག་ཏེ་ཨ་ལུ་དེ་ཚུ་ལུ་ཆོས་ཚན་ཡང་ འདི་གི་ཐོག་ཁ་ལས་བཏོན་དེ་མེན་ཚད་ང་བཅས་ཀྱིས་ལཱ་དང་ལས་རིམ་ག་ཅི་བཟུམ་ བཅའ་སྒྲིག་རེ་རྐྱབ་ནི་ཡོད་འཐོན་ཏེ་ར་འབད་ས་ཅིག་རུང་།
  • ཚེ་རིང་དོན་གྲུབ
    ཨ་ལོ་ཁོང་ར་ར་བཅའ་མར་གཏོགས་ཏེ་སྦེ་ཏེ་རོགས་སློབ་གྲྭ་གཞན་ཁར་བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་རོགས་གཞན་ཕྱི་ཁ་གི་མི་ཚུ་འབོ་སྦེ་ཨ་ནཱེ་སྦེ་འབད་བའི་ལོ་རྒྱུས་གོ་ཡི་ང་བཅས་ནཱ་འབད་བ་ཅིན་ད་ཨ་བཅའ་སྒྲིག་ཅིག་རྐྱབ་ནི་ཨིན་རུང་འདྲ་བསུ་བ་སེར་སྦྲེང་ཅིག་འབད་ནི་ཨིན་རུང་འདྲ་ ཨ་ལོ་ཁོང་ར་ར་བཅའ་མར་གཏོགས་ཁོང་ར་གིས་ར་ འབད་བཅུག་དོ་ཟེར་ཞུ་ནི་ཨིན་ལགས།
  • ཚེ་རིང་དོན་གྲུབ
    ཨ་ནཱི་འབད་ནི་དེ་གིས་ཏེ་ ཁོང་ལུ་འདི་ཕན་ཐོག་སྦོམ་འབད་ར་འདུག་ཟེར་ཞུ་ནི་ལགས་ཨ་ནཱི།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ནཱ་གི་སློབ་གྲྭ་དང་ཏེ་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་ སློབ་གྲྭ་གཞན་མི་འདི་ཚུ་ ཨ་ཙི་ཅིག་མི་འདྲ་ཟེར་གསུངམ་མས་སྤྱིར་བཏང་གི་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་ཁ་ཐུག་ལས་ སློབ་སྦྱོང་སྤྲོད་ཐངས་ཀྱི་སྲིད་བྱུས་འདི་ནང་ལུ་ང་བཅས་ར་འབྲུག་པའི་ལམ་ལུགས་སྲོལ་དང་རིག་གཞུང་འདི་ཏེ་ལངམ་ཅིག་འབད་ཚུད་ནུག་ག?
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཡངན་རྒྱལ་གཞུང་གཙུག་ལག་སློབ་སྡེ་གིས་ སློབ་སྦྱོང་སྤྲོད་ཐངས་ཀྱི་ལས་རིམ་འདི་ཨ་ཙི་ཅིག་ཏེ་འབྲུག་པའི་གི་ལམ་ལུགས་སྲོལ་དང་འབྲུག་པའི་གི་གནས་སྟངས་དང་མ་འཁྲིལ་བ་ ཨ་ཙི་ཕྱི་ཁའི་ལུགས་སྲོལ་གུ་བཀལ་སུ་ཅིག་ཡར་སོང་ནུག་ལགས?
  • ཚེ་རིང་དོན་གྲུབ
    ད་ཨཱ་རྒྱལ་འཛིན་གཙུག་ལག་སློབ་སྡེ་ཟེརཝ་ད་ལུ་ད་ཨ་ནཱི་སློབ་སྡེ་ནང་ན་ལུ་ཨཱ་མཐོ་རིམ་སློབ་གྲྭ་རྣམ་པ་སྣ་ཚོགས་སྦེ་ཡོད་ནི་དེ་གིས་ཏེ་ཏེ་རོགས་རང་རང་སོ་སོར་གྱི་ཨ་ནཱི་ ཆོས་ཚན་དང་འཁྲིལ་ཞིནམ་ན་འགྱོ་དགོ་ནི་མས་སྦ་ལགས།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ནཱེ་སྦེ་འབདཝ་ད་ལུ་ཏེ་ད་གཞན་ཁ་གི་གནས་སྟངས་བཟུམ་ཅིག་བལྟ་འབད་བ་ཅིན་ཏེ་ཚན་རིག་མས་དེ་དང་ཆ་འདྲཝ་སྦེ་རོགས་ ཚོང་འབྲེལ་གྱི་ཤེས་ཡོན་སྦྱང་ས་གི་གནས་སྟངས་མས།
  • ཚེ་རིང་དོན་གྲུབ
    ཨ་ནཱེ་ནང་ལུ་འདི་ ཏེ་ག་དེ་སྦེ་ཆོས་ཚན་འདི་ག་དེ་སྦེ་འགོ་འདྲེན་འཐབ་དོ་ག་མ་ཤེས་འདི་འབདཝ་ད་ཁོང་ལུ་ཡོད་ནི་ཅིག་འདི་ག་ཅིག་ཡོདཔ་ཟེར་བ་ཅིན་ང་བཅས་ར་སྤྱིར་བཏང་གི་རྫོང་ཁ་གི་ཨ་ནཱི་ ཤེས་ཡོན་གྱི་བྲིས་ལྷག་གི་ཤེས་ཡོན་རྐྱངམ་ཅིག་བྱིན་ནི་གི་ཏེ་ཨ་ནི་ཆོས་ཚན་གཅིག་འདི་ཡོད་ཟེར་ཞུ་ནི་ཨིན།
  • ཚེ་རིང་དོན་གྲུབ
    འདི་འབདཝ་ད་ཏེ་ཨ་ནཱི་ ལམ་ལུགས་སྲོལ་དང་ ཨ་ནཱི་དེ་ཚུ་འབདན་འབད་ཐངས་བཅའ་ཐངས་འདི་ཏེ་རང་རང་སོ་སོ་གི་ འགོ་འདྲེན་འཐབ་ནི་རྐྱངམ་ཅིག་མ་ཏོག་ཅིག་པའི་གི་ ཆོས་ཚན་འཐེབ་འབད་འདི་ ང་གིས་མ་མཇལ་ཟེར་ཞུ་ནི་ལགས་ཨ་ནཱི།
  • ཚེ་རིང་དོན་གྲུབ
    ཆོས་ཚན་འཐེབ་སྦེ་འདི་ མ་པ་ལས་མ་མཇལ་ཟེར་ཏེ་ང་བཅས་ནཱ་བཟུམ་ཅིག་འབད་བ་ཅིན་འདི་ཏེ་ཆོས་ཚན་འདི་ལེགས་བཅོས་བཏང་ནི་མ་གཏོགས་ཅིག་པའི་གི་ འཐེབ་འདི་བཙུགས་དགོཔ་ཅིག་མེད་ལགས་འ་ནཱ་ལུ།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ནཱི་ ད་ལྟོ་ཨ་ཙི་རེ་དག་ཆ་རེ་བཏང་ཏེ་བཅོས་ཁ་རེ་རྐྱབ་སྦེ་ འབད་དགོཔ་མ་གཏོགས་ཅིག་པའི་གི་ཏེ་སློབ་ཨ་ནཱི་མཐོ་རིམ་སློབ་གྲྭ་གཞན་བཟུམ་སྦེ་ཏེ་ཆོས་ཚན་ང་བཅས་རའི་ལམ་ལུགས་སྲོལ་དང་འབྲེལ་འབྲེལ་བའི་ ཆོས་ཚན་ཅིག་གསརཔོ་ཅིག་བཙུགས་དགོཔ་ཅིག་ གནམ་མེད་ས་མེད་ག་ནི་ཡང་མེད་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ད་ལྟོ་ནཱ་ ཞབས་དྲུང་སྐུ་མཆོད་མཇལ་དོ་བཟུམ་འབད་བ་ཅིན་ན་གཞོན་བུཚ་དང་བུམོ་ཚུ་གི་ཐད་ཁར་ལས་ཏེ་འབྲུག་གི་རྒྱལ་ཁབ་ཀྱི་ ལམ་སྲོལ་དང་འཁྲིལ་པའི་གི་ ལྟདམོ་མ་འདྲཝ་མ་འདྲཝ་ལེ་ཤ་བཏང་ནི་འདུག་ཨཱེ་བཏོན་ནི་འདུག
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ཕྱི་ཁ་གི་ ལམ་ལུགས་སྲོལ་གཞན་གླུ་དང་ཞབས་ཁྲ་དང་ འཆམ་གྱི་རིགས་ཏེ་གནམ་མེད་ས་མེད་ལེགས་ཤོམ་མཛད་དོ་བཟུམ་ཅིག་འདུག།
  • ཌོག་ཊར་ཀརྨ་ཕུན་ཚོགས
    དེ་འབདཝ་ད་ནང་གི་ཨཱ་ནང་གི་ལམ་སྲོལ་ད་ང་བཅས་འབྲུག་པའི་གི་ མནོ་བསམ་བཏང་ཐངས་བློ་སླབ་ཐངས་ཏེ་ཐ་དམ་ཚིག་ལ་སོགས་པའི་གཞི་རྩ་དང་ ཨ་ནཱི་བཟུམ་གྱི་རིགས་འདི་ཚུ་ཏེ་ད་ལྟོ་མཐོ་རིམ་སློབ་གྲྭ་འགྱོ་མི་ ན་གཞོན་གྱི་གྱལ་ཁར་ལུ་ ག་དེམ་ཅིག་བཟུམ་ཅིག་གི་གནས་སྟངས་ནང་ལྷོད་ནུག་ལགས?
  • ཚེ་རིང་དོན་གྲུབ
    ཨེང་་་ཨ་ནཱི་གི་ཐད་ཁ་ལྷོདཔ་ད་ལུ་ད་ཕྱི་ཁ་གི་ལམ་ལུགས་སྲོལ་འདི་ཡོདཔ་མ་ཚད་ང་བཅས་ནཱ་ལུ་འདི་ ཆོས་ཚན་ཁོ་ར་ར་མ་པ་ཨ་ནཱི་འབད་བཞག་བཅའ་བཞག་ཐ་དམ་ཚིག་བཏོན་ཐངས་ལས་རྒྱུ་འབྲས་བཏོན་ཐངས་ཀྱིས་ཨ་ནཱི་ཆོས་ཚན་ཡོད་ནི་དེ་གི་ལགས།
  • ཚེ་རིང་དོན་གྲུབ
    ཆོས་དང་འབྲེལ་འབྲེལ་བའི་ཆོས་ཚན་ཡོད་སྦེ་འབད་ནི་དེ་གི་ཏེ་ང་བཅས་ར་གིས་ ད་མ་པ་རོགས་ཀྱིས་སླབ་མི་འདི་བདེན་པ་འདི་ ག་དེ་ཅིག་ཡོད་ག་འདི་ ང་བཅས་ཀྱིས་ཞུ་ནི་མེད་ལགས།
  • ཚེ་རིང་དོན་གྲུབ
    འདི་འབདཝ་ད་ ང་བཅས་ནཱ་གི་སློབ་ཕྲུག་དང་དེ་ལས་གཞན་ཁར་གྱི་སློབ་ཕྲུག་གཉིས་ ཨ་ནཱེ་སྦེ་བཅའ་མར་བཏོགས་ཅིག་ཁར་སྡོད་སྦེ་འབདཝ་ད་ལུ་ཏེ་ང་བཅས་ནཱ་གི་སློབ་ཕྲུག་འདི་ཡང་འདི་རང་ཏེ་ཨ་ནཱི་འབད་གཞག་བཅའ་གཞག་འབད་རུང་འདྲ་ཁ་སླབ་ཐངས་འབད་རུང་འདྲ།
  • ཚེ་རིང་དོན་གྲུབ
    ཕར་ཞུ་ནི་བཅའ་ནི་འབད་རུང་འདྲ་ཏེ་གནམ་མེད་ས་མེད་ སྤོབས་པ་སྦོམ་འབད་དེ་མེདཔ་མམ་འདི་འབདཝ་ད་ག་ར་འཇའ་ཆི་ཆི་སྦེ་ཏེ་རང་གི་ལམ་ལུགས་སྲོལ་དང་འཁྲིལཝ་སྦེ་ཏེ་ཨ་བརྩི་མཐོང་ཆ་བཞག་བསྐྱེད་ཚུགསཔ།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ནཱི་བཟུམ་སྦེ་ཡོད་ཟེར་ཡོདཔ་སྦེ་ཨ་ནཱེ་སྦེ་ཏེ་བཤད་མི་ལེགས་ཤ་འདུག་ཟེར་ཏེ་ཨ་ནཱི་གི་གནས་སྟངས་ལུ་བལྟ་འབད་བ་ཅིན་ང་བཅས་ནཱ་གི་ཆོས་ཚན་དེ་གིས་འདི་ ཁོང་ལུ་ཕན་ཐོགས་ར་ཐོགས་དོ་ཡོདཔ་མས་གསེས།
  • ཚེ་རིང་དོན་གྲུབ
    ཏེ་ང་བཅས་མ་པ་སློབ་སློབ་ཁང་ནང་འགྱོཝ་ད་ལུ་ཡང་ཏེ་ང་བཅས་ར་གི་ཨ་ནཱི་ ལམ་ལུགས་སྲོལ་དང་འབྲེལ་འབྲེལ་བའི་ བརྩི་མཐོང་བཀལ་དགོ་པའི་རྣམ་གཞག་ཆོས་ཚན་སོ་སོར་སྦེ་ར་ཡོད་ལགས་ཨ་ནཱི་ ཨ་ནཱི་འབད་ནི་དེ་གི་ཏེ་ ཨ་ནཱི་གི་ཕན་ཐོགས་དོ་ཡོདཔ་མས་ཟེར་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    གཞན་ནཱ་སློབ་གྲྭའི་ལས་རིམ་དང་ལམ་སྲོལ་གྱི་ཐད་ཁར་ག་ཅི་ཡང་གསུངས་ནི་མེད་ག?
  • ཚེ་རིང་དོན་གྲུབ
    ཨ་་་་ད་སྤྱིར་བཏང་ བཅས་ནཱ་གི་ད་ཨཱ་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གི་ཏེ་ཨ་་་ལམ་ལུགས་སྲོལ་དང་འབྲེལ་འབྲེལ་བའི་གི་ཆོས་ཚན་ཤེས་ཡོན་གྱི་ཁ་ཐུག་ལས་སྦེ་འབད་བ་ཅིན་ཏེ་ད་ཅིག་ཞུ་དོ་བཟུམ་སྦེ་ཨིན་ལགས།
  • ཚེ་རིང་དོན་གྲུབ
    ཏེ་ཧེ་མ་ཨ་ནཱི་ ང་བཅས་ཀྱི་ཆོས་ཚན་འདི་བརྩམས་འོངམ་ད་ལུ་ ཏེ་དང་པ་ཆོས་ཚན་བརྩམས་ནི་གི་ཉམས་མྱོང་མེད་དེ་ལས་ཚར་གཅིག་ཡང་ ལག་ལེན་མ་འཐབ་འབད་ནི་དེ་གི་ཏེ་ཨ་ནཱི་དང་པ་བརྩམས་སྦེ་འབདཝ་ད་ལུ་ཏེ་ཨ་ཙི་རེ་ཆད་ལྷག་རེ་འདུག་ལགས།
  • ཚེ་རིང་དོན་གྲུབ
    ད་ཨ་ནཱ་ལུ་ ཆད་ལྷག་ཡོད་ནི་དེ་གིས་ ཏེ་ང་བཅས་ཀྱིས་དབྱེ་ཞིབ་རེ་འབད་རོགས་ལུ་གྲོས་བསྡུར་རེ་འབད་ཏེ་བསམ་འཆར་བསྡུ་ལེན་རེ་འབད་ག་ཅི་བཙུགས་དགོཔ་འདུག་ག
  • ཚེ་རིང་དོན་གྲུབ
    ཏེ་ག་ཅི་འདི་ ཕར་བཏོན་བཏང་དགོཔ་འདུག་ག་ཏེ་ཨ་ནཱི་འདི་ཚུ་ང་བཅས་ཀྱིས་བསྐྱར་ཞིབ་འབད་ནི་གི་ལས་རིམ་དང་ཨ་ནཱི་དེ་ཚུ་ ཁོ་ར་རིམས་པ་སྦེ་ར་ཡོད་ཟེར་ཏེ་དེ་གི་ཐད་ཁར་ལུ་ཏེ་གཅིག་འདི་ང་བཅས་ནཱ་ལུ་ད་ཅི་ཞུ་དོ་བཟུམ་སྦེ་ཨིན།
  • ཚེ་རིང་དོན་གྲུབ
    ཏེ་མང་ཤོས་ར་ཨ་ནཱི་ ང་བཅས་ཨཱ་ཤེས་ཡོན་འདི་ ཕར་བྱིནམ་མ་གཏོགས་ཅིག་གི་ཏེ་ལག་ལེན་སྦྱོང་བ་འདི་ གནམ་མེད་ས་མེད་ཅིག་དུས་ཚོད་གོ་སྐབས་ གནམ་མེད་ས་མེད་མེད་ནི་དེ་གིས་ཏེ་ཨ་ནཱི་ཨ་ཙིག་ཅིག་ཡར་རྒྱས་བཏང་དགོཔ་འདུག་གསེས།
  • ཚེ་རིང་དོན་གྲུབ
    ཏེ་སྙན་ཆ་གི་ཁ་ཐུག་ལས་འབད་རུང་འདྲ་འཆམ་གར་སྟོན་ལས་འབད་རུང་འདྲ་སྒྲིག་ལམ་ཁ་ཐུག་ལས་འབད་ས་ཅིག་རུང་འདྲ་ད་ཨ་ལོ་འདི་ཚུ་ལུ་ཨ་ཙི་དུས་ཚོད་འཐེབ་སྦེ་ཏེ་ཨ་ནཱི་དམིགས་གསལ་གྱི་སྦེ་ཏེ་ཨ་ནཱི་འདི་ཚུ་ཨ་ཙི་ཅིག་ཡར་རྒྱས་བཏང་དགོཔ་འབད་མཇལཝ་མས་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ད་ཅིག་ནཱ་ལས་གསུངསམ་མས་ནཱ་གི་སློབ་གྲྭ་ནང་ལུ་ཏེ་ལམ་ལུགས་སྲོལ་གྱི་ཏེ་སློབ་སྦྱོང་རྩ་གཞུང་ཡོད་ནི་དེ་གིས་ཏེ་དེ་གིས་རོགས་གཞན་དང་མི་འདྲ་བས་ཟེར་ད་ནཱ་བྱོན་མི་གི་ཨ་ལོ་འདི་ལོ་གཅིག་ལུ་སྟོང་ཕྲག་གཅིག་དེ་ཅིག་མས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    འདི་ལས་གཞན་མི་གི་ སློབ་གྲྭ་ནང་བྱོན་མི་འདི་དེ་ལས་ཏེ་ཡུདཔ་ཅིག་ད་བཅུ་ཐམ་དེ་ཅིག་གི་ལྷགཔ་སྦེ་རྒྱལ་ཁབ་ནང་ན་འགྱོ་མི་འབད་རུང་ཕྱི་ཁར་འགྱོ་མི་འབད་རུང་།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ད་ཨ་ནཱེ་སྦེ་འབདཝ་ད་ལུ་སྤྱིར་བཏང་རྒྱལ་ཁབ་ཀྱི་ གནས་སྟངས་བཟུམ་ཅིག་ལུ་ ཐུགས་བཞེས་གནང་མ་ཅིན་ ད་ལྟོ་མཐོ་རིམ་སློབ་གྲྭ་འགྱོ་མི་གི་ན་གཞོན་གྱི་རིགས་འདི་ཚུ་ལུ་ང་བཅས་ཀྱི་ལམ་སྲོལ་གྱི་ཤེས་ཡོན་འདི།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ཨ་ཙི་ལངམ་སྦེ་ བྱིན་མ་ཚུགསཔ་བཟུམ་ཅིག་ཡང་ཚོརཝ་མས་ཏེ་ཨ་ནཱེ་འབད་བ་ཅིན་མ་འོངས་པའི་ལམ་སྲོལ་གནས་སྟངས་འདི་ག་བཟུམ་ཅིག་འོང་ནི་སྨོ?
  • ཚེ་རིང་དོན་གྲུབ
    ཨིན་པས་ལགས་ཨ་ནཱི་འདི་ ནཱ་གི་གསུངས་དོ་བཟུམ་སྦེ་ར་ཨིན་པས་ཟེར་ཞུ་ནི་ལགས་ ད་ཨ་ནཱི་ཤེས་ཡོན་འདི་སོ་སོར་ཅིག་སྦེ་སྦྱངས་ཏེ་ཨ་ནཱི་གི་ཨཱ་ལམ་ལུགས་སྲོལ་དང་དེ་ལས་ང་བཅས་ར་གི་ བརྩི་མཐོང་ཤེས་ཡོན་གྱི་ཨ་ནཱི་སློབ་སྦྱོང་འདི་ གནམ་མེད་ས་མེད་འབད་ནི་མེད་འབདཝ་ད་ལུ།
  • ཚེ་རིང་དོན་གྲུབ
    ཏེ་སྤྱིར་བཏང་ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་ ན་གཞོན་ག་ར་གི་གནས་སྟངས་འདི་ བལྟཝ་འདྲཝ་ཅིག་འབདཝ་འདྲཝ་ཅིག་འབད་བ་ཅིན་ཨ་ཙི་ཅིག་ ཚ་རྒྱང་ལང་ལང་དགོཔ་ཅིག་འདུག་ཟེར་ཞུ་ནི་ཨིན་ལགས།
  • ཚེ་རིང་དོན་གྲུབ
    ཏེ་མཐའ་ན་ང་བཅས་ར་ཕར་ལུ་ ད་གོམས་འདྲིས་སློབ་སྦྱོང་མས་ཏེ་ཨ་ནཱི་བཟུམ་ཅིག་གི་ནང་ལུ་ ཨ་ནཱེ་སྦེ་བལྟ་སྦེ་འབདཝ་ད་ལུ་ཏེ་མཐའ་ན་བཀབ་ནེ་ཅིག་ར་ ལེགས་ཤོམ་སྦེ་བཀབ་མ་ཤེསཔ་ཏེ་ཡང་ཅིན་ཕར་ལུ་ གུས་ཞབས་འབད་དགོཔ་ཨིན་ན་འབད་མ་དགོཔ་ཨིན་ན།
  • ཚེ་རིང་དོན་གྲུབ
    ཏེ་ག་དེ་སྦེ་ཞུ་དགོཔ་ཨིན་ན་ཞེ་ས་སྦྱར་དགོཔ་ཨིན་ན་སྦྱར་མ་དགོཔ་ཨིན་ན་ཨ་ནཱི་བཟུམ་གྱི་གནས་སྟང་ཅིག་ར་མ་ཤེས་པ་ཏེ་སྤྱིར་བཏང་གི་ཁ་ཐུག་ལས་འབད་བ་ཅིན་འདི་གནམ་མེད་ས་མེད་ཚ་རྒྱས་འདུག་ཟེར་ཞུ་ནི་ལགས་ཨ་ནཱི།
  • ཚེ་རིང་དོན་གྲུབ
    ཏེ་ཨ་ཙི་ཅིག་ཤེས་བརྩི་མཐོང་ཤེས་ཡོན་གྱི་ཨ་ནཱི་ལམ་ལུགས་སྲོལ་དང་འབྲེལ་འབྲེལ་བའི་བརྩི་མཐོང་ཤེས་ཡོན་གྱི་ཨ་ནཱི་ཆོས་ཚན་འདི་ཚུ་ཏེ་བཙུགས་ཚུགས་པ་ཅིན་འདི་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ནི་ལགས།