Skip to main content Skip to search
28 Aug 2018
4 min 42 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ཏེ་ཡར་བྱ་ཁྱུང་དཀར་མོ་ལུ་ཨིན་མས་ལགས་བྱ་ཁྱུང་དཀར་མོ་ར་ ཨ་ནེ་མོའི་གྲྭ་ཚང་ནང་འགྱོ་འགྱོཝ་མས་ཁོ་བྱ་ཁྱུང་དཀར་མོ་ཨ་ནེ་མོའི་གྲྭ་ཚང་ནང་སོང་ཨ་ནེམོ་འཇའ་རིསམོ་ཙང་ཙ་ར་ཡོདཔ་མས་པ་ཏེ།
  • ཚེ་དབང་ Tshewang
    ཏེ་ཁོང་ཨ་ནེམོ་འདི་ཚུ་འབད་སར་འགྱོ་སྦེ་ཏེ་ཁོ་ཡང་ཨ་ནེམོ་བཟོ་སྦེ་ཨ་ནེ་མའི་གོ་ལ་གྱོན་སྦེ་ཡར་སོང་འདུག་པ་ཏེ་ཡར་སོང་སྦེ་ཨ་ནེམོ་འབད་སྦེ་ཏེ་ཁོ་ཡང་ཨ་ནེམོ་འབད་སྦེ་སྡོད་འདུག་ཏེ།
  • ཚེ་དབང་ Tshewang
    ཨ་ནེམོ་སྦེ་སྡོད་སྦེ་དེ་ལས་ཁོ་ཨ་ནེམོ་ཚུ་ལུ་སླབ་ནུག་པ་ཏེ་ཏེ་ཨ་ནེམོ་ཚུ་དང་གཅིག་ཁར་ཆ་རོགས་འབད་ ག་ར་འཆམ་ཏོག་ཏོ་འགྱོ་ཚརཝ་ད་ཏེ་ཏེ་ཧེ་ཁོ་ར་ ཏེ་དེ་ལས་ཁོ་ར་ཨ་ནེམོ་འདི་ཚུ་ལུ་སླབ་ནུག་སྦ་ཏེ་ཁོ་གི་ས་ དབའེ་ང་བཅས་ར་ད་ནཱེ་སྦེ་ར་ཨ་ནེམོ་ནང་སྡོད་དེ་ཏེ་ནཱེམ་མེན་པས་ཁོ་རེ་མཉམ་གཅིག་ཉལ་སྦེ་ཏེ་ང་བཅས་ར་གཅིག་གིས་གཅིག་ཏེ་ ཨ་བུ་བརྡར་རོ་རྐྱབ་གེ་ཟེར།
  • ཚེ་དབང་ Tshewang
    ཨ་བུ་བརྡར་གེ་ཟེར་ སླབ་ནུག་པ་ཏེ་ཏེ་སླབ་ད་དེ་ལས་ཏེ་ག་དེ་སྦེ་བརྡར་ནི་ཟེར་ ཨ་ནེམོ་ཆ་རོགས་འདི་གིས་སླབ་སླབ་མས་ག་དེ་སྦེ་བརྡར་ནི་སྨོ་ཟེར་ཨ་ནེམོ་འཇའ་རིསམོ་ཅིག་ཡོདཔ་མས་སྦ་ཏེ་བརྡར་བཏུབ་ཏེ་ཁྱོད་ར་ཧེ་མ་ར་ ང་བརྡར་ཤིག་ཟེར་སླབ་ནུག་སྦ་ཏེ་
  • ཚེ་དབང་ Tshewang
    ཏེ་མར་ཁོ་གང་རྐྱལ་སྦེ་སྡོད་སྦེ་ཏེ་མོ་བརྡར་ནུག་པ་ཏེ་ཁོ་བརྡརཝ་ད་ལུ་དེ་ལས་ཁོ་དེ་ལས་སླབ་ནུག་སྦ་ཏེ་ཤོབ་རྐྱབ་སྟེ་དབའེ་ཁྱོད་ཀྱི་འདི་ ངེའི་ནང་འཛུལ་ནི་གཅིག་ཡང་འདུག་མས་ཟེར་སླབ་མས་ལ།
  • ཚེ་དབང་ Tshewang
    དབའེ་ཨིན་པས་ག་ཟེར་སླབ་དེ་ལས་ལྟག་མ་འབདཝ་ད་དབའེ་ཁྱོད་ཐོན་ནི་ཅིག་ཡང་འདུག་ཏེ་ཟེར་ སླབ་མས་ལོ་ཟེར་ཐོན་ནི་ཅིག་ཡང་འདུག་ཟེར་སླབ་ད་ཨིན་ན་ཟེར་སླབ་སྦེ་ད་འ་ནཱི་སླབ་བཞག་སྦེ་ཏེ་དེ་ལས་ཏེ་ད་དེ་ལས་ལྟག་མ་ད་རུང་ ད་སྐོར་རྒྱབ་སྦེ་ད་ང་བརྡར་གེ་ཁྱོད་བརྡར་གེ་ཟེར་ སླབ་ནུག་པ་ཏེ།
  • ཚེ་དབང་ Tshewang
    ཏེ་བཏུབ་ཟེར་ཏེ་ཨ་ནེམ་ད་ཅིག་ ཧེ་མ་ཁ་ལས་འཛེག་མི་འདི་ མར་འོག་ལས་བཙུགས་དེ་ལས་ཁོ་ཁོ་བརྡར་ནུག་སྦ་ཏེ་ཧེ་མ་ཁོ་གིས་མོ་བརྡར་བའི་བསྒང་ཁོ་གི་མཇེ་འདི་ཐགཔ་བཏགས་སྦེ་ཕར་རྒྱབ་ཁ་ལས་བཏགས་བཞག་བཞགཔ་མས་ཧེ་ཧེ་ཧེ་ བཏགས་བཞག་ནུག་པ་ཏེ་ཁོ།
  • ཚེ་དབང་ Tshewang
    ཧེ་ཧེ་ཤུལ་ལས་ཁོ་ མོ་བརྡར་བའི་བསྒང་ལས་ཁོ་ར་གི་ཐགཔ་འདི་བཏོག་སྦེ་ཏེ་ཁོ་ངོ་མ་སྦེ་ར་བཙུགས་ད་འདུག་སྦ་ཏེ་ཏེ་ངོ་མ་སྦེ་བཙུགས་སྤ་འདི་ལས་ཨ་ནེམོ་ཞིམ་ཞིམ་མས་ཏེ་ཨ་ནེམོ་ཡང་སྤའོ་ཨིན་པས་སྨོ་ཞིམ་པས་པ་ཏེ་ཟེར་བའི་ལོ་འཛུལ་ནི་འཛུལ་ནི་འདུག་ཟེར་ཏེ་ཟེར།
  • ཚེ་དབང་ Tshewang
    ཏེ་དེ་ལས་ ཁོ་འདི་ཐོན་ད་ཐོནམ་ད་ཨའོ་ཨིན་པས་ཐོན་ནི་ཡང་འདུག་ཏེ་ཟེར་ སླབ་སླབ་མས་ཏེ་ཏེ་འ་ནཱེ་སྦེ་ཁོ་འ་ནཱེ་སྦེ་ར་སྡོད་ནུག་སྦ་ཏེ་ཏེ་འ་ནཱེ་སྦེ་སྡོད་སྡོདཔ་ཅིག་བར་ན་ཏེ་ཁོ་ཨ་ནེམོ་ཆ་རོགས་འདི་ ཨ་ལོ་སྐྱེས་ནི་བཟོ་ད་འདུག་རོགས།
  • ཚེ་དབང་ Tshewang
    ཏེ་ཨ་ལོ་ཕོཝ་སྦོམ་ཐལ་དེ་ལས་ཏེ་འ་ནཱ་གི་བླམ་ རོགས་ཨ་ནེམོ་འདི་ཚུ་གི་ བདག་འཛིན་འབད་མི་བླམ་འདི་གིས་ཏེ་དབའེ་ང་བཅས་འ་ནང་ལུ་ བཀྲ་མ་ཤིསཔ་འབད་མི་ཅིག་ཡོདཔ་མས་ཨ་ནེམོ་འདི་ཚུ་ འ་ནཱེ་སྦེ་འགྱོ་དོ་ག་ཨིནམ་ཟེར་སླབ་ད་ ག་ཡང་མེད་ཟེར་ཏེ་ཏེ་ཨ་ནེམོ་འདི་ ཨ་ལོ་ཨ་པ་བཏོན་ནི་མེད།
  • ཚེ་དབང་ Tshewang
    ཨེང་་་ཏེ་ག་ར་ཨ་ནེམོ་ཙང་ཙ་སྦེ་ཏེ་མེད་ཟེར་ ནཱེ་སྦེ་འདི་མེན་པས་འདི་ང་བཅས་ བརྟག་དཔྱད་ཅིག་འབད་དགོ་པས་བརྟག་དཔྱད་འབད་དགོ་པས་ཟེར་ཨ་་་སྤང་ནང་མེ་འཕུ་ཤིག་ཟེར་མེ་འཕུར་བཅུག་མེ་སྒོརམ་ལྡིངས་བཞག་ཀེམ་ཕཱ་ཡར་བཟུམ་སྦེ་ ང་བཅས་ར་འ་ནཱི་ཤིང་རྩིགཔ་བཞག་མེ་འཕུ་སྦེ་བཞག
  • ཚེ་དབང་ Tshewang
    ཏེ་དེ་ལས་ཏེ་ད་ཨ་ནེམོ་འདི་ཚུ་ག་ར་ གོ་ལ་བཤུབ་ཤིག་ཟེར་ཏེ་གོ་ལ་བཤུབ་བཅུག་ཏེ་གཟུགས་ཁར་སྨད་གཡོགས་རེ་བཞག་སྦེ་སྨད་གཡོགས་རེ་གྱོན་བཅུག་སྦེ་ཏེ་ཁོ་སྨད་གཡོགས་འདི་གྱོན་སྦེ་ ཁོ་ཐགཔ་བཏགས་སྦེ་ ཧེ་ཧེ་ཧེ་ རྒྱབ་ཁར་བཏགས་བཞག་ནུག་པ་སྦེ་ཏེ་ཡར།
  • ཚེ་དབང་ Tshewang
    ཁོ་གི་འདི་རྒྱབ་ཁ་བཏགས་བཞག་སྦེ་ཏེ་དེ་ལས་མེ་ཨ་ནཱི་མེ་འདི་གུ་ལས་ཕར་ མཆོང་ཤིག་ཟེར་སླབ་སླབ་མས་ད་མཆོངམ་བཅུགཔ་ད་ ཨ་ནེམོ་འདི་ཚུ་ག་ར་རོགས་རེ་རེ་སྦེ་མཆོང་འགྱོ་འདུག་པ་ཏེ་ཏེ་ཁོ་གུ་ལྷོདཔ་ད་ ཁོ་སླབ་འདུག་པ་ཏེ།
  • ཚེ་དབང་ Tshewang
    ཨཱ་ནད་ཡང་མེད་སྐྱོན་ཡང་མེད་ཧེ་ཧེ་ཧེ་ ཨུབ་ལས་སྦོ་ཅུང་ཀྲེག་ཅིག་ར་ཨིན་ཟེར་ཧ་ཧ་ཧ་ཧ་ཕར་དེ་སྦེ་མཆོངས་ཕར་ལས་ཚུར་མཆོངམ་ད་ནད་ཡང་མེད་ སྐྱོན་ཡང་མེད་ཨུག་ལས་སྦོ་ཅུང་ཀྲེག་ཅིག་ར་ཨིན་ཟེར་མཆོངས་ཧ་ཧ་ཧ་ཧ་འཆམ་རྐྱབ་ཅིག་ར་ ཁོ་གི་ཐགཔ་དོག་ཡར་སོང་ནུག་ཏེ།
  • ཚེ་དབང་ Tshewang
    ཐགཔ་དོག་འགྱོཝ་ཅིག་ ཁོ་གི་འདི་ འ་ནཱེ་སྦེ་དབྱུག་ཐོན་དེས་ཟེརཝ་མས་ལོ་མར་ལུ་ཨ་་་དེ་ལས་ཁོ་ཏེ་ག་ཨིན་རུང་དེ་ལས་ཁོ་ཁྲིམས་བཏང་ནུག་སྦ་ཏེ་ཤིད་ཁོ་ཨ་ནཱི་བཟུམ་སྦེ་མས་ཟེར་ཁོ་ཨཔ་ཝང་འབྲུག་རྒྱལ་མས་ཟེར་ཁོ་བཀྲ་མ་ཤེསཔ་མས་ཟེར་ཁོ་ཁྲིམས་གཏང་ནི་ཟེར།
  • ཚེ་དབང་ Tshewang
    ཏེ་དེ་ལས་གནམ་དགུན་ན་ཐེངས་གྱང་པའི་སྐབས་ལུ་ཏེ་ཡར་ཁྱིམ་ཐོག་གུ་བཀལ་ཏེ་ ཡར་གནམ་དགུན་ནུབ་མོ་ཡར་ཁྱིམ་ཐོག་གུ་བཀལ་བཞག་བཞགཔ་མས་ཁོ་གོ་ལ་བཤུབ་སྦེ་སྒྱེན་མོ་སྦེ་ ཏེ་དེ་བསྒང་ལྕགས་ཤོག་ནི་མེད་སྨོ་ཤོག་ལགས།
  • ཚེ་དབང་ Tshewang
    ཡར་ཁྱིམ་ཐོག་ཤིང་ལེབ་བཀལ་བཞག་བཞགཔ་ལྕགས་རྡོ་འདི་ཚུ་ཡོད་ཏེ་འ་ནཱ་བཞག་བཞགཔ་མས་ཏེ་བཞག་པ་ཨཔ་ཝང་འབྲུག་རྒྱས་གྱིས་ཏེ་ནུབ་གཅིག་ནཱ་ལས་རྡོ་འཐུ་འབག་ཕར་བཀལ་ཕར་གྱི་རྡོ་འཐུ་འབག་ཚུར་བཀལ་ཏེ་སྤ་དྲོ་པ་ཚུན་ཚོད་ཁོ་ཏེ་རྡོ་འཐུ་བཀལ་བཀལ་བ་གི་ རྔུལ་ནག་ཡང་ཤམ་ཤུམ་ཐལ་སོང་ནུག་ཟེརཝ་མས་ལོ།
  • ཚེ་དབང་ Tshewang
    ཏེ་འ་ནཱེ་སྦེ་ཏེ་ཏེ་ཨཔ་ཝང་འབྲུག་རྒྱལ་ ག་ནི་ཡང་འབད་མ་ཚུགས་པས་ཏེ་ཨཔ་ཝང་འབྲུག་རྒྱལ་གྱི་ཏེ་ཁོ་ཨཔ་ཝང་འབྲུག་རྒྱལ་འདི་ འ་ནཱེ་སྦེ་ཨིན་ལོ་ལགས་རོགས་ཨ་ནེམོ་ཨ་ལོ་བཀང་བཞག་ཁོ་ར་ཁྲིམས་བཏངམ་ད་ ཁོ་ཁྲིམས་བཀལ་ཁོ་ཤི་མ་བཏུབ།