Skip to main content Skip to search
28 Aug 2018
1 min 58 sec
Video Overview
Creators: 
Sonam Tobgye

Tshering Yangzom from Maedtsho Gewog (county) in Lhuntse Dzongkhag (district) sings a local Alo song that is particularly popular in the eastern part of the country, especially in the Dungsam region. Several version of the song also exist in the Kurtoe region. These kind of songs are emotional in nature and often composed during troubled times or bad events. The song in the video narrates the regret that the author experienced in his life. It was said that his mind was in absolute darkness in the past, but he matured and at present his mind became crystal clear and enlightened. The author claims that past mistakes caused him much suffering.

 

༉  འབྲུག་གི་ལམ་སྲོལ་གྱི་དབྱེ་བ་དང་འཁྲིལཝ་ད་ ཨ་ལོ་འདི་ ནང་འཁོད་ཀྱི་གླུ་གཞས་ཀྱི་གྱལ་ཁར་ཚུད་དོ་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ཚུ་དང་ ལྷག་པར་དུ་གདུང་བསམ་ལུང་ཕྱོགས་ནང་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིནམ་མ་ཚད་ སྐུར་སྟོད་ཁ་ཐུག་ལུ་ཡང་ ཨ་ལོའི་གླུ་གཞས་དག་པ་ཅིག་འཐེན་སྲོལ་འདུག ད་ལྟོ་ལྷུན་རྩེ་ཆ་འོག་ སྟོད་མཚོ་རྒེད་འོག་ལས་ཚེ་རིང་དབྱངས་འཛོམས་ཀྱིས་འཐེན་མི་ཨ་ལོ་འདི་ མནོ་བསམ་བཏང་ཐངས་ཀྱི་ཁྱད་པར་བཤད་ནི་ཡོདཔ་ད་ ཧེ་མ་ཆུང་ཀུ་སྦེ་སྡོད་པའི་བསྒང་མནོ་བསམ་བཏང་མི་འདི་ གནག་དུང་དུ་སྦེ་ཡར་སོ་ནུག ད་ལྟོ་གི་མནོ་བསམ་བཏང་ཐངས་འདི་ མེ་ལོང་བ་གསལ་བས་ ཨིན་ཏེ་འབད་རུང་ ཧེ་མ་མནོ་བསམ་བཏང་མ་ཤེས་པར་ ཤུལ་ལས་བློ་འགྱོད་འོང་དོ་ཟེར་ སྐྱོ་བའི་འཁྲུལ་སྣང་དང་བཅསཔ་སྦེ་འཐེན་ནི་འདུག

Transcript search
No results found for this search
0 of 0
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    སྔ་མ་བསམ་པའི་སེམས་ནི། །ཨའེ་མུན་པའི་ནང་གི་ཐལ་དེས། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ད་ལྟ་བསམ་པའི་སེམས་ནི། །ཨའེ་མེ་ལོང་བ་ནས་གསལ་དོ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    སྔ་མ་བསམ་པ་མ་ཤེས། །ཨའེ་ཕྱི་མ་བློ་འགྱོད་འོང་དོ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ལགས་སོ་ལགས།། །།