Skip to main content Skip to search
28 Aug 2018
11 min 14 sec
Video Overview
Creators: 
Sherig Dentshog

Sangay Tshomo, from Gorthongma village, Martsala, Samdrup Jongkhar, tells a story about of a mother and daughter, who lived in a woeful condition. One day the mother decided to get firewood from the forest and told her daughter to not give alms to anyone. After that, a man dressed in an old red gho and carrying a small sack came to the house and begged for some grain. The girl refused to give him any, saying her mother advised her not to give anything away. After many requests from the beggar, she gave him one puta of maize grains. When her mother returned home, she noticed scolded and beat her daughter. However, because of the daughter’s good deeds, the old man helped her in return.

 

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ གོར་མཐོང་མ་གཡུས་ཚན་ནང་ལས་ སངས་རྒྱས་མཚོ་མོ་གི་ སྡི་ཆེ་སི་སི་འབད་སྡོད་མི་ ཨའི་དང་བུམོ་གི་སྐོར་ལས་ སྲུང་བཏང་ནི་འདུག ཉིནམ་གཅིག་ ཨའི་འདི་ ནགས་ཚལ་ནང་ལུ་ འཐབ་ཤིང་འཐུ་བར་འགྱོཝ་ད་ བུམོ་འདི་ལུ་ བསོད་སྙོམས་ག་ལུ་ཡང་མ་བྱིན་ཟེར་སླབ་ནུག དེ་གི་ཤུལ་ལས་ ཨཔ་གོ་ལ་དམརཔོ་གྱོན་ཏེ་ ལག་པར་ཕད་ཙི་ཆུང་ཀུ་འབག་མི་ཅིག་ བསོད་ནམས་ལྷང་མི་ཅིག་འོང་ནུག བུམ་གི་ ངེ་ཨའི་གི་ཁྱོད་ལུ་ ག་ཅི་ཡང་མ་བྱིན་ཟེར་སླབ་སྟེ་ཡོདཔ་ལས་ ཁྱོད་ལུ་ག་ཅི་ཡང་མི་བྱིན་ཟེར་སླབ་ནུག ཨིན་རུང་ བསོད་ནམས་ལྷང་མི་གི་ ལོག་ཅིག་རང་ གསོལཝ་བཏབ་ལས་ མོ་གི་གེ་ཟ་གི་སོན་འབྲུ་ཕུད་ཏ་གཅིག་བྱིན་ནུག དེ་ལས་ མོ་གི་ཨའི་ ལོག་སྟེ་ཁྱིམ་ནང་ལྷོདཔ་ད་ ཨའི་གི་ཤེས་ཏེ་ བུམ་འདི་དྲང་ནུག ཨིན་རུང་ མོ་གི་ལཱ་ལེགས་ཤོམ་འབད་ནི་འདི་གི༌ ཨཔ་འདི་འོང་སྟེ་ཆ་རོགས་འབད་བྱིན་ནུག

 

Transcript search
No results found for this search
0 of 0
  • སངས་རྒྱས་མཚོ་མོ་
    ལགས་སོ་ལགས་ དང་ཕུ་ཧེ་མ་ ཨམ་མོ་རནམ་གཅིག་འདུག་ཟེར་ སླབ་ནི་གི་གཏམ་ཅིག་ཨིན་མས་ འ་ནཱི་འདི་དང་ཕུག་ ཁོང་གཉིས་ཨམ་མོ་རནམ་ཅིག་ ཨམ་མོ་རནམ་གྱི་ཨ་ལུ་འདི་ བུམོ་གཅིག་རྐྱངམ་ཅིག་སྡོད་ནུག་ ཨ་ལོ་ བུ་ཡང་མེད་པར་ བུམོ་ཕུད་རྡོག་གཅིག་རྐྱངམ་ཅིག་སྡོད་ཡི་ཟེར་ཨིན་མས།
  • སངས་རྒྱས་མཚོ་མོ་
    ཏེ་ཨའི་གིས་ མོ་ལུ་ཕངས་སྟེ་ ལཱ་ག་ནི་ཡང་མ་བཀོལ་བར་ ཁྱིམ་ནང་ར་བཞག་བཞགཔ་ཨིན་མས་ ཏེ་ཨའི་གིས་ ལཱ་གནམ་མེད་ས་མེད་མ་འབད་བར་ སྡོདཔ་ཨིན་མས་ཁོང་གཉིས་ མ་སྨད་གཉིས་ ཨ་རྟག་གནའ་བུ་ར་ བཟའ་ནི་མེད་པར་སྤྱང་ཀ་སྦེ་སྡོད་པའི་ཟེར་མས་གཏམ།
  • སངས་རྒྱས་མཚོ་མོ་
    དེ་ལས་ཏེ་ ཁོང་གཞན་ལྷང་མི་འོང་སྐབས་ ཨ་ཙི་ཡོད་མི་ཡང་ བྱིན་མི་བཏུབ་ཟེར་མས་ བྱིན་མི་བཏུབ་ཟེར་མས་ཨའི་འདི་གིས་སེར་སྣ་འབད་དེ་ འ་ནཱི་བུམོ་འདི་ཡང་ ཧ་ལམ་ལཱ་མ་བཀོལ་བ་ར་ སྦོམ་ཡར་སོང་ཡི་ཟེར་མས་བུམོ་འདི་ཡང་།
  • སངས་རྒྱས་མཚོ་མོ་
    ཨའི་དང་འདྲན་འདྲ་སོང་སྟེ་ དེ་ལས་ ཚར་གཅིག་འབདཝ་ད་ ད་གཞན་ག་འོང་རུང་ ཨའི་འདི་ སེར་སྣ་འབད་དེ་ག་ནི་ཡང་བྱིན་མི་བཏུབ་དོ་ཡོདཔ་མས་ འདི་འབདཝ་ད་ ཁོང་གཉིས་ལུ་ བྱིན་ནི་གི་ཡང་མེདཔ་མས་ ལཱ་མ་འབད་བ་ཅིན་ ག་ནི་ཡང་མེདཔ་འོང་མེན་ན།
  • སངས་རྒྱས་མཚོ་མོ་
    འ་ནཱེ་སྦེ་མེད་པར་མ་བྱིན་ ཏེ་ཚར་གཅིག་འབདཝ་ད་ དགེ་སློང་གཅིག་ལྷོད་ཅིག་ཟེར་ཨིན་མས་ལགས་ དགེ་སློང་ སྒོམ་ཆེན་འདི་ ཨ་རྟག་ར་འོང་ནི་ཡོད་ཟེར་མས་ བསོད་སྙོམས་རྐྱབ་མི་ལེ་ཤ་འོང་ནི་ཡོད་ དང་ཕུ་ང་བཅས་ཆུང་ཀུ་སྦེ་སྡོད་པའི་སྐབས།
  • སངས་རྒྱས་མཚོ་མོ་
    ཏེ་ བསོད་སྙོམས་རྐྱབ་མི་ག་དེམ་ཅིག་འོང་རུང་ མོ་གིས་བྱིན་མི་བཏུབ་ཟེར་མས་ཨའི་འདི་གིས་ ང་བཅས་གཉིས་ ལྟོ་བཟའ་ནི་རང་མེད་ཟེར་ ག་ཅི་ཡང་མེད་ཟེར་ བསོད་སྙོམས་རྐྱབ་མི་ག་དེམ་ཅིག་ར་འོང་རུང་ བྱིན་ནི་མེདཔ་མས།
  • སངས་རྒྱས་མཚོ་མོ་
    ཚར་གཅིག་འབདཝ་ད་ ཨའི་ཤིང་ལེན་པར་འགྱོ་འགྱོཝ་མས་ བུམོ་འདི་ཁྱིམ་ནང་བཞག་ཞིནམ་ལས་ ཨའི་འདི་ཤིང་ལེན་པར་སོང་སྟེ་ བུམོ་ཁྱོད་ཀྱིས་ བསོད་སྙོམས་རྐྱབ་མི་ད་ལྟ་ར་ལྷོད་འོང་མས།
  • སངས་རྒྱས་མཚོ་མོ་
    ཁྱིམ་ནང་ བསོད་སྙོམས་རྐྱབ་མི་ རྒྱུན་མ་ཆད་མེད་པར་འོངམ་མས་ཟེར་འ་ནཱི་ཚུ་ བསོད་སྙོམས་མ་བྱིན་སྨ་རེ་ ང་བཅས་གཉིས་བཟའ་ནི་ར་མེད་ ཨིན་རུང་ང་བཅས་གཉིས་ཀྱི་ གེ་ཟ་ ཁ་རང་གི་པ་ཀོ་འཐག་བཞག་བཞགཔ་ ཁ་རངས་པ་ཀོ་ འ་ནཱ་ལག་ཅུང་ ལག་ཆུང་འོང་མེན་ན་དང་ཕུ་ཏེ་ འ་ནཱི་ལག་ཆུང་ནང་བཞག་བཞགཔ་ཡོདཔ་མས ལག་ཆུང་ཅིག་ནང་ ཁ་རངས་པ་ཀོ
  • སངས་རྒྱས་མཚོ་མོ་
    ཏེ་བསོད་སྙོམས་རྐྱབ་མི་འདི་ གཟུགས་ཡང་རིངམོ་ སྟོབས་འབད་རུང་སྟོབས་ཅན་ གནམ་མེད་ས་མེད་གསར་རིསམོ་ཅིག་འོང་ཡི་ཟེར་ཨིན་མས་ འོང་སྟེ་འ་ནཱི་བསོད་སྙོམས་པ་གིས་སླབ་སླབ་མས་བུམོ་འདི་ལུ་ ནུམོ་ལེགས་ཤོམ་སྦེ་ར་ཡོད་ག་ཟེར་སླབ་སླབ་མས།
  • སངས་རྒྱས་མཚོ་མོ་
    ལེགས་ཤོམ་སྦེ་ར་ཡོད་ག་ཟེར་ད་ བུམོ་གིས་ཡང་ བློ་ལེགས་ཤོམ་སྦེ་ར་སླབ་སླབ་མས་ སླབ་སྟེ་ ཏེ་ཨའི་ག་ཏེ་ཡར་སོང་ཡི་ཟེར་སླབ་ད་ ཨའི་འདི་ ཤིང་འཐུ་བ་ཡར་སོང་ཡི་ཟེར་སླབ་ཨིན་མས་ཏེ།
  • སངས་རྒྱས་མཚོ་མོ་
    ཨ་ལྕོ་དགེ་སློང་ག་ཏེ་བྱོན་ནི་སྨོ་ཟེར་ཞུཝ་ད་ལུ་ ང་འདི་བཟའ་ནི་མེད་པར་ འ་ནཱ་ བསོད་སྙོམས་ཨ་ཙི་རེ་ལྷང་པར་ འོང་ཡི་ ཁྱེད་ཀྱི་གཡུས་ཁར་ཟེར་ གསུངས་གསུངསམ་ཨིན་མས་ བསོད་སྙོམས་རྐྱབ་མི་གིས།
  • སངས་རྒྱས་མཚོ་མོ་
    དེ་སྦེ་སླབ་ད་ ཨེའི་ཨ་ལྕོ་དགེ་སློང་ཟེར་ ང་ ང་བཅས་འདི་ ལྟོ་ང་བཅས་ར་བཟའ་ནི་ར་མེད་ བསོད་སྙོམས་འདི་མ་པ་ལས་ར་བྱིན་ནི་མེད་ཨའི་གིས་ བྱིན་ནི་རང་མེད་ མ་པ་ལས་ར་མེད་ བྱིན་ནི་གི་ཡང་མེད་ ཨ་ལྕོ་དགེ་སློང་ཟེར་སླབ་ད།
  • སངས་རྒྱས་མཚོ་མོ་
    དགེ་སློང་གི་ཉན་མ་བཏུབ་མས་ ཨ་ཙི་ཅིག་འདི་གནང་ཟེར་ བསོད་སྙོམས་ལྷང་སྟེ་ར་ འོང་འོངམ་འདྲས་མེན་ན་ཡུདཔ་ཅིག་ལས་ སྒོ་ཁར་སྡོད་སྦེ་བསོད་སྙོམས་རྐྱབ་སྟེ་ སྒོ་ཁར་ར་སྡོད་དེ་བསྔོ་བཏངམ་མས་མེན་ན།
  • སངས་རྒྱས་མཚོ་མོ་
    འ་ནཱེ་སྦེ་བསྔོ་བཏང་སྟེ་ཉན་མ་བཏུབ་མས་ ཨའེ་ང་འདི་ ཨིན་རུང་མེན་རུང་ འ་ནཱ་ལག་ཆུང་ནང་ ཁ་རང་གི་པ་ཀོ་འ་ནཱེམ་ཅིག་ཡོད་ཟེར་ སླབ་ཨིན་མས་ བསོད་སྙོམས་རྐྱབ་མི་གིས་ ཨུ་ཚུགས་རྐྱབ་སྟེ་ཉན་མ་བཏུབ་མས།
  • སངས་རྒྱས་མཚོ་མོ་
    ཏེ་དེ་ལས་འདི་ ང་འདི་བྱིན་པ་ཅིན་ ཨའི་གིས་དྲང་སྟེ་ གསད་ར་གསད་ནི་ཟེར་སླབ་དེ་ཟེར་ ང་གིས་ འ་ནཱི་བྱིན་པ་ཅིན་ ཨའི་གིས་དྲང་སྟེ་གསད་ནི་ཟེར་སླབ་དེ་ ང་ག་དེ་འབད་ནི་ཟེར་ ཁ་རང་འ་ནཱེམ་ཅིག་ཡོད་ གཞན་ག་ནི་ཡང་མེད་ ཨའི་ང་བཅས་གཉིས་སྤྱང་ཀ་ཨིན་ཟེར་ཞུ་ཞུཝ་མས་ཏེ།
  • སངས་རྒྱས་མཚོ་མོ་
    ཨིན་རུང་བསོད་སྙོམས་རྐྱབ་མི་འདི་གིས་ཉན་མ་བཏུབ་མས་ ཁྱོད་ཀྱིས་ འ་ནཱ་ཕུད་ཏ་ཟེར་སླབ་ཨིན་ང་བཅས་ཀྱིས་ འ་ནཱི་ཁ་རང་འཇལ་མི་ཕུད་ཏ་ འ་ནཱི་ཕུད་ཏ་གཅིག་གནང་ཟེར་ བསོད་སྙོམས་རྐྱབ་མི་གིས་ དེ་སྦེ་སླབ་ད་ ཕུད་ཏ་གཅིག་དབོག་བྱིན་རུང་ ངེའི་ཨའི་གིས་ཤེས་འོང་ཟེར།
  • སངས་རྒྱས་མཚོ་མོ་
    ཨའི་གིས་ གནམ་མེད་ས་མེད་ཚོགས་བརྡ་བཏང་མི་ཟེར་ ལཱ་འདི་བཀོལ་ནི་མེད་ ཨིན་རུང་ནང་ནའི་ འ་ནཱི་ཐག་ག་ར་ ཨའི་གིས་ར་གཅདཔ་ཨིན་ ང་གིས་ ཐག་ག་ནི་་ཡང་གཅད་ནི་མེད་ཟེར་ ཨའི་གིས་ང་གསད་འོང་ཟེར་སླབ་ད།
  • སངས་རྒྱས་མཚོ་མོ་
    ཁྱོད་ཨའི་གིས་ཐེ་རི་བ་རི་ར་ ཨིན་རུང་ཕུད་ཏ་གཅིག་གནང་ཟེར་ ཏེ་ ཁྱོད་ཨའི་གིས་ ཐེ་རི་བ་རི་ར་ དྲང་སྟེ་གསད་ནི་སྦེ་ བདའ་འོང་སྟེ་འབད་མ་ཚུགས་པ་ཅིན་ ང་འབོ་ཟེར་ སླབ་མས་ཟེར་མས་ལགས་ འ་ནཱི་དགེ་སློང་གིས།
  • སངས་རྒྱས་མཚོ་མོ་
    ཏེ་བུམོ་འདི་ལུ་ འ་ནཱེ་སྦེ་གསུངས་གསུངསམ་མས་ འདི་ཏེ་ཁྱོད་ལུ་ ང་གིས་ཁ་རང་བྱིན་ཞིནམ་ལས་ཏེ་ ཁྱོད་འདི་བྱོན་འོང་ ང་གིས་ ཁྱོད་ག་དེ་སྦེ་འབོ་ནི་ ག་དེ་སྦེ་འཚོལ་ཐོབ་ནི་སྨོ་ཟེར་སླབ་ཨིན་མས།
  • སངས་རྒྱས་མཚོ་མོ་
    འདི་ལས་ཏེ་ འ་ནཱི་དགེ་སློང་གིས་ཏེ་ དགེ་སློང་འདི་ དགེ་སློང་སྦེ་ བཟོ་འགྱོ་འགྱོཝ་འདྲས་མེན་ན ཁོང་གཉིས་ལཱ་མ་འབད་བར་སྡོད་དོ་ཡོདཔ་ལས་ བཏུལ་ནི་སྦེ་གནས་སྐབས་སྦེ་ སངས་རྒྱས་སྦེ་ཨིན་མས་ཟེར་མེན་ན་འ་ནཱི་འདི་ འ་ནཱི་གིས་ ཁྱོད་ཀྱི་འ་ནཱ་གཡུས་ཀྱི་ཕར་ཁ་ཐུག་ མཚོ་ རྒྱ་མཚོ་སྦོམ་གཅིག་འདུག་མེན་ན།
  • སངས་རྒྱས་མཚོ་མོ་
    འ་ནཱི་མཚོ་ རྒྱ་མཚོའི་སྦོག་ལོག་ཁར་འོང་སྦེ་ འབོ་སྨ་རེ་ཟེར་སླབ་སླབ་མས་ དགེ་སློང་འདི་གིས་ ཏེ་ང་གིས་ ག་དེ་སྦེ་འབོ་ནི་ ང་གིས་ ཁྱོད་ཀྱི་མིང་ཡང་མི་ཤེས་ཟེར་ ག་དེ་སྦེ་འབོ་ནི་སྨོ་ ཨ་ལྕོ་དགེ་སློང་ཟེར་སླབ་ད་ཏེ།
  • སངས་རྒྱས་མཚོ་མོ་
    ཁྱོད་ཀྱིས་གཞན་སྦེ་འབོ་དགོཔ་ མཚོའི་མཐའ་མར་སྡོད་ཞིནམ་ལས་ ཨ་ལྕོ་དགེ་སློང་ དགེ་སློང་གནམ་ལ་རིང་ཀུ་ཟེར་ འབོ་སྨ་རེ་ཟེར་སླབ་སླབ་མས་བུམོ་འདི་ལུ།
  • སངས་རྒྱས་མཚོ་མོ་
    འ་ནཱི་བུམོ་ལུ་ འ་ནཱི་དགེ་སླེང་གིས་ དེ་ལས་ཏེ་ ཨིན་ན་ཟེར་སླབ་ད་ ཨིན་ཟེར་བསོད་སྙོམས་རྐྱབ་མི་གིས་ འ་ནཱེ་སྦེ་གསུངས་གསུངསམ་མས། དེལས་ ཁོང་གཉིས་བློ་ཅིག་སླབ་སྟེ་ བསྟུན་གྲོས་རྐྱབ་སྟེ་ ཕུད་ཏ་གཅིག་དབོག་སྦེ་བྱིན་བྱིནམ་ཨིན་མས།
  • སངས་རྒྱས་མཚོ་མོ་
    ཏེ་བསོད་སྙོམས་རྐྱབ་མི་འདི་ ལོག་བྱོན་དོ་ཡོདཔ་མས་ འ་ནཱི་བྱིན་ཞིནམ་ལས་ ཁྱོད་ཀྱི་འ་ནི་འབོ་སྨ་རེ་ ཨའི་གིས་དྲང་སྟེ་འབད་མ་ཚུགས་པ་ཅིན་ ཁྱོད་ར་རྟིང་བདའ་ ངེའི་རྟིང་བདའ་འོང་སྟེ་ མཚོ་རྒྱ་མཚོའི་མཐའ་མར་འོང་སྦེ་འབོ་སྨ་རེ་ཟེར།
  • སངས་རྒྱས་མཚོ་མོ་
    ཁྱོད་ཀྱིས་མཚོ་ རྒྱ་མཚོ་སྦོམ་ཅིག་འདུག་མེན་ན་ གཡུས་ཀྱི་ཕར་ཁ་ཐུག་ཟེར་ བསོད་སྙོམས་རྐྱབ་མི་འདི་གིས་ དེ་སྦེ་སླབ་སྦེ་བྱོན་སོངམ་མས་ བསོད་སྙོམས་ལྷང་མི་བྱོནམ་ཅིག་ ཨའི་ལྷོད་ལྷོདཔ་མས།
  • སངས་རྒྱས་མཚོ་མོ་
    ཏེ་ཨའི་གིས་ཡང་ ཤེས་ཤེསཔ་འོང་ནི་མས་ དབོག་བྱིན་མི་འདི་ ང་བཅས་ཀྱི་ཕམ་འབད་བ་ཅིན་ ནཱེམ་ཅིག་བྱིན་མི་འདི་ མ་ཤེས་འོང་མེན་ན་ མོའི་ཕམ་གིས་འདི་ ཤེས་ཡང་ཤེས་ཆེ་ནུག་ལགས་ འ་ནཱི་ཤེས་ཏེ་ ཡ་ ཁ་རང་ཉུང་སུ་འགྱོ་ནུག་ས་ ང་བཅས་མ་སྨད་གཉིས་ཀྱི་ ཁ་རང་།
  • སངས་རྒྱས་མཚོ་མོ་
    ང་བཅས་གཉིས་ ད་ལྟོ་བཟའ་ནི་ར་མེད་ཟེརཝ་ད་ ཁྱོད་ཀྱིས་ ག་ལུ་བྱིན་བྱིནམ་ཨིན་ན་བྱིན་ནུག་ བསོད་སྙོམས་མ་བྱིན་ཟེར་སླབ་ཅི་མེད་ན་ཁྱོད་ཟེར་ བསོད་སྙོམས་བྱིན་ནུག་མེན་ན་ཟེར་སླབ་ད་ཏེ།
  • སངས་རྒྱས་མཚོ་མོ་
    ང་གིས་མ་བྱིན་ཟེར་ བུམོ་གིས་ ཚར་གཅིག་འདི་ ཤོབ་རྐྱབ་རྐྱབ་ཨིན་མས་མ་བྱིན་ཟེར་སླབ་ད་ བྱིན་ནུག་ག་ཅི་མི་བྱིན་ནི་ཁྱོད་ བྱིན་ནུག་ ཐེ་རི་བ་རི་ཁྱོད་ཀྱིས་བྱིན་ནུག་ཟེར།
  • སངས་རྒྱས་མཚོ་མོ་
    ཨའི་གིས་དྲངས་དྲངསམ་མས་བུམོ་འདི་ དྲངས་ཏེ་ག་དེ་སྦེ་སྡོད་རུང་འབད་མ་ཚུགས་པར་ ཨའི་གིས་ གནམ་མེད་ས་མེད་དྲངས་ཏེ་ ཙ་ལས་འབད་མ་ཚུགས་པར་ ཏེ་ཧ་ལམ་ཅིག་ལས་ མོ་གིས་ཨེའི་ དགེ་སློང་གིས་ ང་ལུ་འ་ནཱེ་སྦེ་སླབ་ཏེ་ཡོད་ཟེར།
  • སངས་རྒྱས་མཚོ་མོ་
    འ་ནཱི་བློ་འདི་ བདེན་ག་མི་བདེན་ག་ འབོ་ཟེར་གསུངས་ཡི་ཟེར་ འབོ་ནི་ཟེར་འགྱོ་འགྱོཝ་ཨིན་མས་ བུམོ་འདི་ཨ་ཙི་ཅིག་ བློ་མ་བདེ་ཡི་ར་ ཨའི་གིས་དྲངས་ཏེ་འབད་མ་ཚུགསཔ་ལས།
  • སངས་རྒྱས་མཚོ་མོ་
    དེ་སྦེ་སོང་སྟེ་ མཚོའི་མཐའ་མར་སྡོད་སྦེ་ ཨོ་ལྕོ་དགེ་སློང་ གནམ་ལ་རིང་ཀུ་ཟེར་འབོ་འབོཔ་མས་ ཨ་ལྕོ་དགེ་སློང་གནམ་ལ་རིང་ཀུ་ ཨ་ལྕོ་དགེ་སློང་གནམ་ལ་རིང་ཀུ་ ཚར་གསུམ་འབོཔ་ད་ དགེ་སློང་འདི་ བྱོན་བྱོནམ་མས་མཚོའི་སྦུག་ལས།
  • སངས་རྒྱས་མཚོ་མོ་
    མཚོའི་སྦུག་ལས་མོ་སོ་སོ་སོ་སྦེ་བྱོན་བྱོནམ་མས་ བྱོན་ཏེ་ ཁྱོད་ཨའི་་གིས་དྲངས་ཡི་ཡ་ཟེར་སླབ་ད་ དྲངས་ཡི་ང་ཨའི་གིས་དྲངས་ཏེ་འབད་མ་ཚུགས་ཟེར་ འབད་མ་ཚུགས་པར་་ ཁྱོད་ཀྱིས་འབོ་ཟེར་སླབ་མི་འདི་ དེ་སྦེ་འབོ་བར་འོང་ཡི་ཟེར།
  • སངས་རྒྱས་མཚོ་མོ་
    བུམོ་འདི་གིས་ དེ་སྦེ་སླབ་སླབ་མས་དགེ་སློང་ལུ་ ཏེ་ད་ ཡ་ད་ ཁྱོད་ཨའི་གིས་དྲངས་དྲངསམ་མས་ ཡ་ ངེ་གི་ འ་ནཱི་ དང་ཕུ་འདི་ སེམས་ཕད་ཅུང་ཟེར་འོང་ཟེར་མས་ ང་བཅས་ཀྱིས་དྲན་མ་ཚུགས་ལགས་ དང་ཕུག་སེམས་ཕད་ཅུང་ཟེར་འོང་ཟེར་ལོ་མེན་ན།
  • སངས་རྒྱས་མཚོ་མོ་
    ནགས་ཚལ་ནང་གི་ མི་ཚུ་གིས་ སེམས་ཕད་ཅུང་ཟེར་ ག་ཅི་ལོ་རྫོགས་ནི་མེདཔ་སྦེ་ འབག་ཐོན་འོང་ཟེར་མས་ འ་ནཱི་སེམས་ཕད་ཅུང་གཅིག་ བྱིན་ཡི་ཟེར་མས།
  • སངས་རྒྱས་མཚོ་མོ་
    འ་ནཱི་བུམོ་འདི་ལུ་དགེ་སློང་གིས ཏེ་བྱིན་སྦེ་ འ་ནཱི་བྱིན་སྦེ་ ཡ་ ཁྱོད་ ཁྱོད་རའི་ཁྱིམ་ནང་ལྷོདཔ་ད་ཏེ་ ཕྱགསམ་ཧིང་སངས་ས་སྦེ་འཕྱག་ཞིནམ་ལས་ ཁྱིམ་ནང་ ཕྱགསམ་ཧིང་སངས་ས་སྦེ་འཕྱག་སྟེ།
  • སངས་རྒྱས་མཚོ་མོ་
    བསང་བཏང་ཞིནམ་ལས་ འ་ནཱི་འདི་ ཁྱོད་ཀྱི་ཁྱིམ་ནང་ གསིག་སྨ་རེ་ཟེར་སླབ་སླབ་མས་ བསོད་སྙོམས་རྐྱབ་མི་གིས་ འ་ནཱེ་སྦེ་གསུངས་གསུངསམ་མས་ ཁོ་ཨིན་ནི་འདི་ སངས་རྒྱས་ཨིན་པས་མེན་ན།
  • སངས་རྒྱས་མཚོ་མོ་
    རང་གིས་འདི་ བསོད་སྙོམས་རྐྱབ་མས་ཟེར་མནོ་སྟེ་ འ་ནཱི་འདི་ ཁྱིམ་ནང་ལྷོད་དེ་ འ་ནཱི་བསོད་རྐྱབ་མི་གིས་ དེ་སྦེ་གསུངས་ཡི།
  • སངས་རྒྱས་མཚོ་མོ་
    མོ་གིས་མནོ་བསམ་བཏང་སྟེ་ གསུངས་མི་འདི་བཟུམ་སྦེ་ བུམོ་གིས་ ཁྱིམ་ནང་ལྷོད་ཞིནམ་ལས་ ཕྱགསམ་འཕྱག་སྟེ་ ཧིང་སངས་ས་བཟོ་སྦེ་ ཁྱིམ་ག་ར་སེལ་ཏེ་ ཧིང་སངས་ས་བཟོ་སྦེ་ བསང་བཏང་སྟེ་ ཏེ་གསིག་གསིགཔ་མས།
  • སངས་རྒྱས་མཚོ་མོ་
    གསིགཔ་ད་ལུ་ཏེ་ ཆུམ་གནམ་མེད་ས་མེད་ ཐོན་ཐོནམ་མས་ ཆུམ་ཁྱིམ་གཅིག་གངམ་སྦེ་ ཐོན་ཡི་ཟེར་མས་ལགས་ བསོད་སྙོམས་རྐྱབ་མི་གིས་ཏེ་ ཁོ་གིས་ དངོས་གྲུབ་ཚར་གཅིག་འདི་གནང་གནངམ་མས།
  • སངས་རྒྱས་མཚོ་མོ་
    ཏེ་དེ་ལས་ ཁོང་གཉིས་ད་རུང་ར་ ལཱ་མ་འབད་བར་ འ་ནི་བཟའ་ཡི་ར་སྡོད་སྦེ་ བཟའཝ་ད་རྫོགས་འགྱོ་འོང་མེན་ན་པ་ལས་ར་ ག་ཅི་ར་ཡོད་རུང་རྫོགས་འོང་མེན་ན་ ལཱ་མ་འབད་བར་སྡོད་སྦེ་བཟའཝ་ད།
  • སངས་རྒྱས་མཚོ་མོ་
    དེ་ལས་ ཁོ་གཉིས་ ལཱ་མ་འབད་བར་ ད་རུང་བཟའ་སྟེ་ར་སྡོད་སྡོདཔ་མས་ ཧ་ལམ་ཅིག་ལས་རྫོགས་སོངམ་མས་ ཨའི་ཡང་ ག་ཅི་ཨིན་ན་ ཨ་ཙི་ཅིག་ ག་དེ་སྦེ་ཨིན་ན་ཨིནམ་འོང་ནི་མས་ མོ་གི་ཨའི་འདི།
  • སངས་རྒྱས་མཚོ་མོ་
    བཟའ་ཚར་ ཚར་ཞིནམ་ལས་ ད་རུང་ ང་བཅས་གཉིས་ ལྟོ་བཟའ་ནི་མེད་ ཁྱོད་ཀྱིས་ བསོད་སྙོམས་རྐྱབ་མི་གིས་བྱིན་ཏེ་སྤྱང་ཀ་སོང་ཡི་ཟེར་ ད་རུང་བུམོ་འདི་ ཨའི་གིས་ད་རུང་དྲངས་ཡི་ལོ།
  • སངས་རྒྱས་མཚོ་མོ་
    ཨའི་གིས་དྲངས་ཏེ་ འབད་མ་ཚུགས་པར་ ད་རུང་དྲངས་ཏེ་འབད་མ་ཚུགས་པར་ ད་རུང་མཚོའི་མཐའ་མར་ དགེ་སློང་འབོ་པར་སོང་ཡི་ཟེར་ཨིན་མས།
  • སངས་རྒྱས་མཚོ་མོ་
    ཏེ་བུམོ་འདི་གིས་ ད་རུང་འ་ནཱེ་སྦེ་ དགེ་སློང་གནམ་ལ་རིང་ཀུ་ ཨ་ལྕོ་དགེ་སློང་གནམ་ལ་རིང་ཀུ་ཟེར་འབོ་འབོཔ་མས་ ཚར་གསུམ་འབོཔ་ད་ ད་རུང་དགེ་སློང་འགི་བྱོན་ཡི་ཟེར་མས།
  • སངས་རྒྱས་མཚོ་མོ་
    བྱོན་ཏེ་ ད་བྱོན་ཏེ་ ད་རུང་ ཁྱོད་ཨའི་གིས་ དྲངས་མས་ཡ་ཟེར་སླབ་ད་ དྲངསམ་ང་ འབད་ར་མ་ཚུགས་ ཁྱོད་ཀྱིས་གནང་མི་འདིན་བཟའ་ཚར་ཡི།
  • སངས་རྒྱས་མཚོ་མོ་
    ཨའི་ང་བཅས་གཉིས་ཀྱིས་ དེ་ལས་ང་དྲངས་ཏེ་འབད་ར་མ་ཚུགས་པར་ ད་རུང་ཁྱོད་འབད་སར་ར་འོང་ཡི་ ཨ་ལྕོ་དགེ་སློང་ཟེར་ཞུཝ་ད་ལུ་ བཏུབ་ཟེར་ ཁྱད་མེད་བཏུབ་ཟེར་ དེ་ལས་ དབུར་སྐུའི་ཕད་ཅུང་ཟེར་སླབ་པའི་ གཏམ་ཅིག་འདུག་དང་ཕུ་ འ་ནཱི་དབུར་སྐུའི་ཕད་ཅུང་ བྱིན་ཏེ་བཏང་ཡི་ཟེར་ཨིན་མས་ ད་རུང་འ་ནཱི་བུམོ་འདི་ལུ།
  • སངས་རྒྱས་མཚོ་མོ་
    ཏེ་ཁྱོད་ཨའི་གིས་དྲངས་ཏེ་འབད་མ་ཚུགས་པ་ཅིན་ཟེར་ ད་རུང་ཁྱིམ་ནང་བསངས་བཏང་ ང་གིས་ ཁ་ཙ་ཁ་ཉིནམ་སླབ་དོ་བཟུམ་སྦེ་སླབ་ནི་ཨིན་ཟེར།
  • སངས་རྒྱས་མཚོ་མོ་
    དེ་ལས་ ཁྱིམ་ནང་ད་རུང་ ཁྱོད་འ་ནཱི་འབག་ཁྱིམ་ནང་ལྷོདཔ་ད་ ད་རུང་ར་ཕྱགསམ་ཧིང་སངས་ས་སྦེ་འཕྱག་སྟེ་ ཁྱོད་ཀྱིས་ འ་ནཱི་གསིག་སྨ་རེ་ཟེར་སླབ་སླབ་མས།
  • སངས་རྒྱས་མཚོ་མོ་
    ད་རུང་ ཁྱིམ་ནང་ལྷོདཔ་ད་ བུམོ་འདི་གིས་ དགེ་སློང་གིས་གསུངས་དོ་བཟུམ་སྦེ་ གསིག་ཅི་གསེས་མས་ད་རུང་ ཁྱིམ་ནང་ ཧིང་སངས་ས་བཟོ་སྟེ་ བསངས་བཏང་སྦེ་གསིགཔ་ད་ལུ་ཏེ།
  • སངས་རྒྱས་མཚོ་མོ་
    ཏི་རུ་གནམ་མེད་ས་མེད་ ཏི་རུ་ཐོན་ཡི་གསེས་མས་ ཏི་རུ་བོད་ཀྲམ་གནམ་མེད་ས་མེད་ ཏི་རུ་བོད་ཀྲམ་ཁྱིམ་གང་ཐོན་ཡི་ཟེར་ཨིན་མས་ དབུར་ཀུའི་ཕད་ཅུང་འདི་ནང་ལས།
  • སངས་རྒྱས་མཚོ་མོ་
    ཏེ་འདི་ལས་ འ་ནཱེ་སྦེ་ཐོན་ཏེ་ འ་ནཱི་དབུར་ཀུའི་ཕད་ཅུང་ནང་ཐོན་མི་ བོད་ཀྲམ་འདི་ སོར་ཡི་སོར་ཡི་བཟའ་ཡི་ཟེར་ཨིན་མས་ ད་རུང་ཁོང་གཉིས་ ལཱ་མ་འབད་བར་ དེ་སྦེ་ར་སྡོད་སྡོདཔ་འདྲས་མེན་ན།
  • སངས་རྒྱས་མཚོ་མོ་
    ཨའི་གིས་ཡང་ ད་རུང་ལཱ་མ་འབད་གསེས་མས་ འ་ནཱི་ཐོབ་ཞིནམ་ལས་ ལཱ་མ་འབད་བར་སྡོད་དེ་ ཧ་ལམ་ཅིག་ལས་ མི་གི་ཁ་རྙོགཔ་མས་མེན་ན།
  • སངས་རྒྱས་མཚོ་མོ་
    ཚར་གཅིག་བྱིན་ཡི་ ཚར་གཉིས་བྱིནམ་ད་ ཁ་རྙོག་རྙོགཔ་འདྲས་མེན་ན་མོ་ མོའི་ཨའི་འདི་ ཏེ་དེ་ལས་ཏེ་ བཟའ་བཟའཝ་མས་ ཨའི་དང་ཁོང་མ་སྨད་གཉིས་ ཏེ་རྫོགསཔ་ད་ད་རུང་ ད་རུང་ར་ བུམོ་ཁྱོད་ཀྱིས་ བསོད་སྙོམས་བྱིན་ཡི་ར་ བསོད་སྙོམས་བྱིན་ཡི་ར་ ང་བཅས་གཉིས་ ལྟོ་བཟའ་ནི་མེད་པ་སྤྱང་ཀ་ཐོན་ཡི་ཟེར།
  • སངས་རྒྱས་མཚོ་མོ་
    ད་རུང་ ཨའི་གིས་ བུམོ་འདི་ དྲངས་དྲངསམ་ཨིན་མས་དྲངས་ཏེ་འབད་ར་མ་ཚུགས་པར་ གནམ་མེད་ས་མེད་ ག་ཏེ་བྱོག་འགྱོ་རུང་ འབད་མ་ཚུགས་པར་དྲངས་དྲངསམ་མས།
  • སངས་རྒྱས་མཚོ་མོ་
    དེ་ལས་ཏེ་ ད་རུང་སོང་ཡི་ཟེར་མས་ ཚར་གསུམ་སོང་ཡི་མེན་ན་ འ་ནཱི་འབདཝ་ད་ ཏེ་ཚར་གསུམ་འབདཝ་ད་ ག་གིས་འབད་ཚུགས་ནི་ ཧ་ལམ་ཅིག་ལས་ སངས་རྒྱས་འབད་རུང་ འབད་མི་ཚུགས་ནི་མས་མེན་ན།
  • སངས་རྒྱས་མཚོ་མོ་
    དེ་ལས་ད་རུང་ འབོ་འབོཔ་མས་ ཨ་ལྕོ་དགེ་སློང་གནམ་ལ་རིང་ཀུ་ ཨ་ལྕོ་་དགེ་སློང་གནམ་ལ་རིང་ཀུ་ཟེར་ ད་རུང་ ཚར་གསུམ་འབོ་ཡི་ཟེར་མས འབོཔ་ད་ད་རུང་ར་ མཚོ་ རྒྱ་མཚོ་ནང་ལས་ མོ་སོ་སོ་སོ་བྱོན་དེས་ཟེར་མས།
  • སངས་རྒྱས་མཚོ་མོ་
    བྱོན་ཏེ་ ཡ་ཁྱོད་ ད་རུང་ཨའི་གིས་དྲངས་ཡི་ཡ་ཟེར་ སླབ་ནུག་བུམོ་འདི་ལུ་ དྲངས་ཡི་དྲངས་ཏེ་འབད་ར་མ་ཚུགས་པར་ ནཱ་ཁྱོད་འབོ་བ་འོང་ཡི་ ཨ་ལྕོ་དགེ་སློང་ཟེར་ཞུཝ་ཨིན་མས་བུམོ་གིས།
  • སངས་རྒྱས་མཚོ་མོ་
    ཞུ་ནི་དེ་ལེགས་ཤོམ་སྦེ་ར་ དེ་ལས་ཡ་ ཁྱོད་ད་འབདན་ འ་ནཱི་འབག་སྨ་རེ་ཟེར་ ཁོ་གི་ཕྱག་འཁརཝ་ཅིག་གནང་ཡི་ཟེར་མས་ཤུལ་ལས་འབདཝ་ད།
  • སངས་རྒྱས་མཚོ་མོ་
    ཚར་གསུམ་ཟེརཝ་ད་ ཕྱག་འཁརཝ་གཅིག་གནང་སྟེ་ ཡ་ འ་ནཱི་ཡང་ ཁྱོད་ར་ཁྱིམ་ནང་ལྷོདཔ་ད་ ཏེ་ཁ་ཙ་ཁ་ཉིནམ་བཟུམ་སྦེ་ ཁྱིམ་སེལ་ཏེ་ ཧིང་སངས་ས་བཟོ་ བསངས་བཏང་སྦེ་ འ་ནཱ་མཆོད་བཤམ་ག་ར་འཕྱག་སྟེ་ མཆོད་བཤམ་གུ་ཁར་བཀལ་སྦེ།
  • སངས་རྒྱས་མཚོ་མོ་
    བསངས་བཏང་སྦེ་ ཁྱོད་ར་ཕྱག་འཚལ་སྨ་རེ་་ཟེར་ སླབ་སླབ་མས་མཆོད་བཤམ་ནང་ འ་ནཱི་ཕྱག་འཁརཝ་ལུ་ དེ་ལས་ཏེ་ ཕྱག་འདི་ག་དེ་སྦེ་ སླབ་སྟེ་འཚལ་ནི་ཟེར་སླབ་ད་ འ་ནཱི་བསོད་སྙོམས་རྐྱབ་མི་གི་ ཁོ་རགིས་ར་ སྟོན་བྱིན་བྱིནམ་མས།
  • སངས་རྒྱས་མཚོ་མོ་
    རྟ་ཡ་སྟུའི་སེམས་ལ་ཕྱག་འཚལ་ལོ་ རྟ་ཡར་སྟུའི་སེམས་ལ་ཕྱག་འཚལ་ལོ་ཟེར་འཚལ་ཟེར་མས་ འཚལཝ་ད་ཕྱག་འཁརཝ་གིས་ དྲངས་ཏེ་མོ་ ཁོང་མ་སྨད་གཉིས་ཆ་ར་དྲངས་ཏེ་ བདའ་འོང་མས་ཟེར་མས་ ག་ཏེ་ལྷོད་ལྷོད་བདའ་དྲངས་ཏེ་འབད་ར་མ་ཚུགསཔ་སྦེ་བདའ་འོང་སྟེ།
  • སངས་རྒྱས་མཚོ་མོ་
    ཏེ་བདའ་འོང་འབད་ར་མ་ཚུགས་པར་ བྱོག་འགྱོཝ་ད་འདི་ཏེ་ ཧེང་བཀལ་ར་བདའ་འོང་སྟེ་ འ་ནཱི་དྲངས་བདའ་འོང་སྟེ་འབད་མ་ཚུགས་པར་ ཧ་ལམ་ཅིག་ལས་ ཡ་ དེ་སྦེ་འགྱོ་ནི་མེན་སྦེ་མས་ཟེར་ ཁོང་གིས་ ཚར་གཉིས་འདི་རང་གནང་ཡི་ཟེར།
  • སངས་རྒྱས་མཚོ་མོ་
    ང་བཅས་གཉིས་ འདི་བཟུམ་སྦེ་འགྱོ་ནི་མེན་པས་ཟེར་ དེ་ལས་ཏེ་ ཨའི་དང་བུམོ་ ཁྱོད་ཡང་ལཱ་འབད་དགོ་ ང་ད་འདྲན་འདྲ་སྦོམ་སོང་ཡི།
  • སངས་རྒྱས་མཚོ་མོ་
    ཁྱོད་ཡང་ལཱ་འབད་དགོ་པས་ ང་བཅས་གཉིས་ མ་སྨད་གཉིས་ལཱ་འབད་དགོ་ནི་མས་ ང་བཅས་གཉིས་ཟེར་ ད་འབདན་ དེ་སྦེ་འགྱོ་ནི་མེན་པས་ཟེར་ དེ་ལས་ཏེ་ ཁོང་གཉིས་ལཱ་འབད་དེ་ བཟའ་ཡི་ཟེར་སླབ་པའི་ གཏམ་ཅིག་ཨིན་མས་ལགས། དེམ་ཅིག་ར་ཨིན་པས་ལགས་ཞུ་ནི།