Video Overview
Tshewang Dargay from Ura, Bumthang discussed khabshey.Tshewang Dargay got this information through oral transmission. While drinking tea, it is important to recite khabshey in order to preserve cultural tradition. This khabshey will help us as well as the youth of today. Khabshey can be recited while there is a public Tea. The owner of the tea will be from a different village.
བུམ་ཐང་ཨུ་ར་ལས་ཨིན་མི་ ཚེས་དབང་དར་རྒྱས་ཀྱི་ ཁབ་བཤད་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། ཁོ་གིས་ཡང་ ལོ་རྒྱུ་ཚུ་ ཁ་རྒྱུན་ཐོག་ལས་ གོ་གོཝ་ཨིན་མས། ཇ་བཞེས་བའི་ སྐབས་སུ་ལུ་ ཁབ་བཤད་བཏང་དགོཔ་འདི་ ང་བཅས་རའི་ ལམ་སྲོལ་བདག་འཛིན་འཐབ་ནའི་ན་མེད་ས་མེད་ ཁག་ཆེ་ཟེར་ཞུ་ནི་ཨིན། ང་བཅས་ར་ ཁབ་བཤད་དོན་ལུ་ ཞུབ་འཚོལ་འབད་དགོཔ་ འདི་ཡང་ ང་བཅས་ར་ ད་ལྟོ་ང་བཅས་ར་ཚུ་ལུ་ ཕན་ཐོག་མ་ཚད་ ཤུལ་ལས་ཡང་ ན་གཞོན་ཚུ་ལུ་ ཕན་ཐོག་ཚུགས་ནི་ཨིན་མས། ཁབ་བཤད་འདི་ཡང་ མི་མང་གི་ ཇ་བྱིན་པའི་སྐབས་ལུ་ ཇ་སྐད་བཤད་དོ་ཡོདཔ་ཨིན་མས། ཇ་གི་སྦྱིན་བདག་ཡང་ གཡུས་གོ་སོ་སོ་ལས་ དྲང་སྲོལ་ཡོདཔ་ཨིན་མས།
- ཚེ་དབང་དར་རྒྱས་ Tshewang Dargayབཀའ་མཉམ་བཀའ་སོགས་ཞོག་སྐུ་དཔོན་གཡོག །
- ཚེ་དབང་དར་རྒྱས་ Tshewang Dargayབཀའ་རྟེན་ན་དམ་པའི་རྟིང་གི་རྟེན། །
- ཚེ་དབང་དར་རྒྱས་ Tshewang Dargayཕ་བཀྲ་ཤིས་རྡོ་པའི་ཚངས་རྒྱས་ཨིན། །
- ཚེ་དབང་དར་རྒྱས་ Tshewang Dargayམ་སྨན་ཕ་སྤས་བཀའ་ཚུ་གཉན། །
- ཚེ་དབང་དར་རྒྱས་ Tshewang Dargayགཡོག་གཅིག་ཆོག་ན་རི་རབས་ཕྱོགས་ནས་བཞུགས། །
- ཚེ་དབང་དར་རྒྱས་ Tshewang Dargayརྟིང་གི་རྟིང་ཤོག་དམ་ཤོས་དུས་པའི་འཛམ་གླིང་དེས། །
- ཚེ་དབང་དར་རྒྱས་ Tshewang Dargayའཛམ་གླིང་ལྟེ་བ་རྒྱ་གར་རྡོ་རྗེ་གདན། །
- ཚེ་དབང་དར་རྒྱས་ Tshewang Dargayརྡོ་རྗེ་སངས་སྔགས་བཟའ་མོ་ས་ཡང་བསྟུལ། །
- ཚེ་དབང་དར་རྒྱས་ Tshewang Dargayཝ་ར་ན་སི་ཆོས་འཁོར་དང་པ་གནང་། །
- ཚེ་དབང་དར་རྒྱས་ Tshewang Dargayསེམས་ཅན་སྣ་ཚོགས་རྒྱ་རྒྱལ་ཕུངའཁྲུལ་གནང་། །
- ཚེ་དབང་དར་རྒྱས་ Tshewang Dargayབརྐྱབ་སྲོལ་འགུག་མས་རང་རྐྱང་ཕུང་པོའི་ལུ་རྟེན། །
- ཚེ་དབང་དར་རྒྱས་ Tshewang Dargayངའི་གི་མི་ཕོག་ཟེར་མི་མནོ། །
- ཚེ་དབང་དར་རྒྱས་ Tshewang Dargayརྩ་བཞུགས་མནོཝ་མས་གངས་ཅན་བོད་ལུ་མིན། །
- ཚེ་དབང་དར་རྒྱས་ Tshewang Dargayབདག་གི་མདོ་ཕག་སྡོམས་པའི་ལུགས་གཉིས་བཟུང་། །
- ཚེ་དབང་དར་རྒྱས་ Tshewang Dargayསྐུ་གཉིས་ཕྱི་འགྱུར་བསགས་པའི་རང་སུ་མེན། །
- ཚེ་དབང་དར་རྒྱས་ Tshewang Dargayདགེ་སློང་ཐམས་ཅན་མང་སུ་འགོ་མཇུག་མས། །
- ཚེ་དབང་དར་རྒྱས་ Tshewang Dargayསྐྱབས་ན་འགོ་མཇུག་དར་བར་བོད་ལུགས་སུ། །
- ཚེ་དབང་དར་རྒྱས་ Tshewang Dargayསངས་རྒྱས་བསྟན་པ་གནང་ཞིན་བོད་ལུ་གསུངས། །
- ཚེ་དབང་དར་རྒྱས་ Tshewang Dargayམངའ་བདག་རྒྱལ་པོ་འཁྲུལ་བཙུན་བདུད་བཙོན་གྱིས། །
- ཚེ་དབང་དར་རྒྱས་ Tshewang Dargayབྱང་ཆུབ་སེམས་པ་མགུ་འདོད་བསགས་པའི་ན། །
- ཚེ་དབང་དར་རྒྱས་ Tshewang Dargayམགུ་དོན་བསམ་པ་སེམས་པ་མགུ་དོན་གཉིས། །
- ཚེ་དབང་དར་རྒྱས་ Tshewang Dargayམགུ་གཅིག་ཡོད་རུང་མགུ་དོན་བཞུགས། །
- ཚེ་དབང་དར་རྒྱས་ Tshewang Dargayསངས་རྒྱས་བསྟན་པ་སྟོན་ཚད་བོད་ལུ་སྟོན། །
- ཚེ་དབང་དར་རྒྱས་ Tshewang Dargayའདི་ཡི་འགོ་ཁྲིབ་ལྷོ་སྨོན་དབང་ལུ་འཁྱབས། །
- ཚེ་དབང་དར་རྒྱས་ Tshewang Dargay?
- ཚེ་དབང་དར་རྒྱས་ Tshewang Dargayབྱིན་རླབསཆེ་བ་ཆགས་མི་དུས་འགྱུར་ན། །
- ཚེ་དབང་དར་རྒྱས་ Tshewang Dargayབླ་མ་སྟོབས་ལྡན་འདི་ལས་འཐེན། །
- ཚེ་དབང་དར་རྒྱས་ Tshewang Dargayཔདྨ་དུང་སྲིད་འཐེན་པའི་གདུང་མཁར་བར། །
- ཚེ་དབང་དར་རྒྱས་ Tshewang Dargayཔདྨ་གླིང་པའི་སྲས་ཀྱི་གདུང་པ་གནང་། །
- ཚེ་དབང་དར་རྒྱས་ Tshewang Dargayཁ་ལྟག་ལི་ཁ་ཟ་ཁང་དར། །
- ཚེ་དབང་དར་རྒྱས་ Tshewang Dargayམཚོ་པད་སྐུའི་ཅན་མའི་ཐང་སྐུ་ལོག །
- ཚེ་དབང་དར་རྒྱས་ Tshewang Dargayགུས་ཞག་པའི་ལེགས་པའི་བུ་གཞི་འདྲ། །
- ཚེ་དབང་དར་རྒྱས་ Tshewang Dargayདགོན་ནུབ་མོ་རྒྱལ་པོའི་རིམ་བརྒྱུད་ལོག །
- ཚེ་དབང་དར་རྒྱས་ Tshewang Dargayགཡུས་ཀྱི་མ་ཎི་སྦྱང་ས། །
- ཚེ་དབང་དར་རྒྱས་ Tshewang Dargayདུས་བཞི་སྒྲོལ་མོ་ཁྲབ་ད་མ་གཞི། །
- ཚེ་དབང་དར་རྒྱས་ Tshewang Dargayསྒྲོལ་མོ་ཁྲབ་ད་དུས་བཞི་མ་གཞི་ལུང་ཕྲང་དུ། །
- ཚེ་དབང་དར་རྒྱས་ Tshewang Dargayཆུ་ཡར་ལས་སྒྲུབ་ཆུ་ཨིན་མས་ཟེར་མནོ། །
- ཚེ་དབང་དར་རྒྱས་ Tshewang Dargayརྩ་ཡོད་པའི་རྩ་ཐོག་པས་རྩ། །
- ཚེ་དབང་དར་རྒྱས་ Tshewang Dargayགནས་རྩ་གདན་ད་མཚན་གཅིག་ནང་ཐོག་གཉིས་ལས། །
- ཚེ་དབང་དར་རྒྱས་ Tshewang Dargayདོན་བཅུའི་དམ་ཐོག་ཨུ་རའི་ཚངས་ནང་། །
- ཚེ་དབང་དར་རྒྱས་ Tshewang Dargayསྡོམས་འདིའི་དུས་གསུམ་ཐོག་སངས་དང་ཕྱག་ན་རྡོ་རྗེ་གིས། །
- ཚེ་དབང་དར་རྒྱས་ Tshewang Dargayསྐྱིད་འཁོར་ནང་ཨོ་རྒྱན་རིན་པོ་ཆེའི་ཞབས་ལྟག་ལུ། །
- ཚེ་དབང་དར་རྒྱས་ Tshewang Dargayལྟག་ལུའི་ཨ་མ་མང་གིས་མེ་ཏོག་ཆུང་རུང་མཆོད་པའི་ཟས་ཟེར་མི་འདི། །
- ཚེ་དབང་དར་རྒྱས་ Tshewang Dargayགཏམ་འོག་ཐུག་ནང་ལུ་གསོལ་ཇ་དང་མ་ལུས་སྔར་ལྟག་བུ་གནང་། །