Skip to main content Skip to search
17 Aug 2018
4 min 6 sec
Video Overview
Creators: 
Norzin Lhamo

The actual name of the village was Deyla but Geyla has become popular among the people. The village has Sanga Choeling Lhakhang in the middle with the flowing water below it. The river is significantly different from any other rivers, it is seen as of flowing in a upward direction. To the north of the village there lies a cypress tree believed to be the walking stick of Nangsay Kinga and there is red soil which is considered as blessed soil. When the village people build a house they go and collect a handful of red soil and mix with other muds because they believe that the family in that house would be blessed and would ensure a happy life.

 

གཡུས་མཚན་འདི་གི་ མིང་འདི་ཧེ་མ་འབད་བ་ཅིན་ བདེ་བ་ཅན་གྱི་ཞིང་ཁམས་དང་ འདྲ་ནི་འདི་གི་བདེ་ལ་ཟེར་སླབ་སྲོལ་ཡོད་རུང་ ད་རེས་ནངས་པར་ མི་གིས་བློ་སླབ་ད་ སླབ་དགོ་མ་བདེ་བ་གེ་ལ་ཟེར་སླབ་སྟེ་དར་ཁྱབ་སོང་ཡོདཔ་ཨིན། གཡུས་མཚན་འདི་གིས་སྦུག་ལུ་རང་ གསང་བསྔགས་ཆོས་གླིང་ལྷ་ཁང་ཡོདཔ་དང་ ལྷ་ཁང་འདི་རྣམ་པར་སྣང་སའི་ཞིང་ཁམས་འབད་ རྩི་དོ་ཡོདཔ་མས་ དེ་ལས་བྱང་ཁ་ཐུག་ལུ་དོན་ཡོན་གྲུབ་པའི་ཞིང་ཁམས་དང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ དེ་ལས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཟེར་ ས་ཆགས་ཉམས་དགའ་ཏོག་ཏོ་འབད་ཡོདཔ་ཨིན་མས། གཡུས་དེ་གིས་ མགོ་ལུ་ཡོད་པའི་ སྣང་སྲས་ཀུན་དགའི་ཕྱག་ཁར་ ཙན་དན་ཤིང་འདི་གི་འོག་ལས་ཡོད་པའི་ས་དམརཔོ་འདི་ ས་བྱིན་རླབས་ཅན་འབད་རྩིཝ་ལས་ ཁྱིམ་རྐྱབ་པའི་སྐབས་ས་གཞན་དང་སླ་སྲེ་རྐྱབ་སྟེ་འབད་བ་ཅིན་ ཁོ་གིས་བྱིན་རླབས་གནང་འོང་ ཟེར་ཡིད་ཆེ་བསྐྱེད་དོ་ཨིན་མས།

 

Transcript search
No results found for this search
0 of 0
  • སྲི་རྒྱས་རྡོ་རྗེ
    ༼རྟ་རྐྱབ་འོང་ཟེརཝ་ད་ ག་ལ་འདི་པའི་ལྷ་ཁང་འདི་ ང་བཅས་རའི་ བོད་ཆོས་ཀྱི་རྒྱལ་པོའི་ ཟངས་མདོག་དཔལ་རི་གཉིས་པ་ཨིན་མས་བ་ལགས། སྟེ་དེ་ལས་ཤར་གྱི་རྟགས་བརྐྱབ་འོང་ཟེརཝ་ད་ ཁ་ཕར་ཤར་གྱི་༼དབང་ལས་གའུ་ ༽་རི་རྟ་བཟུམ་སྦེ་ཅིག་ཡོད་ཟེར་ཨིན་ལགས། ཨ་ནི་ཤར་ཕྱོགས་སྔོན་པར་དགའ་བའི་ཞིང་ཁམས་སྦེ་བཞག་ནི་ཟེར། སྟེ་དེ་ལས་ ནཱ་ལས་འབདཝ་ད་ ང་གི་ ང་མཚམས་ཁང་ནང་འགྱོ་འགྱོཝ་ཨིན། ནང་པ་ནངས་ཚེ་ ༼གཞན་ཚོན་༽ གཏང་ནི་ཟེརཝ་ད་ ཨ་ཡི་ནང་སྟེ་ བྱང་དོན་ཡོན་གྲུབ་པ་ཞིང་ཁམས་ཨིན་ཟེར་ སྟེ་ནཱ་༼སྐྱབས་མགོན་རིན་པོ་ཆེ་མགོ༽ཟེར་མི་འདི་ ང་བཅས་མཚམས་ཁང་ཚུར་ཁ་ལུ་ རྡོ་ཨ་ནི་༼བྱག་སྦེ་རུ་པའི་ཤུ་གུ༽ བཟུམ་སྦེ་ར་ཡོད་ལགས།
  • ད་ཨ་ཡི་རྩེ་གུ་གི་རི་བོ་སེར་པོ་འདི་ ཨ་ནཱ་ཨིན་ཟེར། སྟེ་ དེ་ལས་ཏེ་ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འདི་འབདཝ་ད་ ནུབ་བྱག་དམརཔོ་འདི་ཨ་དཱ་ང་གིས་དོན་དག་ཁྱོད་ལུ་ཞུ་ཡི་མེན་ན་ལགས། ཨ་ཡ་ཤིང་མགུ་ཏོག་སྐམ་སྦེ་ ར་ཏོག་ཙན་དན་ཤིང་ ར་ཏོག་མ་སྐམ་པ་སྦེ་མི་ཅིག་ཡོད་ཟེར་ ད་ཨ་ནི་འོག་ལས་ ༼ས་མར་བཅུདའི་བཅུདའི༽ ཡོད་བ་ལགས། སྟེ་ སྔོན་མ་ང་བཅས་ཨ་ན་སྒོ་གུ་མཆོད་རྟེན་ནང་ལུ་ སྟེ་༼ཐགཔ་ཨ་ནི་སྦེ་ བྱ་ཐགསཔ་སྦེ་ གདུང་སྡོད་པའི་ནམ་དུས་ནང་ལུ་ སྟེ་ཨ་ན་ལུ་ ས་བྱིན་རླབས་ཞུ་བ་འོང་དགོ་བ་ལགས། ནུབ་བྱག་དམར་པོའི་ས་ཨིན་ཟེར།
  • ད་ས་འདི་ཁོ་རང་མ་པ་ ༼ལུག་གི་གའུ༽ མེན་པས་བ། སྟེ་ ས་འདི་ཁོ་རང་ས་ངར་ཀྲག་དྲག་སུ་ཅིག་སྦེ་ དགག་ནུག་བ། ས་འདི་ང་བཅས་ར་ ༼ཆང༽འདི་ ང་བཅས་གཞན་གྱི་ས་དང་བྱང་ཕྱོགས་ཀྱི་སླ་སྲེ་རྐྱབ་འོང་། ད་ཁོ་ཨ་ཙི་ཅིག་བླུགས་དགོ་མི་འདི་ ཁོ་གིས་བྱིན་རླབས་ལས་བརྟེན་ ནུབ་བྱག་དམར་པོའི་བྱིན་རླབས་འདི་ ཨ་ནི་སྦེ་ཨིན་ཟེར་ སྟེ་ཨ་ནི་སྦེ་བཙུགས་དགོ་པས་བ་ལགས།
  • སྟེ་དེ་ལས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འདི་ ཨ་ནི་ནགས་ཚལ་དང་ བདེ་བ་ཅན་གྱི་ཞིང་ཁམས་འདི་ནཱ་ ནུབ་༼ཐི་ཐི་ཐི་༽འབད་བ་ཅིན་ ཁོ་འདི་༼ཐག་རིང་༽ཁ་ཕར་སྦེ་ད་ སྟེ་ཨ་ནཱ་ སྔོན་མ་འབདན་ ༼ཕྱག་ས་༽མཆོད་རྟེན་ཟེར་ཡོད་བ་ལགས། ད་འདི་ནཱ་ ཤང་ས་ལ་བརྒལ་འདི་ཁྱོད་ཚུ་འགྱོ་ར་མི་འགྱོ་ད་ ཁྱོད་ཀྱི་འདི་ མི་མཁྱེན་འོང་། ད་ཨ་ན་འབདཝ་ད་ གཡག་རུ་ན་ཟེར་ གཡག་རུ་ཟེ་ཟེར་ ཟེ་ཨ་ནི་འབད་མི་ཅིག་ཡོད་བི་ལགས། ཨ་ནཱ་གི་ མ་པ་ནུབ་༼ཐི་ཐི༽འདི་ ཨ་ནཱ་ཕོག་ཨིན་ཟེར། སྟེ་ དེ་འབདཝ་ད་ ཞིང་ཁམས་འདི་ ཁ་ཡར་གྱིར་སུ་ཅིག་སྦེ་ ང་བཅས་ན་ཕོག་མཆི་ཡི་ཟེར་།
  • སྟེ་ དེ་ལས་ཁོའི་བརྒྱུད་ལེམ་ཟེར་འབད་མི་འདི་ སྟེ་ཨ་ནཱ་ང་བཅས་ཨ་ནཱ་ལྷ་ཁང་གདོང་བསྐོར་ནང་ ལྷ་ཁང་གིས་ཆུ་འདི་ ཆུ་ཨ་ནི་བཟུམ་ ག་སྟེ་ཡང་མི་འོང་ཟེར་ཨིན་ལགས།ལ་ལུ་ཅིག་ལས་ལྟ་བ་ཅིན་ ཁ་ཡར་ཏ་འདི་ཡང་ འཛེགས་ཡར་སོངཔ་བཟུམ་སྦེ་ ལ་ལུ་ཅིག་ལས་འབད་བ་ཅིན་ ཁ་མར་ཏ་ཡང་འབབ་ཡར་སོངཔ་བཟུམ་ སྟེ་ཨ་ནི་བཟུམ་ཁོ་ལས་བརྒྱུད་ཨིན་ཟེར་ད
  • སྟེ་ད་ང་བཅས་ན་ལ་ས་བཅད་པ་ཅིན་ཏེ་ གཡུས་རྣམ་པར་སྣང་སའི་ཞིང་གམས་འདི་ ག་སྟེ་རྩིས་ནི་སྨོ་ཟེར་བ་ཅིན་ ང་བཅས་སྦུག་ལུ་སྟེ་ གསང་སྔགས་ཆོས་གླིང་ལྷ་ཁང་འདི་ ཁོ་རང་རྩིས་ནི་ཟེར། སྟེ་དེ་ལས་ ཨ་ནཱ་ལས་བྱང་དོན་ཡོན་གྲུབ་པའི་ཞིང་ཁམས་འདི་ ག་སྟེ་ ད་རེས་ང་མཚམས་ཁང་ཡོད་ཟེར་ས་ནང་ རྩིས་ནི་ཟེར། སྟེ་ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་འདི་ ག་སྟེ་རྩིས་ནི་ཟེར་བ་ཅིན་ ཨ་ཕི་རི་རྟ་བཟུམ་སྦེ་ཡོད་ཟེར་ན་རྩིས་ནི་ཟེར་ཨིན་མས། དེ་ལས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་འདི་ ག་སྟེ་རྩིས་ནི་ཟེར་བ་ཅིན་ ང་བཅས་ཨ་ན་ལས་རྩིས་བའི་ཕྱིར་ སྟེ་ཨནཱ་ལས་མར་ ཁ་ཕར་༼སོ་སོ་ཟེར་༽ ཨ་ནི་སྦེ་ རི་ག་ར་༼རྒྱབ་བསྐོར༽འདི་སྦེ་ ༼ས་ཡི་ནང་ན་ལུ༽ཆོས་ཀྱི་དབྱིངས་སྦེ་ར་འོང་ཟེར་བཤདཔ་མས་བ་ལགས། འོང་སུ་འདི་ ཨ་ནི་སྦེ་ཨིན་ཟེར།
  • སྟེ་ཤར་གྱི་རྟ་༼དཔྱལཝ༽ ནུབ་ཀྱི་བྱག་དམརཔོ་ཟེར་ སྟེ་ཁོའི་བརྒྱུད་༼གླིངམོ༽ཟེར་ སྟེ་ ༼གྱང་ཁ༽རེ་རེ་སེརཔོ་ཟེར་མི་འདི་ ཨ་ནི་ཅིག་ནང་ཨིན་ཟེར་ སྟེ་ང་བཅས་ནཱ་གི་ས་ཆ་འདི་ ཆགས་ཐངས་ཨ་ནི་སྦེ་ཨིན་ཟེར་བཤདཔ་ཨིན་པས། དཔྱེ་འབད་བ་ཅིན་ བདེ་ལ་ཟེར་ བདེ་བ་ཅན་གྱི་ཞིང་ཁམས་ནང་ཨིན་ཟེར་ བདེ་ལ་ཟེར་སླབ་ཨིན་ཟེར་ཨིན་མས་མེན་ན། སྟེ་དེ་འབདཝ་ད་ ང་བཅས་མི་གིས་བློ་སླབ་ད་ སླབ་དགོ་མ་བདེ་བ་འབད་ཤིག་ ད་ད་རེས་གེ་ལ་ཟེར་སླབ་བཞག་ནུག་ཟེར་ ཧེ་ཧེ།
  • སྟེ་ད་རོགས་མར་ཆོས་ནང་ལས་འབད་བ་ཅིན་ བདེ་ལ་ཟེར་འཐོན་འོང་ཟེར་ ཏེ་ང་བཅས་ཁ་གིས་སླབ་དགོ་མ་བདེ་བ་འབད་ནི་དེ་གིས་ཏེ་ གེ་ལ་ཟེར་ཏེ་ ཨ་ནི་སྦེ་སླབ་སྡོད་ཨིན་ཟེར། སྟེ་ཕར་དང་ཚུར་ ཐག་རིང་ས་འགྱོ་བ་ཅིན་ ང་བཅས་གེ་ལ་ལས་ཨིན་ཟེར་ཝ་ད་ ཨ་ནི་གེ་ལ་ཟེར་མི་འདི་ ང་བཅས་ནང་ རྐྱངམ་ཅིག་ར་ཨིནམ་འདྲས་བོ། སྟེ་ཡུདཔ་ཅིག་གི་མར་གེ་ལ་ཟེར་ཡོད་བ་སྨོ་ ཨ་ནི་ནང་ཨིན་ན་མནོ་ གེ་ལས་ཁ་ལས་ཨིན་ན་ཟེར་བ་ཅིན་ ཧ་ཧ་ ཨ་ནི་གཉིས་མིང་བཅོག་ར་འཐད་ནི་འདི་གི