Video Overview
A group of women from Kuengarabten village in Trongsa district sing various antagonistic tsangmo verses, emplying criticism, ridicule and/or insults. Such tsangmo poems are called dralu. Formers often sing tsangmo as entertainment to offset the tedium of fieldwork. Tsangmo poems are mainly sung by young girls and boys in an exchange, though can also be sung solo or as a group without any particular dialogue.
༉ གློག་བརྙན་འདི་ནང་ ཀྲོང་གསར་རྫོང་ཁག་ཀུན་དགའ་རབ་བརྟན་གཡུས་ཚན་གྱི་ཨམ་སྲུ་ཚུ་གིས་ རྩང་མོ་དག་པ་ཅིག་འཐེན་ཏེ་ཡོདཔ་ད་ རྩང་མོ་ཚུ་ག་ར་དགྲ་གླུ་སྦེ་འཐེན་ཏེ་ཡོདཔ་ཨིན་རུང་ མཇུག་ལུ་གཉེན་སྦེ་འཐེན་ཏེ་མཇུག་བསྡུཝ་ཨིན་པས། རྩང་མོ་འདི་ཧེ་མ་འབད་བ་ཅིན་ ལཱ་འབད་ས་ལས་ཕར་ སྤྲོ་བ་གི་ཐོག་ལས་གཅིག་གིས་གཅིག་ལུ་ལན་འཇལ་ཡི་རང་ འཕྲལ་འཕྲལ་དགའ་མཐུན་གྱི་ཚིག་དང་ འཕྲལ་འཕྲལ་དགྲ་ཚིག་ཚུ་ལག་ལེན་འཐབ་སྟེ་འཐེན་སྲོལ་ དར་ཁྱབ་ཆེ་ཏོག་ཏོ་སྦེ་སྡོད་ཡོདཔ་ཨིནརུང་ ད་རེས་ནངས་པར་ སློབ་གྲྭ་ནང་ལས་ཕར་ རིག་རྩལ་འགྲན་བསྡུར་གྱི་དོན་ལས་ཨ་ཙི་རེ་ལག་ལེན་འཐབ་མ་གཏོགས་ ཧེ་མ་བཟུམ་སྦེ་འཐེན་སྲོལ་གནམ་མེད་ས་མེད་ཅིག་མིན་འདུག
- Trongsa
- Dragteng
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཆུ་མོ་ལྡིང་ཤོག་ལ་ལྡིང་ཤོག །ཉིན་མཚན་མེད་པར་ལྡིང་ཤོག །ཉ་མོ་རང་གི་བློ་གཏད། །རྡོ་རྗེ་བྲག་ལ་ལུས་སོང་། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: (Laughs)
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཆུ་མོ་ཡས་ལས་འོང་ཚེ། འུར་སྒྲ་ལོང་ལོང་ལ་འོང་དོ། ཟམ་པ་མཐོང་ས་མེད་པ། ཆོ་མོའི་ལ་དྲུང་(?)ལ་ཐལ་སོང་།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: (Laughs)
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཆུ་མོ་ག་དེ་མཐོ་རུང་། ཟམ་པའི་འོག་རང་ལ་ཨིན་མས། ཟམ་པ་ག་དེ་མཐོ་རུང་། རྐང་པའི་འོག་རང་ཨིན་པས།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ལྕང་མོ་སྔོ་ལྕང་བསྒང་ལ། རྟིའུ་ཅུང་རང་གི་ཟ་སོང་། ལྕང་མོ་རག་རོག་འགྱུར་ཚེ། །སུ་གིས་ཟ་རུང་ཟ་གེ །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: རྟ་ལ་གཞོན་ན་མཐོ་དྲག བོང་ལ་གཞོན་ན་ལ་དམའ་དྲག ལས་ངན་གཡུ་ཅུང་གྲུ་དཀར།གཞོན་རྟ་ལ་ཁྱིད་ནས་ལ་ལོག་འགྲོ།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཤིང་མོ་ཨ་ཁྲ་ལ་ཤིང་ལ། མེ་ཏོག་དམར་ཁྲ་ལ་ཤིག་ཤི། ལས་འཕྲོ་མེད་པའི་ཤིང་མོ། ལྟེ་བ་ལ་སྐུ་ཤོག(?)་ལོང་སོང་། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: རྡོ་རྗེ་བྲག་གི་ལོག་ལ། ཟིམ་ཟིམ་བྱ་མོའི་ཚང་འཚོལ། ལོ་གསུམ་སྡོད་དགོ་བསམ་པ། །ཞག་གསུམ་སྡོད་ས་མ་ཐོབ། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཤེལ་དཀར་བྲག་གི་ལ་སྐེད་པ། བྱི་མི་ཐགས་གཅིག་ལ་འཐག་ཡོད། །དནི་ད་འཐག་ལུང་མིན་འདུག འཐག་ས་ལྟད་མོ་བལྟ་དོ། །
- དབའི་བཏུབ་པས་ Laughs
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཕར་གྱི་བྲག་གི་ལ་ལོག་ལ། མེ་ཏོག་ཨུ་དུམ་བཱ་ར། བཅག་ན་ལགཔ་གིས་མ་བཟོད། མ་བཅག་སེམས་ཀྱིས་མ་ཚུགས། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཤ་བ་ལ་བརྒལ་ལ་ལུང་བརྒལ། ཤ་ཕྲུག་སེམས་ཀྱི་ལ་བག་ཆགས། འགྲོ་དགོ་ཐང་ལས་མེད་པ། མཉམ་དུ་ལ་འཁྱིད་རུང་དགའ་སོང་།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཤ་བ་ལ་མོ་བརྒལ་སོང་། ལ་མོ་སྨུག་པ་ལ་སྤུབས་སོང་། འགྲོ་དགོ་ཐང་ལས་མེད་པ། །མཉམ་དུ་འཁྱིད་རུང་དགའ་བས། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: རྟ་ཕོ་རྟ་གཅིག་གཡང་ཀ མཐོ་བའི་ལ་མོ་བརྒལཝ་མས། རྒོད་མ་རྟིའུ་གི་ཨ་ཞེས། མིག་ཆུ་ཤོར་ཤོར་བུདཝ་མས། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ལྷས་སའི་སྦ་སྒོར་ནང་དུ། སྤྲུལ་པའི་བྱང་ཆུབ་སེམས་དཔའ། ཐོབ་ན་རྩེད་མོ་རྩེད་གེ །མ་ཐོབ་བརྐུ་མ་རྐྱབ་གེ །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: རི་མགོ་མཐོ་རུང་མཐོ་གེ རི་མཇུག་དམའ་རུང་དམའ་གེ །བྱ་འདི་ཁྲུང་ཁྲུང་དཀར་མོ། ཆགས་ས་མེད་པ་མི་ལུས། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: སྤང་གི་ལྷ་བྱ་ལ་གོང་མ། །སྤང་ལ་ཡར་མ་ཡུར་དོ། ང་དང་ཨ་མའི་ཨོ་ལོ། སེམས་ལ་ཡར་མ་ཡུར་མོ། །
- ཨའེ་དབའི།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ལྷས་ས་ཀུན་ར་ནང་ལུ། དྲིལ་བུ་བརྒྱ་དྲིལ་ལ་སྟོང་དྲིལ། གསུང་ལ་ཧན་པའི་དྲིལ་བུ། གཅིག་ལས་མ་གཏོགས་མིན་འདུག །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཕར་རི་སྤང་གི་ལོག་ལ། བསིལ་དྲོད་ལྡན་པའི་ལ་ཨོམ་ཆུ། ལྟོ་ཆུ་ཁ་ལས་ཨོག་ན། ཧོག་མ་རྟིང་ལས་ལོང་མས། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཡར་ཡར་སེར་པོའི་ལ་རི་ལ། ཡུང་དཀར་སེར་པོའི་མེ་ཏོག མེ་ཏོག་མིག་ལ་མཛེས་སོང་། འབྲས་བུ་ལག་ལ་འབྱུང་སོང་། །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: འབྱུང་ན་གསེར་གྱི་འཛུབ་དཀྱི། མ་འབྱུང་དངུལ་ཀྱི་འཛུབ་དཀྱི། །ལྟས་ངན་རག་གི་མཛུབ་དཀྱི། བདག་ལ་དགོས་པ་མིན་འདུག །
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ལྟ་ན་མཐོང་ས་ལ་འདུག་ཟེར། རི་མགོ་ཡས་ཀྱི་ལ་ལྟ་སོང་། འགྲོ་ན་སླེབས་ས་འདུག་ཟེར། །འགྲོ་བའི་ལ་རང་དབང་མ་འབྱུང་། །
- ཨ་ལ་དབའི་་་ཧ་ཧ་་།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: མཛུབ་དཀྱི་ཆུང་ཆུང་གཅིག་ལ། གཡུ་གསུམ་ཁྱབ་པ་ལ་འདུག་གོ གསར་པའི་ལས་འཕྲོ་ཡོད་ན། །རྙིང་པའི་ལ་གོང་ཐང་སྒྲིགས་ཤོག །
- ཨའོ་དབའི་ ཨང་རྒས་གསུམ།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: རྟ་པོ་མ་གཞོན་ལ་གོང་ནས། སྒ་ཆ་ཡག་པོ་ལ་བཟོ་ད། ལུས་པོ་མ་འབྲས་གོང་ནས། བདེན་བརྫུན་ལ་ཡག་པོ་གསུང་ད། ཟེར།
- ཀུན་དགའ་རབ་རྟེན་གྱི་ཨམ་ཚུ/Women from Kuengarabten: ཐོ་རངས་བྱ་གི་དང་པ། སུ་རེད་ཨ་ལས་འདི་དང་། ང་དང་ཆུང་འབྲས་བྱམས་པ། སྙིང་ཐོག་ལ་བཤད་་་་ལུས་སོང་། (???)
- བཏུབ་ད་ འ་ནེ་ཅིག་སྦེ་བཞག་གེ་ འུ་སྡུག་ཅི།
- འུ་སྡུག་པས་ག? ཧ་ཧ་་་་།