17 Aug 2018
4 min 32 sec
Video Overview
Creators:
Dudul Dorjee
འདི་ནི་ཐན་པ་བྱུང་བའི་ས་ཞིག་ནས་བུ་ཞིག་གིས་རྡོ་སྟེང་གི་འབྲུག་ཅིག་བསྐྱབས་ནས་ཆར་ཆུ་རྒྱས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་ས་ཆ་ཞིག་ལ་ཐན་པ་བྱུང་ནས་ཆར་ཆུ་ཅི་ཡང་མེད་པ་ན་བུ་ཞིག་ཆུ་འཚོལ་དུ་སོང་། ཁོ་སོང་སོང་བ་ན་རྡོ་སྟེང་དུ་འབྲུག་གི་རི་མོ་ཡོད་པ་ཞིག་ལ་ཐུག་ཅིང་། འབྲུག་རིས་དེའི་ཁ་གྲག་ནས་ཁོ་བསྐྱབས་ན་ཆར་ཆུ་འོང་ཟེར། དེ་ནས་ཁོ་ཕྱིར་ཡུལ་ལ་ཡོང་ཞིང་འདང་ཞིབ་མོ་བརྒྱབ་ནས་སླར་འབྲུག་རིས་དེ་ཡར་བསྐྱབས་པས་འབྲུག་དེ་ནམ་མཁར་འཕུར་ཞིང་ཆར་ཆུ་མོད་པོ་བབས།
这是一则关于一位男孩通过挽救一只刻雕刻在岩石上的龙而带来雨水拯救旱灾的故事。
这个故事主要讲述了,从前某个地方因出现干旱,人们都感到非常焦虑。于是,一位男孩决定出去找水。男孩走着走着,在一块岩石上,他看见一条龙的图案。不料,那条龙开口对男孩说如果你把我解救出来,我就帮忙给你们带来雨水。男孩决定回去仔细思考一番。等他考虑周详后回来解救了那条龙。随后,只见那条龙飞向空中,天空顿时下起了倾盆大雨。
The story of a boy who stops the drought by saving a dragon on a big rock.
- སྒྲོལ་མ་མཚོ།གནའ་ཞིག་ལ་ས་ཆ་ཞིག་ན་ཨ་ཡེ་མ་བུ་གཉིས་ཡོད།
- ཨ་ཡེ་ཡི་བུ་དང་མ་བུ་གཉིས་ཀ་ཡོད།
- དེ་ནས་ས་ཆ་དེར་ཆར་མ་བབས་པར།
- དེ་ལྟར་ས་ཆ་དེར་ཆར་མ་བབས་པར་ལོ་འགའ་འགོར་ནས།
- ལོ་ཡུན་རིང་འགོར་ནས་རྩྭ་མ་སྐྱེས་པར།
- སྡོང་བོའི་ལོ་མ་ཚང་མ་སྐམ་ནས་བསྡད་ཡོད།
- དེ་ནས་བུ་དེས་འདང་བརྒྱབ་ནས་ཁོས་ཆུ་བཙལ་ནས་མ་ཡོང་ན།
- ཨ་མ་སྐོམ་ནས་ཤི་རྒྱུ་རེད།
- ཁོ་ཡང་ཤི་རྒྱུ་རེད་ཟེར།
- དེ་བས་བུ་དེ་ཆུ་བཙལ་དུ་སོང་།
- དེ་ལྟར་སྒང་མགོ་རིང་ཐུང་ལ་སོང་།
- བྲག་གསེང་རིང་ཐུང་ལ་སོང་ནས།
- དེ་ནས་བུ་དེ་ཆད་ནས་མ་བཟོད་པར།
- རྡོ་ཞིག་གི་སྟེང་ལ་འཁེན་ནས་བསྡད་དུས།
- དེ་ནས་ཤུགས་རིང་ཞིག་འཐེན།
- ཤུགས་རིང་ཞིག་འཐེན་ནས་འདི་ཅི་ཞིག་རེད་འདོད་ནས།
- ཁོ་གཉིད་པ་ཡིན་ཟེར་ནས་རྨི་ལམ་རྨིས་པ་འདོད་ནས།
- དེ་ནས་མིག་ཕྱེ་ནས་བལྟས་དུས་མི་མེད་པ་རེད།
- དེ་ནས་ཡང་ཅུང་འགོར་ནས་ཡང་ཤུགས་རིང་ཞིག་འཐེན་པ་རེད།
- དེ་ནས་ཁོ་ཡར་ལངས་ནས་བལྟས་དུས།
- ཁོ་སྔས་ནས་བསྡད་ཡོད་པའི་རྡོ་དེའི་ཐོག་ན།
- འབྲུག་གི་རི་མོ་ཞིག་ཡོད།
- དེ་ནས་ཅི་འདྲ་གང་འདྲ་འདོད་ནས་བསྡད་ཡོད་དུས།
- འབྲུག་དེས་སྐད་ཆ་བཤད་པ་ཡིན།
- རྡོ་གསེང་གི་འབྲུག་དེས།
- ཁྱོད་ཀྱིས་ས་ཆ་འདི་ནས་ཅི་ཞིག་བྱེད་བཞིན་ཡོད།
- ཁོང་ཚོའི་ས་ཆ་ནས་སྡེ་བ་སྡེ་བར་ཆར་མ་བབས་པར།
- ས་ཆ་ཚང་མ་སྐམ་ནས་འགྲོ་བཞིན་ཡོད།
- ཁོས་ཆུ་བཙལ་བ་ཡིན་ཟེར།
- དེ་ནས་འབྲུག་དེས་ཁྱོད་ཀྱིས་ཁོའི་སྲོག་སྐྱབས་ན།
- ངས་ཁྱོད་ཚོའི་ས་ཆ་ལ་ཆུ་ཡོང་དུ་འཇུག་ཐུབ་ཟེར།
- དེ་ནས་བུ་དགའ་ནས་ཕྱིར་སོང་།
- ཡ་དེ་ན་ང་འགྲོ།
- ཐོ་བ་ཁྱེར་ནས་ཡོང་སྟེ་ཁྱོད་ཀྱི་སྲོག་སྐྱབས་ཟེར།
- ཕྱིར་སོང་ནས་ཐོ་བ་དང་སྟ་རེ་བཟུང་ནས།
- ཕྱིར་ལམ་ལ་ཆས་པས།
- ཨ་མས་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་ཅེས་དྲིས།
- དེ་ནས་ཨ་མ་ལ་ཁོ་དེ་རིང་སོང་ན།
- བྲག་གསེང་ཞིག་ན་དེ་འདྲ་ཞིག་ཡོད།
- དེ་ཚང་མ་ཁ་ཚང་བཤད་ནས།
- ཨ་མས་ཁྱོད་མ་འགྲོ་སྟེ་དེ་འདྲེ་ཡིན་པ་འདྲ།
- འདྲེ་ཞིག་མིན་རུང་དེ་བྲག་ལ་འབྲེལ་ནས་བསྡད་ཡོད་ན།
- ཁྱོད་ཀྱིས་རྡོ་གསེང་ནས་དེ་བླངས་ན་དེ་ཤི་འགྲོ་བ་རེད།
- དེ་ལྟར་བཤད་པས་བུ་དེས་འདང་རྒྱབ་ནས།
- དེ་ལྟར་ཡིན་པ་འདྲ།
- དེ་ལྟར་མ་སོང་བ་རེད།
- མ་སོང་བར་བསྡད་ནས་དགོང་མོ་གཉིད་སོང་།
- ནམ་གུང་ཞིག་ལ་ཁོ་ཡིས་རྨི་ལམ་རྨིས་པ་ཡིན།
- འབྲུག་དེས་རྨི་ལམ་རྨིས་ནས།
- འབྲུག་དེས་ཁྱོད་ཅི་ཞིག་ལ་དེ་རིང་ངའི་སྲོག་སྐྱོབ་ཏུ་མ་ཡོང་བ་ཡིན།
- བུ་དེ་ཁོ་ཕྱིར་ཡོང་ནས་ཁྱོད་ཀྱི་སྲོག་སྐྱོབ་ཏུ་འགྲོ་དུས།
- ཁོའི་ཨ་མའི་ཁྱོད་འདྲེ་ཞིག་ཡིན་པ་འདྲ།
- འདྲེ་མིན་རུང་ཁྱོད་དེའི་ཁྲིམས་ལ་འགལ་ཡོད་ན།
- ཁྱོད་དེ་ལྟར་རྡོ་གསེང་ནས་ངས་བླངས་ན་ཡང་།
- ཁྱོད་ཤི་འགྲོ་བ་འདྲ་ཟེར།
- ཁོ་མ་ཡོང་བ་ཡིན།
- དེ་ལྟར་བཤད་པས་འབྲུག་དེ་ཡིས།
- སྐྱོན་མེད་དེ་ཁྱོད་ཀྱིས་ཁོའི་སྲོག་སྐྱོབ་བཏང་ན།
- ཁོ་རྡོ་གསེང་དེ་ནས་ལོ་ཡུན་རིང་ཞིག་ལ་དབུགས་ལེན་མ་ཐུབ།
- ཁྱོད་ཀྱིས་ངའི་སྲོག་བསྐྱབས་བཏང་ན།
- ཁོ་ཉིན་གང་ཡིན་རུང་བསྡད་བཏང་ན།
- དབུགས་གཅིག་ལངས་ན་ཡང་འཇིག་རྟེན་ན།
- ཁོ་ཤི་སོང་ན་འགྱོད་པ་མེད།
- བུ་དེར་ཞུ་བ་བྱས་ནས།
- བུ་དེས་ཡ་ཡ་ཞེས་ནངས་མོ་སྔ་མོར་ཁོ་ཡོང་ནས་སྲོག་སྐྱོབ་ཟེར།
- ནངས་མོ་སྔ་མོར་ཨ་མ་ཤེས་སུ་མ་བཅུག་པར་བུ་དེ་བུད་སོང་།
- སོང་ནས་རྡོ་དེར་ཐོ་བ་ཡིས་བརྒྱབ་ནས།
- སྟ་རེ་ཡིས་བརྒྱབ་ནས་རྡོ་དེ་བཅག་པ་རེད།
- བཅག་སྟེ་ནང་ནས་འབྲུག་ལྗང་གུ་ཞིག་གནམ་ལ་འཕུར་སོང་།
- འབྲུག་གྲགས་ནས་ས་ཆ་དེར་ཆར་བབས་ནས།
- དྲག་ཆར་ཡོང་ནས་དེ་ལྟར་བྱས།
- ས་ཆ་དེར་ཆུ་ཡང་ཡོང་བ་རེད།
- དེ་ནས་འབྲུག་དེ་འཕུར་ནས་གནམ་ལ་བུད་སོང་།
- ལྷ་ཡུལ་ལ་བུད་སོང་།