17 Aug 2018
3 min 27 sec
Video Overview
Creators:
Dudul Dorjee, Tibetan & Himalayan Library
འདི་ནི་རྒྱལ་པོ་ཞིག་གིས་རྟ་རྫི་རྫུན་མི་སྨྲ་བ་ཞིག་ལ་རྒྱལ་པོའི་་རྟ་འདང་ཅན་གསོད་དུ་བཅུག་ཀྱང་རྟ་རྫིས་རྫུན་མ་བཤད་པའི་གཏམ་རྒྱུད་ཅིག་ཡིན།
这是一则关于国王让一位诚实的马夫杀死国王最心爱的马,而马夫没有撒谎说出事实的故事。
The story of a king's horse keeper who does not lie, even when told to kill the king's most beloved horse.
གཏམ་རྒྱུད་འདིའི་ནང་དུ་རྒྱལ་པོ་ཞིག་ལ་རྟ་རྫི་རྫུན་མི་སྨྲ་མཁན་ཞིག་ཡོད་པར་རྒྱལ་པོ་གཞན་ཞིག་གིས་དེ་ལ་གནག་ཆེད། བུད་མེད་ཅིག་ཉུལ་མར་མངགས་ནས་རྒྱལ་པོའི་རྟ་འདང་ཅན་དེ་གསོད་དུ་བཅུག་ནས་རྟ་རྫིས་རྫུན་ཨེ་བཤད་བརྟག་ཀྱང་རྟ་རྫིས་རྫུན་མ་བཤད་པས་ཁོ་ཕམ་སོང་།
这个故事主要讲述了国王有一位诚实的马夫,他从来不说慌。有一天,另一位国王为了陷害他,要求他杀死国王最心爱的马并派了一位女奸细去探查他在国王面前是否说谎。马夫说出了事情的真相而没有跟国王撒谎,因此那个试探他的国王输给了马夫。
- ལྷ་དཔལ་སྐྱབས།གནའ་ཞིག་ལ་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་དེར་རྟ་རྫི་ཞིག་ལ།
- རྟ་རྫི་ཅང་ཤེས་ཟེར་བའི་རྟ་རྫི་ཞིག་ཡོད།
- དེའི་གམ་ན་རྒྱ་ཕྱུག་པོ་ཞིག་ཡོད།
- རྒྱ་ཕྱུག་པོ་དེའི་བུ་མོ་རྟ་རྫི་དེར་ཆུང་མ་ལ་བྱིན།
- དེ་ནས་བུ་མོ་དང་རྒྱ་གཉིས་ཀྱི།
- རྒྱ་རྒན་ཕ་བུ་གཉིས་ཀྱི་ཁོག་གཅིག་པ་རེད།
- རྒྱ་རྒན་ཕ་བུ་གཉིས་ཀྱིས་རྒྱལ་བོའི་རྒྱལ་ས་ལེན་འདོད་ནས།
- བུ་མོ་དེ་ཆུང་མར་བྱིན་ནས།
- བུ་མོ་དེར་ངན་བསླབས་ནས་ཁྱོད་ཀྱིས་དེ་ལྟར་ཤོད་ཟེར།
- དེ་ནས་བུ་མོ་དེ་མནའ་མར་བྱིན་ནས།
- ཨ་ཡེ་ལ་བྱིན་ནས།
- མནའ་མར་བྱིན་ནས།
- བུ་མོ་དེས་ཉིན་འགའ་འགོར་རྗེས་མོར་ན་ཚ་བྱུང་འདུག་ཟེར།
- དྲག་རྒྱུ་མེད་དེ་མི་དྲག་གི་ཟེར།
- ཁྱོད་ལ་སྨན་ཅི་ཞིག་མཁོ་ན་ངས་ཁྱེར་ཡོང་ཟེར་ནས།
- ཅི་ཞིག་བཟང་བ་ཡིན།
- རྟ་རྫི་ཅང་ཤེས་ཀྱི་སྙིང་མེད་ན་མོ་མི་དྲག་གི་ཟེར།
- དེ་ཟོས་ན་མོ་ད་ལྟ་དྲག་འགྲོ་བ་རེད།
- མྱུར་དུ་དྲག་འགྲོ་བ་རེད།
- རྟ་རྫི་ཅང་ཤེས་ཀྱི་སྙིང་ཡོད་པ་མ་རེད་ཟེར།
- དེ་མེད་ན་མོ་མི་དྲག་གི་ཟེར།
- དེ་ནས་ཁོས་རྟ་རྫི་ཅང་ཤེས་ཀྱི་སྙིང་གིས་དྲག་འགྲོ་ན།
- དེའི་ངོ་མ་ཆོད་པར་རྟ་རྫི་ཅང་ཤེས་བསད་ནས་སྙིང་བྱིན་པ་རེད།
- དེ་ནས་རྒྱ་རྒན་གྱིས་སྙིང་དེ།
- བུ་མོས་སྙིང་དེ་ཁྱེར་ནས་རྒྱ་རྒན་ལ་བྱིན་པ་རེད།
- རྒྱ་རྒན་གྱིས་སྙིང་དེ་ཁྱེར་ནས་རྒྱལ་བོའི་ཕོ་བྲང་ནང་དུ་བུད་སོང་།
- དེའི་ཕྱི་ཉིན་རྒྱལ་བོས་བོས་པ་རེད།
- ཡང་རྟ་རྫི་གཞན་པ་ཚོ་སོང་བ་རེད།
- ཉིན་དེར་སྟེར་བ་རྒོད་མ་ཅང་ཤེས་ཤིག་ཡོད།
- དེ་ནས་ཡ་རྟ་རྫི་ཛམ་བྷ་ལ་ཁྱོད་ཐོན་པ་རེད་དམ།
- ཁོ་ཐོན་པ་ཡིན་ལགས་ཟེར།
- ཡ་རྟ་རྫི་ཅང་ཤེས་ཀྱི་སྐུ་བདེ་མོ་ཡིན་ནམ།
- ལྷའི་དཀར་ནག་གི་སྐུ་ཁམས་བཟང་ངམ་ཟེར།
- རྟ་རྫི་ཅང་ཤེས་མི་བཟང་ཟེར།
- དེ་གོང་ནས་བཤད་པ་དེ་འདྲ་རེད།
- ཕུ་བོ་བསད་ནས་མགོར་ཁོའི་ཞ་མོ་གོན་ནས།
- ཁོས་རྫུན་བཤད་ན་ཅི་འདྲ་ཞིག་ཡིན་པ་དེ་ལྟར་བཤད།
- ཡང་ཕ་རོལ་ལ་སོང་ནས་ཕྱིར་ཡོང་ནས།
- ཁོས་བདེན་པ་བདེན་ཐུབ་བཤད་ན་ཅི་འདྲ་རེད།
- ཡང་མགོར་ཞ་མོ་གོན་ནས།
- ཡང་གཉིས་ཀ་བསྡད་པ་རེད།
- ཡར་མགོ་ལ་འགྲོ་མི་ཉན།
- ངས་བདེན་པ་བདེན་ལུགས་བཤད་ཡོད།
- ཁོ་ཡིན་རྒྱུ་ན།
- རྒྱ་རྒན་འདིའི་བུ་མོ་ཁོའི་ཨ་ཡེ་ལ་འདུག་ཏུ་བཅུག
- མོར་ན་ཚ་བྱུང་འདུག
- རྟ་རྫི་ཅང་ཤེས་ཀྱི་སྙིང་མེད་ན་མི་དྲག་གི་ཟེར་ནས།
- ངས་རྟ་རྫི་ཅང་ཤེས་བསད་ནས།
- མོ་བྲོས་པ་རེད།
- དེ་རིང་འགོ་མ་ལ་དེར་བལྟ།
- རྒྱ་རྒན་གྱིས་གཅིག་གིས་བཤད་ནས་གཅིག་གིས་བཤད་ནས།