17 Aug 2018
5 min 22 sec
Video Overview
Creators:
Dudul Dorjee, Tibetan & Himalayan Library
འདི་ནི་ཨ་སྐྱི་བ་གཉིས་དབུས་ལ་འགྲོ་བའི་ལམ་བར་དུ་དགོན་པ་དུག་སྦྲུལ་གྱིས་གཙེས་པ་ཞིག་ལ་ཐོན་ཏེ། དེ་ནས་་དུག་སྦྲུལ་ཞིག་བཏུལ་བའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་ཨ་སྐྱི་བ་གཉིས་དབུས་ལ་འགྲོ་སྐབས་ལམ་ནས་དགོན་པ་ཞིག་ལ་ཐོན། དགོན་པ་དེར་དུག་སྦྲུལ་ཅིག་གིས་གཙེས་ནས་དགོན་པའི་ནང་དུ་གྲྭ་བ་གཅིག་ཀྱང་མེད་པར་གནས། དེ་ནས་གྲྭ་བ་རྒན་པ་ཞིག་གིས་གླ་རྩི་དུག་སྦྲུལ་དེ་ལ་ལྡུད་ཐུབ་ན་དུག་སྦྲུལ་དེ་འདུལ་ཐུབ་ཟེར། ཁོང་གཉིས་ཀྱིས་དེ་ལྟར་བྱས་པས་དུག་སྦྲུལ་དེ་བཏུལ་ཐུབ་སོང་བས་དགོན་པས་ཁོང་གཉིས་ལ་བཀའ་དྲིན་ཚད་མེད་ཞུས།
这是一则关于两位朝圣者在去卫藏朝圣的路上遇见一个被毒蛇袭击的寺院,然后他们杀了那条蛇并拯救寺院的故事。
这个故事主要讲述了两位朝圣者在去卫藏朝圣的途中来到了一座寺院。这座寺院因被毒蛇袭击,寺中的和尚们都逃走了,寺院空无一人。之后,一位老和尚告诉两位朝圣者如果能用麝香喂毒蛇,毒蛇必死无疑。于是,他们照着这个办法杀死了毒蛇并由此得到了寺庙的感谢。
The story of two pilgrims saving a monastery attacked by poisonous snakes on their way to Utsang.
- ཚེ་བདག་རྒྱལ།དེང་མ་ཞིག་ལ།
- ཨ་སྐྱི་བ་གཉིས་ཇ་འཁུར་ནས།
- ཡར་སྟོད་ལ་སོང་།
- སོང་སྟེ་ལམ་ནས་ཡར་འཁོར་ནས་སོང་སྟེ།
- བར་ཞིག་ལ་དགོན་པ་ཞིག་དང་འཕྲད།
- སོང་ནས་དགོན་པ་ཞིག་དང་འཕྲད་ནས།
- ངེད་གཉིས་དགོན་པ་དེར་འགྲོ་དང་།
- བྱ་བ་ལམ་དུ་བུད་ཐལ།
- དེའི་ཡར་ལ་དགོན་པ་དེར་སོང་དུས།
- དགོན་པ་དེར་ཡིན་རྒྱུ་ན་ཅི་ཡང་མེད་གི
- ཇ་ལྟེམ་ནས་ཁ་ཞགས་སྐེག་ནས་བཞག་ཡོད།
- འདི་ཅི་ཞིག་ཡིན་ནམ།
- འདི་གང་ལ་བུད་སོང་ངམ་ཞེས།
- དེ་ནས་ངེད་གཉིས་ཀྱིས་བཙལ་དང་།
- མི་ཞིག་ཨེ་རྙེད་དམ་ཟེར་ནས་བཙལ་ནས་སོང་དུས།
- བླ་རྒན་ཞ་བོ་ཞིག་དང་འཕྲད།
- དེ་ནས་ཅི་ཞིག་ཡིན་ནམ།
- ཁྱོད་གཉིས་དེ་ལྟར་འདུག་རན་མིན།
- བྱ་རྒྱལ་ཁྱུང་གིས་དུག་སྦྲུལ་ཞིག་གནམ་ལ་འཁུར་སོང་།
- དུག་སྦྲུལ་དེ་གནམ་ནས་མ་ཐུབ་པར།
- ཐང་ལ་ལྷུང་སོང་།
- ཐང་ལ་ལྷུང་སྟེ་དུག་སྦྲུལ་དེ་ཡོང་ནས།
- དགོན་པ་དཀྱུས་བརྒྱབ་ནས།
- དགོན་པ་ཟ་རྒྱུ་ཟེར་ནས།
- དཀྱུས་རྒྱག་ས་ནས་གྲྭ་བ་ཚང་མ་བྲོས་སོང་།
- ཁྱོད་གཉིས་ཀྱང་འདུག་པའི་ཚད་ཅིག་མིན།
- ཁྱོད་གཉིས་སོང་།
- མ་སོང་ན་ཐོན་རྒྱུ་རེད།
- ཡ་དེ་གསོད་སྤྱད་འདྲ་བ་ཡོད་པ་ཨེ་རེད།
- དུག་སྤྱད་འདྲ་བ་དེ།
- ཡོད་པ་མ་རེད།
- ཨ་མདོ་ས་ན་གླ་རྩི་ཟེར་བ་སྨན་བཟང་པོ་ཞིག་ཡོད་པ་རེད།
- དེ་ཡོད་ན་དུག་སྦྲུལ་དེ་སོད་པ་རེད།
- དེ་མིན་ན་དུག་སྦྲུལ་སོད་པ་མ་རེད།
- དུག་སྦྲུལ་ཆེན་པོ་ཡིན་པ་རེད།
- སོད་པ་མ་རེད་ཟེར།
- དེ་ནས་གཅིག་གིས་ཁོའི་དཀར་ཡོལ་ནང་ན་གླ་རྩི་ཞིག་ཡོད།
- དེ་ཡིན་ན་བྱ་བ་ལམ་འགྲོ་ཡིན་པ་རེད།
- ཁྱོད་གཉིས་ཀྱིས་གླ་རྩི་དེ་བཟུང་ནས།
- རྩམ་པའི་ནང་དུ་བསྡུས།
- རྩམ་པའི་ནང་དུ་བསྡུས་ནས།
- ཁྱོད་གཉིས་ཀྱིས་ཁྱེར་ནས་སོང་སྟེ།
- དུག་སྦྲུལ་ཕ་རོལ་གན་ན།
- ཉག་ཅིག་ཡོད་པ་དེ་ནི་དུག་སྦྲུལ་ནུར་ནས་ཡོང་ས་ཡིན།
- གན་གི་ལམ་ནང་གན་ནས།
- ཕ་རོལ་ངོས་ནས་མར་འཁོར་སའི་ལམ་ནང་གན་ན།
- ཁྱོད་གཉིས་ཀྱིས་རྩམ་པ་དེ་ཕར་ཚུར་ལ་གཏོར་ནས།
- དེ་ལྟར་བྱས་ན་དུག་སྦྲུལ་དེས་གླ་རྩི་དེ་ཟོས་དུས།
- དུག་སྦྲུལ་དེ་ཤི་འགྲོ་བ་རེད།
- དེ་ལྟར་བཤད།
- དེ་ལྟར་བཤད་པར་ཡ་ཟེར།
- དེ་ལྟར་རྩམ་པ་བརྫིས་ནས།
- གླ་རྩི་དེ་ལྟར་ཁྱེར་ནས་སོང་སྟེ།
- དེར་རྩམ་པ་གཏོར་རྗེས་ཕྱིར་ཡོང་ནས་བསྡད།
- ཡ་ཁྱོད་གཉིས་ཀྱིས་ལྟོས་དང་།
- རྡོ་ནམ་མཁར་བརྩིང་ནས་ཡོང་ངེས།
- དེ་འདྲ་ཞིག་འབུད་དུས་དུག་སྦྲུལ་ཡོང་བཞིན་ཡོད།
- དེ་ལྟར་བཤད།
- དེ་ལྟར་བཤད་རྗེས་གཉིས་ཀས་བལྟས་ནས་བསྡད་དུས།
- རྡོ་ཡིས་རྡོ་བརྩིང་ནས་རིམ་པ་བཞིན་དུ་ཡོང་།
- དུག་སྦྲུལ་ཡོང་བཞིན་ཡོད།
- ཁྱོད་གཉིས་ཀྱིས་ལྟོས་ནས་སྡོད་དང་།
- ཕ་རོལ་ཉག་ཀ་ནས་ཡོང་བ་རེད།
- བར་ཞིག་ལ་ཉག་ཀ་ནང་ནས།
- རྭ་ཞིག་གི་མགོ་དེ་འདྲ་ཞིག་བུད་ཡོང་།
- ད་རུང་ཕུང་བོ་དང་རྔ་མ་རིག་རྒྱུ་མེད་གི
- དེ་ནས་མར་ངོས་ལ་ཐོན་དུས།
- ཕར་ཚུར་ལ་འཁོར་ནས།
- མགོ་ཕར་འཁོར་ཚུར་འཁོར་ནས།
- རྩམ་པ་དེ་ཟོས་ནས།
- དེའི་ཚད་ལ་བསྡད་པ་རེད།
- ད་ལྟ་ཅི་ཞིག་བྱེད།
- བསྡད་ཡོད་དམ་ཟེར་ནས་བསྡད་ཡོད།
- ད་ཡིན་ཏེ་བསད་པ་རེད།
- གྲྭ་བ་ཕྱིར་ཨེ་ཡོང་ངམ།
- ཕྱིར་ཡོང་ངེས་ཏེ་སྐོར་བ་བྱེད་དུ་ཡོང་།
- གྲྭ་དམངས་ཕྱིར་ཐོན་པ་རེད།
- ཐོན་དུས་དུག་སྦྲུལ་བསད་པ་རེད།
- གན་དེ་ལྟར་སྐྱུར་ནས་དབུགས་ཡོང་རྒྱུ་རེད།
- གན་གི་མགོ་གཅོད་དགོས་ཟེར་ནས།
- དེ་ནས་མགོ་བཅད་ནས་དུག་སྦྲུལ་དེ་བཏུལ་བ་ཡིན།
- དེའི་རྗེས་ནས་གྲྭ་བ་དེ་གཉིས་ཀ།
- དགོན་པ་དེས་རྒྱུ་ཟེར་བ་གྲངས་མེད་པ་ཞིག་བྱིན་ནས།
- དེ་ནས་ས་དེ་ནས་དེ་ལྟར་བསྡད་པ་རེད།