Skip to main content Skip to search
17 Aug 2018
14 min 36 sec
Video Overview
Creators: 
Dudul Dorjee, Tibetan & Himalayan Library

འདི་ནི་བུ་མོ་གསུམ་ལས་ཆུང་བ་སྦྲུལ་གྱི་ཆུང་མ་བྱས་པར་གཅེན་མོ་ཚབ་ཏུ་སོང་སྟེ་གཅུང་མོ་བསད་ཀྱང་མཐར་ཀླུའི་རྒྱལ་བུ་དང་འཛོམས་པའི་གཏམ་རྒྱུད་ཅིག་ཡིན།

གཏམ་རྒྱུད་འདིའི་ནང་དུ་རྒན་པོ་ཞིག་ལ་བུ་མོ་གསུམ་ཡོད་པར་རྒན་པོས་བུ་མོ་གསུམ་གྱི་རེ་བ་འགྲུབ་པར་བྱས་ཤིང་། བུ་མོ་ཆུང་བའི་རེ་བ་ལྟར་མེ་ཏོག་ལྟ་ན་སྡུག་པ་ཞིག་བཏོག་པ་ན་སྦྲུལ་གྱིས་བུ་མོ་གསུམ་ལས་གཅིག་ཆུང་མར་སྟེར་དགོས་ཟེར། བུ་མོ་ཆེ་གཉིས་ནི་འཐད་པ་མ་བྱུང་བ་དང་བུ་མོ་ཆུང་བ་འཐད་དེ་སྦྲུལ་གྱི་ཆུང་མར་སོང་། དོན་དུ་སྦྲུལ་དེ་ནི་ཀླུ་ཞིག་ཡིན་ལ་བུ་མོའི་འཚོ་བ་ཤིན་ཏུ་ལེགས། ནམ་ཞིག་བུ་མོ་ཡུལ་ལ་སོང་བར་གཅེན་མོས་མོའི་འཚོ་བ་ཚོར་ཏེ་ཚབ་ཏུ་སོང་ཞིང་གཅུང་མོ་བསད། གཅུང་མོ་བྱིའུ་ཞིག་ཏུ་སྐྱེས་ཀྱང་གཅེན་མོས་བསད། ཚེར་མ་ཞིག་ཏུ་སྐྱེས་ཀྱང་གཅེན་མོས་བསྲེགས། མཐར་གསེར་གྱི་འཕང་ལོ་ཞིག་ཏུ་སྐྱེས་ནས་ཀླུའི་རྒྱལ་བུ་དང་མཉམ་འཛོམས་བྱུང་ཐུབ་སོང་།

这个故事主要讲述了一户人家有三个女儿,小女儿做了蛇妻。然而,姐姐把妹妹杀死后代替妹妹做了蛇妻。妹妹在经过了几次的投胎轮回,最终和龙王的儿子得以重聚。

这个故事主要讲述了一位老人有三个女儿,老人满足了每个女儿的愿望。他按照小女儿的愿望给她摘一朵美丽的鲜花时一条蛇要求将他的一个女儿嫁给它。两个大女儿都不愿意嫁给蛇,而小女儿答应嫁给了那条蛇。原来那条蛇是龙王的儿子,小女儿过上了富裕的生活。有一次,小女儿回到家探望亲人,姐姐见妹妹过得幸福,于是,悄悄把妹妹杀死自己替代了妹妹。后来,妹妹投胎变成小猫被姐姐杀死,又投胎变成荆棘被姐姐烧成了灰。最终,妹妹投胎为金轮和龙王的儿子得以重聚。

The story of a family of three daughters and the jealously, rage and murder that ensues when the youngest daughter marries a naga prince.

Transcript search
No results found for this search
0 of 0