Video Overview
An old childless couple unexpectedly gaves birth to a frog prince in their later years.
འདི་ནི་རྒན་རྒོན་གཉིས་ལ་བུ་མེད་པར་སྦལ་བུ་ཞིག་སྐྱེས་ནས་རྒྱལ་པོ་ཚང་གི་བུ་མོ་གསུམ་གྱི་ཆུང་བ་ཆུང་མར་བླངས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་རྒན་རྒོན་གཉིས་ལ་བུ་མེད་པར་སྐྱོ་སྡུག་གིས་གནས་པའི་སྐབས་སུ་རྒན་མོའི་པུས་མོ་ནས་སྦལ་བ་ཞིག་སྐྱེས་ཤིང་། སྦལ་བ་དེ་འཚར་ལོངས་བྱུང་རྗེས་རྒྱལ་པོ་ཚང་གི་བུ་མོ་ཆུང་མར་ལེན་རྒྱུ་ཡིན་ཟེར། རྒན་རྒོན་གཉིས་ཀྱིས་བཀག་ཀྱང་མ་ཁོག་པར་རྒྱལ་པོ་ཚང་ལ་སོང་ནས་ངུ་དགོད་ལྡིང་གསུམ་གྱི་མཐུ་རྩལ་བསྟན་ནས་རྒྱལ་པོའི་བུ་མོ་ཆུང་བ་ཆུང་མར་བླངས། ཉིན་ཞིག་སྟོན་མོའི་ཐོག་ཏུ་རྒྱལ་པོའི་བུ་མོ་ཆེ་གཉིས་ཀྱིས་མི་དཀར་རྟ་དཀར་ཞིག་ཐོན་པ་མཐོང་། དོན་དུ་དེ་ནི་སྦལ་བུ་དེ་ཡིན། བུ་མོ་ཆུང་བས་ཉིན་ཞིག་རྒྱལ་བུའི་སྦལ་ཤུན་བསྲེགས་པ་ན་རྒྱལ་བུ་ཁོ་དང་ཁ་གྱེས་བྱུང་།
这个故事主要讲述了一对没有孩子的老夫妇,在他们晚年生下了一只青蛙王子。后来,这只青蛙王子顺利迎娶了国王的最小女儿-第三公主。
这个故事主要讲述了一对老夫妇一直没有孩子,正当他们伤心绝望的时候,老奶奶的膝盖里生出了一只青蛙。而且,这只青蛙告诉老夫妇,等他长大了,他要迎娶国王的女儿为妻。两位老人没能拦住前去求婚的儿子,他用哭、笑、闹的办法顺利迎娶了国王的小女儿。在婚礼上,国王的两位长公主看见了一位骑着白马穿着白衣的王子,其实那个人就是青蛙王子。后来,有一天小公主悄悄地烧毁了青蛙皮。因此,青蛙王子也离公主而去。
- འབྲུག་སྐྱིད།གནའ་ཞིག་ལ།
- རྒན་མོ་ཞིག་ཡོད་པ་རེད།
- རྒན་མོ་ཡིས་ཚེ་གང་བོར་རྐང་བ་ན་བ་རེད།
- ཉིན་ཞིག་ལ་རྐང་བའི་ཐོག་ན་སྐྲངས་འབུར་ཞིག་ཡོད་པ་རེད།
- དེ་ཕྲ་ནས་ནང་ནས་སྦལ་བ་ཞིག་ཐོན་པ་རེད།
- སེམས་ཅན་གྱིས་ཁྱོད་ཀྱི་སྦལ་བ་དེ་ཕྱིར་འཕེན་དང་ཟེར།
- རྒན་མོ་ཡིས་མོས་ཕྱིར་མི་འཕེན་ཟེར།
- མོའི་ཤ་མཆེད་ཀྱི་བུ་ཕྲུག་འདྲ་བ་ཡིན་ཟེར་ནས།
- དེ་ནས་སྦལ་བ་གཉོར་ནས་ཉིན་ཞིག་སྦལ་བ་ཡིས་སྐད་ཆ་བཤད་པ་རེད།
- དེ་ནས་ཉིན་ཞིག་ཨ་མ་ཁྱོད་སོང་ལ།
- ཨ་ཁུ་རྒྱལ་བོ་ཚང་གི་བུ་མོ་ཚོའི་ནང་ནས་ང་ལ་མནའ་མ་སློང་ཟེར།
- ཁྱོད་ངེད་གཉིས་སྦལ་བ་ཞིག་ལ།
- ཨ་ཁུ་རྒྱལ་བོ་ཚང་གི་བུ་མོ་ཚོ་སྟེར་ནི་མ་རེད།
- མོ་མི་འགྲོ་ཟེར།
- མོ་སྐྲག་གི་ཟེར་ནས་མ་སོང་བ་རེད།
- དེ་ནས་མི་འགྲོ་ན་ཁོ་འགྲོ་ཟེར་ནས་ཁོ་སོང་བ་ཡིན།
- ཁོ་སོང་ནས་ཨ་ཁུ་རྒྱལ་བོར།
- ཁྱོད་ཚང་གི་བུ་མོ་གཅིག་ཁོ་ལ་མནའ་མ་བྱིན་ཟེར།
- སྦལ་བ་ཁྱོད་འདྲ་བ་ཞིག་ལ་ཁོང་ཚང་གི་བུ་མོ་སྟེར་རམ།
- མར་ལ་སོང་ཟེར།
- དེ་ནས་སྦལ་བ་ཡིས་ཁོ་ངུ་རྒྱུ་ཟེར།
- ཁྱོད་ངུས་ནས་མི་ཚད་ཕྲ་སོང་ན་ཡང་སྟེར་ནི་མ་རེད་ཟེར།
- དེ་ནས་སྦལ་བ་ངུས་ནས།
- ཨ་ཁུ་རྒྱལ་བོ་ཚང་ཆར་བབས་ནས་མཁར་ཁང་བ་འཁུར་ལ་ཉེ་བ་ཞིག་བྱས།
- དེ་ནས་ཡང་ཁྱོད་མ་ངུ་དང་སྟེར་ཟེར།
- དེ་ནས་ཡང་མི་སྟེར་ཟེར།
- ཡང་མི་སྟེར་ཟེར་ནས་སྦལ་བ་སོང་ནས་ཕྱིར་འཕེན་ཟེར།
- དེ་ནས་ཁོ་དགོད་རྒྱུ་ཟེར།
- ཁྱོད་བགད་ནའང་མི་སྟེར་ཟེར།
- དེ་ནས་སྦལ་བ་བགད་ནས།
- བགད་ནས་ཨ་ཁུ་རྒྱལ་བོ་ཚང་གི་མཁར་ཁང་བ་ཚང་མ་འདར་ནས་ལོག་སོང་།
- དེ་ནས་ཡང་སྟེར་ཡ་ཟེར་ནས།
- དེ་ནས་ཐབས་མེད་པར་སྦལ་བ་ལ་བུ་མོ་གཅིག་མནའ་བ་བྱིན་པ་རེད།
- དེ་ནས་བུ་མོས་གཞན་ཚང་ཞིག་གིས་སྟོན་མོ་བྱེད་བཞིན་ཡོད་ལ།
- མོ་དེའི་སྟོན་མོ་ལ་འགྲོ་རྒྱུ་ཟེར།
- སྟོན་མོ་ལ་སོང་བའི་ཕྱི་དྲོ།
- སྟོན་མོ་ལ་བལྟ་རྒྱུ་ཨེ་ཡོད་གི་ཟེར།
- སྟོན་མོ་ལ་བལྟ་རྒྱུ་མེད་གི་ལ།
- ནང་ན་མི་དཀར་པོ་རྟ་དཀར་པོར་ཞོན་པ་ཞིག་ཡོད་པ་དེ་ལ་བལྟ་རྒྱུ་ཡོད་གི་ཟེར།
- དེ་ནས་ཨོད་ཟེར་ནས་རྗེས་ནས་ཡང་གཞན་ཞིག་གིས་སྟོན་མོ་བྱེད་བཞིན་ཡོད།
- ཡང་བུ་མོ་སྟོན་མོ་ལ་སོང་།
- དེ་ནས་ཡང་སྟོན་མོ་སོང་ནས།
- ཕྱིར་ཡོང་དུས་སྦལ་ཤུན་ཕུད་ཡོད།
- མོ་ཡི་རྒད་པོས་སྦལ་ཤུན་ཕུད་ཡོད།
- དེ་ནས་མོ་ཡིས་སྦལ་བའི་ཤུན་པགས་མི་ལེགས་གི་ཟེར་ནས།
- མྱུར་དུ་ཐབ་ཁུང་ནང་དུ་བརྫངས།
- དེ་ནས་རྒད་པོ་ཡུལ་ལ་ཐོན་ནས།
- ཁྱོད་ཀྱིས་སྦལ་ཤུན་ཐབ་ཁོང་ནང་དུ་བརྫངས་བ་དེ་མ་འགྲིག་ཟིག
- ཁོ་ལ་ན་ཚ་བྱུང་ནི་རེད་དེ་ལྟར་བཤད།