Skip to main content Skip to search
19 Jul 2018
1 min 17 sec
Audio Overview
Creators: 
Yeshi Wangchuk

Senggé Rindzin elucidates how to play the Zab Drelm cymbal note, which usually sounds when the recitation text is about to conclude.

བཀའ་བརྒྱུད་དང་ རྙིང་མའི་ཆོག་ག་ ག་ཅི་བཏང་རུང་ ལེགས་ཤོམ་སྦེ་མཁྱེན་མི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ ད་ལྟོའི་གློག་བརྙན་འདི་ནང་ བྲེམ་ལས་འཛབ་འདི་ ག་དེ་སྦེ་ལེན་དགོཔ་ཨིན་ན་ དཔེ་སྟོན་འབདཝ་མས། ཏེ་ཁོ་གི་འབདབ་ཅིན་ ཆོག་ག་འདི་ ཧ་ལམ་མཇུག་བསྡུ་བའི་བསྒང་ལས་ བྲེམ་ལས་འཛབ་ལེནམ་ཨིན་ཟེར་བའི་ཁུངས་སྦེ་བཤདཔ་ཨིནམ་ད་ ཆོག་གའི་ཚིག་མ་རྫོགས་ཚུན་ཚོད་ འཛབ་དབྱངས་འགོ་འདི་ར་རྡུང་དགོ་དོ་ཡོདཔ་ད་ ཚིག་རྫོགས་དོ་ཟེརཝ་ད་ འདི་ལས་དབྱངས་འགོ་ལས་བསྟོད་མཇུག་ཟེར་ མཆོད་མཆོག་ཟེར་རུང་ བཀྲིས་ཀྱི་རོལམོ་འདི་ རྡུང་དགོཔ་ཨིན་མས། 

Transcript search
No results found for this search
0 of 0
  • སེང་གེ་རིག་འཛིན་ Singye Rigzin
    ད་ ད་ནཱ་ལས་མར་ ད་ ཨ་ནཱི་ ད་ ནཱ་ལས་མར་འབྲེལ་མ་ལས་ དེ་ལས་ ད་ མཇུག་བསྡུ་དོ་བཟུམ་ཅིག་ ཚིག་རྫོགས་དོ་བཟུམ་ཅིག་ཨིན་ ད་ འབྲེལ་མ་ལས་འཛབ་ཟེར་མི་འདི་ལེན་ནི་ མར་ལས་འཛབ་བསྙེན་པ་འཛབ་ལེན་ནི་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ཨུ་ཌུ་ཌུ་་་ གཅིག་གཉིས་ གསུམ་བཞི་ ལྔ་དྲུག་ བདུན་བརྒྱད་ དགུ་་་ ཧེ་ཧེང་་་ ཧེང་་་ ཧེང་ ཧེང་་་ ཨུ་ཌུ་ཌུ་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ འ་ནཱི་འཛབ་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་ ཚིག་དང་འཁྲིལ་ཏེ་ འཛབ་དབྱངས་འགོ་ཟེར་མི་འདི་ཨིན་འདི་དེ་ ད་ ཚིག་མ་རྫོགས་ཚུན་ཚོད་དབྱངས་འགོ་རང་འགྱོ་འོང་ ད་ཚིག་རྫོགས་དོ་ཟེརཝ་ད་ དབྱངས་འགོ་ལས་འདི་ལས་ སྟོན་མཇུག་ཟེར་ ད་སྟོན་མཇུག་ཟེར་མི་འདི་ཨིན།