19 Jul 2018
1 min 59 sec
Audio Overview
Creators:
Yeshi Wangchuk
Senggé Rindzin from Ura gewog shares how to play the cymbals for prostration. In the Drukpa Kagyü school of Bhutan, cymbals are sounded once the supplication prayer recitation has concluded. The cymbal is one of the important ritual instruments used in the prostration ritual.
ང་བཅས་ར་ ཆོས་ལུགས་ག་ཅིའི་ལུགས་ལས་འབད་རུང་ ཕྱག་འཚལ་རོལམོ་རྡུང་ཞིནམ་ལས་ ཆོག་ག་འགོ་བཙུགས་ནི་འདི་ ལམ་ལུགས་ཅིག་ཨིནམ་ད་ ད་ལྟོ་འབད་བ་ཅིན་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་ལས་ ཕྱག་འཚལ་རོལམོ་གི་གྱང་ཁ་འདི་ གསལ་བཤད་རྐྱབ་མས། ཏེ་ཆོག་ག་ག་ཅི་བཏང་རུང་ ནམ་མཁའ་དང་ལས་འགོ་བཙུགས་ཏེ་ བླ་མའི་བརྒྱུད་འདེབས་ཆ་མཉམ་ བཏང་ཚར་བའི་ཤུལ་ལུ་རྡུངམ་ཨིནམ་ད་ ཕྱག་འཚལ་རོལམོ་རྡུང་ཚརཝ་ཅིག་ འདི་ལས་ཆོག་ག་དངོས་གཞི་འདི་ ཤ་ར་ར་སྦེ་བཏངམ་ཨིན།
- སེང་གེ་རིག་འཛིན་ Singye Rigzinད་ད་རེས་ ནཱ་བླམ་ཡེ་ཤེས་ང་ལུ་ ད་ང་གིས་ཤེས་ཤེསཔ་མེད་རུང་ ནཱ་ལས་བཀའ་བརྒྱུད་ཀྱི་ འ་་་ད་སྐོར་ལས་ཀྱི་ ཏེ་ད་རོལ་མོ་ཅིག་ རགས་རོ་ཅིག་ ཏེ་ད་ང་ར་གིས་ ཤེས་ཤེསཔ་ཅིག་བཙུགས་ད་ཟེར་ ཨིན་པས་ ཏེ་ང་གིས་ཤེས་ཤེསཔ་འདི་མེད་ དེ་རང་འབད་རུང་།
- སེང་གེ་རིག་འཛིན་ Singye Rigzinནཱ་གི་བཀའ་མ་བཅགཔ་ཅིག་ ཡོད་ནི་འདི་ བཀའ་བརྒྱུད་འབད་རུང་ འདྲ་མ་འདྲ་རང་རང་སོ་སོ་ལེ་ཤ་འདུག་ལགས་ དེ་འབད་རུང་ ད་ ངེའི་ལུགས་སྲོལ་ལས་ ད་ ད་རེས་རགས་ཀ་རོ་ཀ་ཅིག་འབད་དེ་ཕུལ་ནི་ཨིན།
- སེང་གེ་རིག་འཛིན་ Singye Rigzinཕུལཝ་ད་ལུ་ བཀའ་བརྒྱུད་ཀྱི་ལུགས་ལས་ དང་པ་རང་ག་ཅི་འགྱོ་ནི་སྨོ་ཟེར་བ་ཅིན་ འགོ་འདི་ ཕྱག་འཚལ་རོལ་མོ་ཟེར་མི་འདི་འགྱོ་ནི་ཨིན་པས་ ཕྱག་འཚལ་རོལ་མོ་ཟེར་མི་འདི་ དང་པ་རང་མ་ནམ་མཁའ་དང་ལས་མར་འགོ་བཙུགས་ཏེ།
- སེང་གེ་རིག་འཛིན་ Singye Rigzinདེ་ལས་ གསོལ་འདེབས་འདི་ཚུ་ བླ་མའི་བརྒྱུད་པའི་གསོལ་འདེབས་འདི་ཚུ་གི་རྟིང་བདའ་སྟེ་ དེ་ལས་ ཕྱག་འཚལ་བ་དང་མཆོད་བརྗོད་བཤགས་པ་དང་། །རྗེ་སུ་ཡིད་རངས་ཀུན་ཏུ་བཟང་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གི་བྱང་ཆུབ་ཆེན་པོར་བསྔོ། ཟེར་ དེ་ལས་ ཕྱག་འཚལ་རོལ་མོ་ཨིན་པས་ལགས།
- སེང་གེ་རིག་འཛིན་ Singye Rigzinལགས་སོ་ ཨུ་རུ་རུ་་་་་་ ཧེང་་་་འེང་་་་་་འེང་་་་་་་་འེང་་་་་་་་་འེང་་་་ཧེང་་་་ འེང་་་་་ཧེང་་་ ད་འབེབས་ཆེན་ཟེར་ སླབ་མི་འདི་ཨིན་ འེང་་་་་འབེབས་ཆུང་ཟེར་སླབ་མི་འདི་ འེང་་་་་ཧེང་་་་་་གཅིག་་་་་གཉིས་་་་་གསུམ་་་་་བྱ།
- སེང་གེ་རིག་འཛིན་ Singye Rigzinགཅིག་་་ གཉིས་་་ གསུམ་བྱ་་་ གཅིག་ གཉིས་ གསུམ་ བཞི་ ད་ཕྱག་འཚལ་རོལ་མོ་འ་ནེ་ཅིག་ཨིན་པས་ལགས་ད།