Video Overview
Aum Kinley Wangmo of Ueserkha Village sings a zhungdra said to be dedicated to the goddesses of happiness and prosperity of the eastern region. It talks about the sun that shines high in the sky and blesses the world with warmth and brightness. As the song is constutited of auspicious lyrics, it is performed at important celebrations, ceremonies and gatherings. It is usually performed in a straight line with between five to twenty dancers.
༉ སྤུ་ན་ཁ་རྫོང་ཁག་ དཀར་སྦི་ས་རྒེད་འོག་ གཡུས་གསར་ཁ་གཡུས་ཚན་ལས་ཀུན་ལེགས་ཀྱིས་ གཞུང་སྒྲའི་གླུ་གཞས་ དགུང་དབྱིངས་མཐོན་པོའི་གླིང་ལ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་གཙོ་བོ་ར་ ཤར་ཕྱོགས་ལུང་ཕྱོགས་ནང་ ཞི་བདེ་དང་དགའ་སྐྱིད་ དེ་ལས་བཀྲ་ཤིས་ཕུན་སུམ་ཚོགས་ཏོག་ཏོ་སྦེ་གནས་བཅུག་མི་ ལྷ་དང་ལྷམོ་ཚུ་གི་དོན་ལུ་བརྩམས་བརྩམས་ཅིག་ཨིན་མས། དགུང་གི་ཁྲི་གདུགས་ཉིམ་འདི་གིས་ འཇིག་རྟེན་འཛམ་བུ་གླིང་གི་མུན་པ་སེལཝ་མ་ཚད་ ཚ་དྲོད་ཚུ་བྱིནམ་ལས་ བཀའ་དྲིན་ཆེ་ཤོས་ཅིག་ཨིན་པའི་ཆ་ལས་བསྟོད་པ་རྐྱབ་ཨིན་མས། གླུ་གཞས་འདི་ རྟེན་འབྲེལ་གྱི་ཚིག་གི་ཐོག་ལས་སྦེ་བརྩམས་ཡོདཔ་ལས་ རྟེན་འབྲེལ་བཟང་པོའི་དུས་སྟོན་ཚུའི་སྐབས་རྐྱབ་དོ་ཡོདཔ་ད་ གླུ་གཞས་འདི་རྐྱབ་པའི་སྐབས་ མི་ཉི་ཤུ་ལྷག་ཙམ་རེ་སྦེ་ གྱལ་རིངམོ་སྦེ་སྡོད་ཞིནམ་ལས་རྐྱབ་ཨིན། གླུ་གཞས་འདི་བརྩམས་མི་ག་ཨིན་ན་དང་ དུས་ཚོད་ག་དེ་ཅིག་ཁར་བརྩམས་ཡོདཔ་ཨིན་ན་ ག་གིས་ཡང་གསལ་ཏོག་ཏོ་ཅིག་མི་ཤེས་པས།
- Punakha
- ཀུན་ལེགས་/ Kunley:དགུང་དབྱིངས་མཐོན་པོའི་གླིང་ལ། །ཁྲི་གདུགས་ཉི་མའི་བཞུགས་ཁྲི། །
- ཀུན་ལེགས་/ Kunley:གཡང་མོ་དགའ་ལ་དགའ་ལ། །གཡང་མོ་སྐྱིད་ལ་སྐྱིད་ལ། །
- ཀུན་ལེགས་/ Kunley:གཡང་མོ་དགའ་བའི་ལྷ་ལྕང་མ། །ཤར་ཕྱོགས་ཀྱི་གླིང་ལ།། །།