Audio Overview
In 1981, the community bought twenty-five decimal land for the construction of monastery and a monastic college, which was completed in 1983. The monastic college belongs to the people of the southern region, but later it was handed over to the government. In the year 1984 Dilgo Khyentse Rinpoché was invited to visit and he conducted a three month long Peling Choekhor in the eleventh month. The sponsors were the monastic college, shopkeepers, civil servants. In 1985, the blessing of za tshen dru (rainbow blessing) and lung (oral transmission) were given by Lungdrup Rinpoche in the tenth and eleventh months. The sponsor was Lama Therchugla, the first appointed lama of Gelephu Rabdey.
ལྷ་ཕྱོགས་རྫོང་ཁག་ནང་ མི་སེར་ཚུ་གིས་ཆོས་ཀྱི་གོ་དོན་ཚུ་ ལེགས་ཤོམ་སྦེ་ཧ་གོ་ཐབས་ལུ་ ལྷ་ཁང་ཅིག་དགོཔ་བཞིན་དུ་ སྤྱི་ལོ་ ༡༩༨༡ ལུ་ ལྷ་ཁང་བཞེངས་ནིའི་དོནལུ་ས མི་སེར་ཚུ་གིས་ ས་ཆ་ ཌ་སི་མལ་ ༢༥ ཉོ་མི་ནང་ སྤྱི་ལོ་ ༡༩༨༢ ལུ་ ལྷ་ཁང་བཞེངས་ནི་འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༡༩༨༣ ལུ་མཇུག་བསྡུ་ཡོདཔ་ད་ ལྷ་ཁང་འདི་ཧེ་མ་ཚར་ཅིག་ མི་སྡེའི་སྒེར་གྱི་ལྷ་ཁང་ཨིནརུང་ ཤུལ་ལས་གཞུང་ལུ་རྩིས་སྤྲོད་འབད་ནུག། སྤྱི་ལོ་ ༡༩༨༤ ལུ་ ལྷ་ཁང་འདི་བཞེངས་ཚར་བའི་ཤུལ་ལས་ སྐྱབས་རྗེ་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་སྟེ་ པད་གླིང་ཆོས་འཁོར་གྱི་བཀའ་དབང་ཆ་ཚང་གནང་ཡོད་མ་ཚད་ སྐུ་གསུང་ཐུགས་ཀྱི་མནྜལ་ཕུལ་ཡོདཔ་ཡོདཔ་མས། ཐོ་བཀོད་དང་འཁྲིལ་བའི་སྐབས་ ལྷ་ཁང་འདི་ནང་ པད་གླིང་ཆོས་འཁོར་གྱི་དབང་འདི་ སྤྱི་ཟླ་ ༡༡ པའི་ནང་འགོ་བཙུགས་ཏེ་ ཟླ་ངོ་གསུམ་གྱི་རིང་ལུ་གནང་ཡོདཔ་ད་ དེ་བསྒང་སྦྱིན་བདག་འདི་ གྲྭ་ཚང་དང་ ཚོང་དཔོན་ ཞི་གཡོགཔ་ཆ་མཉམ་འབད་ཞིནམ་ལས་ མཉམ་རུབ་ཀྱི་ཐོག་ལས་སྦེ་འགོ་འཐབ་ཡོདཔ་ད་ སྤྱི་ལོ་ ༡༩༨༥ ལུ་གཞའ་ཚན་དྲུག་གི་དབང་དང་ལུང་འདི་ ཟླཝ་ ༡༠ པ་དང་ ༡༡ པ་ ཕྱེད་ཚུན་ཚོད་ཀྱི་བར་ན་ ལུང་འབྲུག་རིན་པོ་ཆེ་མཆོག་གིས་སྦེ་གནང་ནུག། ཏེ་དེ་བསྒང་སྦྱིན་བདག་འདི་ དགེ་ལེགས་ཕུག་རབ་སྡེའི་ བླམ་འགོ་ཐོ་མཛད་མི་ བླམ་ཐེར་ཅུང་ལ་གིས་མཛད་ཡོདཔ་ད་ ལྷ་ཁང་བཞེངས་དགོ་པའི་གནད་དོན་ངོ་མ་འདི་ར་ མི་ཚུ་གཅིག་ཁར་འཛོམས་བཅུག་ཞིནམ་ལས་ སངས་རྒྱས་ཀྱི་བསྟན་པ་འདི་ དར་ཞིང་རྒྱས་ཚུགས་བཟོ་ནིའི་མཐའ་དོན་ལུ་ཨིན་པས།
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoམ་པ་ང་བཅས་ནཱ་ ལྷོ་མཚམས་ཁ་ཐུག་གི་གྲྭ་ཚང་ཅིག་ཨིན་མས་བ། དེ་འབདཝ་ད་ཧེ་མ་འདི་ ང་བཅས་སྒེར་གི་འབད་སྡོད་ནུག ད་སྐབས་ཅིག་ལས་གཞུང་ལུ་རྩིས་སྤྲོད་སྦེ་ཞིནམ་ན་ལས།Actually, the Dratshang out here belongs to the people of Southern region. Before it was looked after by the general public (private) but later on it was handed over to the Government and after handing over to the Government.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoགནམ་ལོ་ ༡༩༨༡ ལོ་འདི་ནང་ལུ་ ང་བཅས་ལྷོ་མཚམས་གི་མི་གཅིག་ལས་ དྲིསི་༢༥ འབད་མི་ཅིག་ལན་ཏེ་ དེ་ལས་གནམ་ལོ་༡༩༨༢ དང་ ༡༣ གི་སྦུག་ན་ལུ་ ལྷ་ཁང་འདི་བསྒྲུབས་ནུག་བ། བསྒྲུབས་སྦེ་ཞིནམ་ལས་གནམ་ལོ་ ༡༩༨༤ ལུ་སྐྱབས་རྗེ་དིལ་གོ་མཁྱེན་བརྩེ་རིན་པོ་ཆེ་ཞུ་སྦེ་ཞིནམ་ན་ལས་ ལྷ་ཁང་གི་བརྡལ་དང་དེ་ལས་དཀྱིལ་འཁོར་བཞེངས་ཏེ་ པད་གླིང་ཆོས་འཁོར་ཆ་ཚང་དབྱིན་ཟླ་འབད་ཝ་ཅིན་ དབྱིན་ཟླ་ ༡༡ པ་ལས་འགོ་བཙུགས་ཏེ་ཟླ་ངོ་གསུམ་གྱི་རིང་ལུ་ཆོས་འཁོར་ཆ་ཚང་གནང་སྟེ་འདུག་བ་ གནང་ནུག ཏེ་གནང་སྦེ་ཞིནམ་ལས་ དེའི་སྐབས་ཀྱི་སྦྱིན་བདག་ཡང་གྲྭ་ཚང་འབད་ནུག་ དེ་ལས་ཚོང་པ་ གཞུང་གཡོགཔ་ཚུ་ག་ར་སྟབས་ཅིག་གུ་རུབ་སྟེ་འབད་ནུག་བ།In the year 1981 from one of our southern Bhutanese, 25 decimal land was brought and in between year the 1982 and 1983 the Lhakhang construction was finished. In the year 1984 after the construction of the Lhakhang Chabji Delgo Khentse Rinpoche was Invited. After inviting Rinpoche, Mandala was being placed where all numbers of Peling Choekhor was being placed. During the 11th month of the english calander the ritual of Peling Choekhor (offering made to Pema Lingpa) started and it lasted for aroung three months. During that time the sponsors were the Dratshang, shopkeepers, civil servants and they all did it together.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoཏེ་དཀྱིལ་འཁོར་དེའི་ཐོག་ལུ་ གནམ་ལོ་ ༡༩༨༥ ལུ་འཇའ་ཚོན་སོགས་དྲུག་གི་དབང་དང་ལུང་གྲུབ་རིན་པོ་ཆེ་གི་ཟླ་ ༡༠ པ་དང་ ༡༡ པའི་ཕྱེད་ཀ་རིང་ལུ་གནང་སྟེ་འདུག་བ། དེའི་སྐབས་སྦྱིན་བདག་ཡང་བླམ་ཐེར་ཅུང་ ཧེ་མ་ནཱ་གི་བླམ་དང་པ་ར་བླམ་ཐེར་ཅུང་འབད་དོ་བ་ བླམ་ཐེར་ཅུང་ལ་ དེ་ལས་ ཏེ་མེས་ཕོ་ཙ་ལྷུན་རྩེའི་ཁྲིམས་བགྲེས་གཉིས་དང་ དེ་ལས་རྫོང་བདག་དབང་འདུས་འདུག་བ། ང་བཅས་ནཱ་གི་འགོ་དང་པ་རྫོང་བདག་དབང་འདུས་མས།In the year 1985 on Mandala, the blessing of Za Tshen Dru(Rainbow blessing) and Lung (Oral transsmion) was given by Lung Drup Rinpoche on 10th month and the 11th (half) month. During that time, the sponsor was Lam Therchugla, The first Lam during that time was Lam Therchugla.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoརྫོང་བདག་དབང་འདུས་ཀྱི་དུས་ཚད་ ཨ་ནཱི་གནམ་མེད་ས་མེད་ཁ་གསལ་འབད་ཁོ་གི་ཨ་ཙི་རེ་ཤེས་པས། ཏེ་ཁོ་གིས་འབད་ཞིནམ་ལས་ ལས་རོགས་རྫོང་བདག་དབང་འདུས་ རོགས་རམ་མཛད་དེ་ རྫོང་བདག་དབང་འདུས་ཀྱིས་ཨ་ཙི་རོགས་རམ་འབད་ནུ་བ་དེ་བསྒང་ རོགས་རམ་འབད་སྦེ་ གནམ་ལོ་ ༡༩༨༦ ལོར་ དེ་ལས་སྦྱིན་བདག་ཚོང་པ་གྲྭ་ཚང་རྫོང་ཁག་གསུམ་མཉམ་རུབ་ཐོག་བླ་མ་ ཨ་ནཱི་རྡོ་གྲུབ་རིན་པོ་ཆེ་ཞུ་སྟེ་ ཟླ་ ༩ པའི་ཚེས་ ༢༢ ལ་རིན་པོ་ཆེས་གཏེར་མཛོད་དབང་དང་ལུང་ཆ་ཚང་ ཟླ་ངོ་ ༣ གྱི་རིང་ལུ་གནང་ནུག་བ།Dzongda Wangdi knows little detailed information about the Lhakhang. After him Dzongda Wangdi helped a bit and that was during 1986 where the sponsors were shopkeepers, monk body (Dratshang) and dzongkhang. The three sponsors together invited Lam Dodrup Rinpoche during the 9th month, dated 22nd where Rinpoche gave blessing on Toer Dzoed (Oral transmition of treassure) for three months.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoདེ་ལས་གནམ་ལོ་ ༡༩༨༧ ལུ་ལྷོ་མཚམས་ཀྱི་དགེ་སློང་ ལྷོ་མཚམས་ཁག་ཐུག་ལས་དགེ་སློང་ང་བཅས་འབྲུག་གི་ལྷོ་མཚམས་ཁ་ཐུག་ལས་དགེ་སློང་གྱངས་ཁ་འབད་བ་ཅིན་ ལྔ་དེ་ཅིག་བཙུགས་ནུ་བ་ འ་ནི་གྲྭ་ཚང་འདི་ནང། གྲྭ་ཚང་ཨ་ནཱི་ནང་རྫོང་བཞེངས་ཚར་ཞིནམ་ལས་ དེ་ལས་ལྷོ་མཚམས་ཀྱི་དགེ་སློང་ལྔ་དེ་ཅིག་བཙུགས་ ལྷོ་མཚམས་ཀྱི་དགེ་སློང་ལྔཔོ་འདི་བཙུགས་ཏེ་སྡོད་ནུག་བ་ སྡོད་རུང་ཤུལ་ལས་ལྷོ་མཚམས་ཀྱི་འབྲེལ་ དེ་ལས་ལྷོ་མཚམས་ལུ་འབད་ཞིནམ་ལས་ ཧེ་མ་སྟབས་མ་བདེཝ་ འབྱེལཝ་འཐོན་ནུག་བ་ནཱ་ལྷོ་མཚམས་ཁ་ཐུག་ལུ་སྟབས་མ་བདེཝ། དེ་ལས་ཁོང་ལྷོ་མཚམས་ཀྱི་མི་ཅིག་འབད་ནི་འདི་གིས་ ལྷོ་མཚམས་ཀྱི་གྲལ་ཁར་འཛུལ་ཡར་སོ་ནུག ཏེ་ལྷོ་མཚམས་ཀྱི་མི་རྩིས་འབད་རུང་ལྷོ་མཚམས་ཁ་ཐུག་སྡོད་འོང་བ་ཁོང་ཚུ།Again in the year 1987, monk from Southern part, Southern Bhutanese monk from the southern part of Bhutan. In total the five of them were enrolled in this Dratshang.After constructing Dzong in the Dratshang then the five numbers of Lhotsampa(southern Bhutanese) monks were being enrolled. After getting enrolled they were there for some time but later since they were Lhotsampa they got into their group and durng that time there was some problem in the southern region.Since they were people of south they got themselves into southern group.Being a lhotsampa they have their own census in their region.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoའ་ནཱི་འབད་དེ་གིས་ ལྷོ་མཚམས་ནང་འཛུལ་སྦེ་ཞིནམ་ལས་ གནམ་ལོ་ ༡༩༩༠ ལོ་ལུ་ ད་རུང་ལྷོ་མཚམས་ཁ་ཐུག་ལས་དེ་ལས་ཏེ་འ་ནི་ཟིང་མཐའ་ཆེ་དྲག་སྦེ་ར་ཐོན་ནུག་བ་ ཤུགས་སྦེ་ར་ཐོན་ནུག་བ་དེ་བསྒང་འདི། གནམ་ལོ་ ༡༩༩༠ ལུ། དེ་ལས་ཟིང་ཐོན་བྱ་སྟབས་མ་བདེཝ་ཐོན་ནུག་བ་ལེ་ཤ་ཐོན། གནམ་ལོ་ ༡༩༩༣ གྱི་ལོར་ ཟླ་ ༩ པའི་ནང་ ཨ་ནཱི་བླམ་ཐེར་ཅུང་འདི་ ཞིང་ཕེབས་བྱོན་ནུག་ བཤགས་སོ་ནུགLike this they got into the lhotsampa and in the year 1990 again there arouse a serious problem and that was in the year 1990. Then there arouse lots of chaos and problems. On the 9th month of the year 1993 Lam Therchungla left for heavenly abbot,he passed away.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoདེ་ལས་གནམ་ལོ་ ༡༩༩༤ ལོར་གྲྭ་ཚང་འདི་དྲུང་ཆེན་ཚེ་དབང་རྡོ་རྗེ་དང་ ཨ་ནཱི་དྲུང་ཆེན་ཚེ་དབང་རྡོ་རྗེ་གིས་བདག་འཛིན་གྱི་ཐོག་ལུ་ དེ་ལས་ཧེ་མ་བླམ་ཐེར་ཅུང་བཞུགས་པའི་སྐབས་ ཨ་ནཱི་དྲུང་ཆེན་ཚེ་དབང་རྡོ་རྗེ་ཟེར་གཅིག་སྡོད་སྡོདཔ་འདྲས། འ་ནཱི་གིས་ང་བཅས་དེ་བསྒང་ག་དེ་ཡོད་ག་མ་ཤེས་དེ་བསྒང་འདི། ཨ་ནཱི་བསྒང་བླམ་ཞིང་ཕེབས་ དེ་ལས་ཏེ་ཨ་ནཱི་དྲུང་ཆེན་ཚེ་དབང་རྡོ་རྗེ་གིས་བདག་འཛིན་འཐབ་སྦེ་སྡོད་ནུག ཏེ་གནམ་ལོ་ ༡༩༨༣ གྱི་ལོ་ལུ་གྲྭ་ཚང་འདི་ དགེ་ལེགས་ཕུག་རབ་སྡེ་ལུ་ འགྱུར་བཅོས་འབད་ནུག་བ་ འགྱུར་བཅོས་འབད་ དགེ་ལེགས་ཕུག་རབ་སྡེ་གྲྭ་ཚང་ཟེར་ འགྱུར་བཅོས་འབད་ད་ནུག དེ་ལས་གནམ་ལོ་ ༡༩༩༥ ལོ་ལུ་ དེ་ལས་དེ་བསྒང་གནས་བརྟན་ཟེརཝ་ཡང་མིན་འདུག་བ། གནས་བརྟན་མེད་ནི་འདི་གིས་ དེ་ལས་ཡར་ང་བཅས་ད་ལྟོ་སྐྱབས་རྗེ་ཁྲི་རབ་ ༧༠ པ་ད་ལྟོ་བཞུགས་མི་འདི་ འ་ནཱི་འདི་ཡར་གྲྭ་ཚང་གི་བླམ་གནས་བརྟན་སྦེ་བྱོན་ནུག་བ།Then in the year 1994 the Dratshang was looked upon by Drungchen Tshewang Dorji. Drunchen Tshewnag Dorji was there during the reigh of Lam Therchungla. I dont know where we were during that time but after he passed away then Drungchen Tshewang Dorji looked after the Dratshang.Then in the year 1995 there was no Neten. Since there was no Neten our present Chabji Therab 70th (70th abbot) came as the Lam Neten of the Dratshang.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoདེ་བསྒང་བྱོན་སྦེ་ཞིནམ་ལས་ དེ་བསྒང་ཚེས་བཅུ་ཡང་ ཨ་ནཱི་ཟླཝ་༡༡ པའི་ཚེས་༦ ལུ་འཆམ་རྒྱུགས་བཏང་ དེ་ལས་ཚེས་༧ ལུ་དེ་ལས་ངན་པ་དགུ་འཛོམས་ཕོག་པས་བ་ཨ་རྟག་ར། ཨ་ནཱི་འབད་ནི་འདི་གིས་ ངན་པ་དགུ་འཛོམས་སྦེ་བཞག་ དེ་ལས་ཚེས་བརྒྱད་དགུ་བཅུ་ཐམ་ལུ་ ཏེ་ཚེས་བཅུ་སྦེ་བཙུགས་གནང་ནུག དེ་བསྒང་གཞི་བཙུགས་གནང་ནུག་བ་ སྐྱབས་རྗེ་རིན་པོ་ཆེ་གིས་གཞི་བཙུགས་གནང་སྦེ།During that time, after his arrival the Tshechu was on 6th day of 11th month in Bhutanese calender and the end of the Chamju (mask dance) and on 7th day since its Nengpa guzom(meeting of nine evils) its kept as the Nengpa guzom day. Then the Tshechu was kept on 8th, 9th and 10th by Chabji Rinpoche.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoདེ་སྐབས་ལུ་དབུ་མཛད་འདི་ ང་བཅས་ད་བཤགས་སོ་ཡི་ཁོ་འདི་ ཨ་ནཱི་བླམ་རྡོ་རྗེ་རྒྱལ་མཚན་ཟེར་ འ་ནི་བླམ་རྡོ་རྗེ་རྒྱལ་མཚན་འདི་དབུ་མཛད་འབད་ སྐྱབས་རྗེ་བླམ་གནས་བརྟན་མཛད་པའི་སྐས་ཁོ་དབུ་མཛད་འབད་བཞུགས་ནུག དེ་ལས་དབུ་མཛད་འབད་བཞུགས་སྦེ་ཞིནམ་ལས་ སྐྱབས་རྗེ་འདི་ཡར་སྐྱབས་རྗེ་སྦེ་ སྐྱབས་རྗེ་ དེ་ལས་རྡོ་རྗེ་སློབ་དཔོན་ དེ་ལས་སྐྱབས་རྗེ་ནཱ་ལས་བྱོན་ཞིནམ་ལས་ དེ་ལས་བླམ་རྡོ་རྗེ་རྒྱལ་མཚན་བླ་ཚབ་སྦེ་བཞུགས་ཆི་ནུག་བ་ ཏེ་བླ་ཚབ་སྦེ་བཞུགས་ དེ་ལས་རྟིང་ལས་བླ་ཚབ་སྦེ་བཞུགས་ཞིན་ན་ལས་ ཏེ་བླམ་གནས་བརྟན་ཟེརཝ་ དེ་ལས་ཁོ་གིས་བདག་འཛིན་འབད་སྦེ་ རྟིང་ལས་ཁོ་ར་ར་བླམ་གནས་བརྟན་སྦེ་བསྐོས་ནུག་བ་ བླམ་རྒྱལ་མཚན།During that time Umze was Lam Dorji Gyeltshen who know passed away. Lam Dorji Gyeltshen was the Umze when our present Chabji was as Lam Neten. While he was there as a Umze the 70th Chabji was appointed as the Chabji and after he left Lam Dorji Gyeltshen substituded and after substuting he looked after as Lam Neten and later he himself was appointed as Lam Neten.
- ཡོན་ཏན་རྒྱ་མཚོ་་ Yoenten Gyamtshoཏེ་བླམ་རྒྱལ་མཚན་ ཧེ་མ་ང་བཅས་བླམ་གནས་བརྟན་རིམ་འབྱོན་འབད་བ་ཅིན་ ཧེ་མ་ར་བླམ་ཐེར་ཅུང་ལ་ འདི་གི་འོག་ལས་སྐྱབས་རྗེ་རིན་པོ་ཆེ་གིས་འབད་ནུག དེ་ལས་བླམ་རྡོ་རྗེ་རྒྱལ་མཚན་གྱིས་འབད་ནུག དེ་ལས་བླམ་རྡོ་རྗེ་རྒྱལ་མཚན་ནཱ་ལས་གནས་སོར་འགྱོ་ དེ་ལས་བླམ་ཟླ་བ་རྒྱལ་མཚན་གྱི་ བླམ་ཟླ་བ་རྒྱལ་མཚན་ཡང་གནས་སོར་བཏང་ དེ་ལས་བླམ་ཚངས་སྤྱོད་ཟེར་ བླམ་ཚངས་སྤྱོད་བྱོན་ནུག ཏེ་བླམ་ཚངས་སྤྱོད་འདི་ ཏེ་བླམ་ཚངས་སྤྱོད་ཀྱི་ཤུལ་ལས་ ད་ལྟོ་གི་བླམ་བློ་གྲོས་རྒྱལ་མཚན་ཟེར་ འ་ནཱི་གིས་མཛད་ནུག དེ་ལས་ང་བཅས་ཨ་ནཱ་ ཁ་གསལ་འབད་དེ་ གནམ་མེད་ས་མེད་མི་ཤེས་པས། འ་ནཱིམ་ཅིག་སྦེ།། །།Now Lam Gyeltshen, series of Lam Neten before were first was Lam Therchungla and after him Chabji Rinpoche took over. Then Lam Dorji Gyeltshen took over. After Lam dorji Gyeltshen went to retreat, Lam Dawa Gyeltshen took over and when he was send to retreat then Lam Tsangchoe came took over the place. After lam Tsangchoe the present lam Lodrey Singye took over the seat. We dont know the detailed information about it. This much only.