Skip to main content Skip to search
29 Jun 2018
5 min 49 sec
Video Overview
Creators: 
Sherig Dentshog

Ap Rinzin of Shumar sings a song he learned from his father.  As of now he is the only one in Shumar Village who sings the song, though Ap Rinzin says in the past Tsheringmo was known by everyone.

པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལས་ ཨཔ་རིན་འཛིན་གི་ གླུ་གཞས་ཚི་རིང་མོ་ཟེར་མི་འདི་འཐེན་ནུག ཞབས་ཁྲ་འདི་གི་ བརྩམ་པ་པོ་དང་དེའི་འབྱུང་རབ་འདི་ རྟེན་རྟེན་འབད་མེདཔ་ཨིན་མས། ཨཔ་རིན་འཛིན་གིས་ཞབས་ཁྲ་འདི་ ཁོ་རའི་ཨ་པ་ལས་ལྷབ་ནུག་ གཡུས་འདི་ནང་ཞབས་ཁྲ་ཤེས་མི་འདི ཁོ་རྐྱངམ་ཅིག་ཨིན་མས། ཧེ་མ་འབད་བ་ཅིན་ཞབས་ཁྲ་ཤེས་མི་ ལེ་ཤ་ཡོདཔ་ཨིན་མས་ ཨིན་རུང་ད་རེས་ནངས་པར་ ན་གཞོན་ཚུ་གི་རིག་གསེར་ཞབས་ཁྲ་ལུ་ སྤྲོ་བ་བསྐྱེདཔ་ལས་བརྟེན་ འདི་བཟུམ་མའི་ཞབས་ཁྲ་འདི་ལུ སྤྲོ་བ་མི་བསྐྱེད་དོ་ ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རིན་འཛིན་/Rinzin:
    ཚེ་རིང་མོ། ཤ་ཝ་འཇའ་རེ་དཔལ་འཛོམས། །གཉིད་ལམ་ངན་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། ཤ་ཁུ་ལག་དཀར་བཀྲ་ཤིས། །གཉིད་ལམ་ངན་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། རྭཝ་གིས་ས་ཁར་བཙུགས་བ(པ)། །གཉིད་ལམ་ངན་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། རྣམ་ཅོ་ས་ཁར་བཞག་པ། །གཉིད་ལམ་ངན་ཡ་ལ་མཐོང་། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། མིག་ཏོ་གནམ་ལ་འཕྱར་བ། །གཉིད་ལམ་ངན་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཨུམ་་་་་་ ཚེ་རིང་མོ། རྐང་པ་གནམ་ལ་འཕྱར་སོང་། །གཉིད་ལམ་ངན་ཡ་ལ་མཐོང་། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། པགས་པ་ས་ཁར་བརྡལ་བ། །གཉིད་ལམ་མཐོང་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཨུ་ཧུམ་་་་་ ཚེ་རིང་མོ། ཁྲག་ཀྱི་(ཁྲག་གིས་)རྒྱ་མཚོ་སྐྱིལ་བ། །གཉིད་ལམ་ངན་ཡ་ལ་མཐོང་། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། [ཕོབ་ཀྱི་ཕ་ཐར་དེ་བ། །གཉིད་ལམ་ངན་ཡ་ལ་མཐོང་།?]
  • རིན་འཛིན་/Rinzin:
    ཚེ་རིང་མོ། ཁང་གིས་མཁར་ཏོག་རྩེ་བ(རུ་ཏོ་མཁར་ཐོག་བརྩེགས་པ)། །གཉིད་ལམ་ངན་ཡ་ལ་མཐོང་། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། ཟ་ན་སྤང་རྩི་ཟ་བ། །ཞིམ་པ་མཐོང་ཡ་ལ་ཚེ་རིང་མོ། །
  • རིན་འཛིན་/Rinzin:
    ཚེ་རིང་མོ། འཐུང་ན་བྲག་ཆུ་ཨོཾ་ཆུ་འཐུང་ཤིག་ཡ་ལ་ཚེ་རིང་མོ།། །།