Skip to main content Skip to search
29 Jun 2018
3 min 51 sec
Video Overview
Creators: 
Sherig Dentshog

Ap Karma Jamtsho sings a khoray about ones feelings towards the uncertainity of life and the importance of Dharma. It describes how people were religious and they prayed for good health of all sentient beings. People of Shumar Gewog warmly welcomed the lamas and monks to their village to teach so that Dharma would flourish in the village. They consider lamas and monks as the sun as they brighten the world; lamas and monks also cause the Dharma to flourish in one's mind.

པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལས་ ཨཔ་སྐར་མ་ཕུན་ཚོགས་གིས་ ཨ་ལོའི་ཞབས་ཁྲ་རྙིངམ་གཅིག་ འཐེནམ་ཨིན་མས། ཞབས་ཁྲ་འདི་གི་ བརྩམ་པ་པོ་དང་ དེའི་འབྱུང་རབ་འདི་ རྟེན་རྟེན་འབད་མེདཔ་ཨིན་མས། གླུ་གཞས་ཀྱི་ཚིག་འདི་ནང་ རྟགས་པ་རྟེན་པ་མེད་པའི་མི་ཚེ་དང་ དམ་པའི་ཆོས་ཁག་ཆེ་བའི་སྐོར་ལས་བཤདཔ་ཨིན་མས། དེ་མ་ཚད་ ཧེ་མ་མི་འདི་ཚུ་དམ་པའི་ཆོས་ལུ་ཡིད་ཆེད་ཡོད་པའི་སྐོར་ལས་དང་ སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ གསོལཝ་བཏབ་པའི་ སྐོར་ལས་ཨིན་མས། ཤུ་མར་རྒད་འོག་གི་མི་ཚུ་གིས་ བླམ་དང་དགེ་སློང་ཚུ་ཁོང་རའི་གཡུས་ཁར་ དམ་པི་ཆོས་དར་ནིའི་དོན་ལུ་ཕེབས་བསུ་ཞུཝ་ཨིན་མས། ཁོང་ཚུ་གི་བླམ་དང་དགེ་སློང་འདི་ འཛམ་གླིང་མིན་པ་ གསལ་བའི་ཉིམ་བཟུམ་འབད་བརྩིཝ་ཨིན་མས། དེ་མ་ཚད་བླམ་དང་དགེ་སློང་འདི་ཚུ་གིས་ མི་འདི་ཚུ་གི་རྒྱུད་ལུ་ཆོས་སེམས་ཡང་བསྐྱེད་བཅུགཔ་ཨིན་མས།

Transcript search
No results found for this search
0 of 0
  • ཀརྨ་རྒྱ་མཚོ་
    Karma Jamtsho: འཛམ་གླིང་དབང་ཀཱན་ཁྲི་གདུགས་ས་ཁོ་རེད། །ཤར་བ་ལ་ཤོ་ནང་ལ་ཕེ་ན་ས་ཁོ་རེད། ། འཛམ་གླིང་གསལ་མི་ཁྲི་གདུགས་ས་ཁོ་རེད། །ཤརཝ་ད་སེམས་དགའཝ་མས་ས་ཁོ་རེད། །
  • ཀརྨ་རྒྱ་མཚོ་
    Karma Jamtsho: གླིང་བཞི་བསྐོར་ཉི་དེ་ལ་ས་ཁོ་རེད། །བཙུང་མཁན་ལ་ཐུར་རང་ལ་མ་ལ་ས་ཁོ་རེད། ། གླིང་བཞི་བསྐོར་ཏེ་འགྱོཝ་ད་ས་ཁོ་རེད། །བཟུང་མི་གཅིག་ཡང་མིན་འདུག་ས་ཁོ་རེད། །
  • ཀརྨ་རྒྱ་མཚོ་
    Karma Jamtsho: དགོན་པ་བཞུགས་ཀཱན་བླ་མ་ས་ཁོ་རེད། །ཇང་ག་ལ་ཆོས་ཐུར་ལ་གནང་ཤོ་ས་ཁོ་རེད། ། དགོན་པ་བཞུགས་མི་བླ་མ་ས་ཁོ་རེད། །ང་ལུ་ཆོས་ཅིག་གནང་ད་ས་ཁོ་རེད། །
  • ཀརྨ་རྒྱ་མཚོ་
    Karma Jamtsho: གྲྭ་ཚང་ནང་ཀ་དགེ་སློང་ས་ཁོ་རེད། །དུ་ཁ་ལ་འབྱོན་མ་ལ་ལེགས་ལ་ས་ཁོ་རེད། ། གྲྭ་ཚང་ནང་གི་དགེ་སློང་ས་ཁོ་རེད། །གཡུས་ཁར་འབྱོནམ་ད་དགའ་བས་ས་ཁོ་རེད། །
  • ཀརྨ་རྒྱ་མཚོ་
    Karma Jamtsho: དུ་ཁ་བཞུགས་ཀཱན་ཕ་མ་ས་ཁོ་རེད། །གཞོན་མོ་ལ་ཆོ་ལ་ལ་ལེགས་ལ་ས་ཁོ་རེད། ། གཡུས་ཁ་བཞུགས་མི་ཕ་མ་ས་ཁོ་རེད། །གཞོནམ་སྦེ་སྡོདཔ་ད་དགའཝ་མས་ས་ཁོ་རེད། །
  • ཀརྨ་རྒྱ་མཚོ་
    Karma Jamtsho: ཤི་ལེ་ར་ག་ཏེམ་པ་ས་ཁོ་རེད། །དམ་པའི་ལ་ཆོས་ཏེ་ལ་དྲན་ལ་ས་ཁོ་རེད། ། ཤི་ནི་དུས་ཚོད་རནམ་ད་ས་ཁོ་རེད། །དམ་པའི་ཆོས་འདི་དྲནམ་མས་ས་ཁོ་རེད། །ཁོ་རེད།། །།