Video Overview
The arrow song is describing the arrow and glorifying it through the use of metaphors. An arrow plant is believed to be grown in Tsari community in Tibet. This place is considered sacred; hence the arrow should be too. According to the verses of the song, the arrow plant was grown in Tsari Ney, used by the young men, who use the feather of a vulture that flies up in the sky and glorifies the arrow. At the end of the song, the arrow announces that he is a sacred object that is kept at the altar and makes offerings. Therefore, it is a self-praising song revealing the arrow’s sacredness and power.
མདའ་གླུ༼མདའ་འཆམ༽འདི་གིས་ མཚུངས་དཔེ་ལག་ལེན་འཐབ་སྟེ་ མདའ་མོ་འདི་བཤད་པ་དང་ བསྟོད་པ་རྐྱབ་དོ་ཡོདཔ་ཨིན། མདའ་བཟོ་ནིའི་ སྔོ་ཤིང་འདི་ བོད་ཙཱ་རི་ལུ་སྐྱེསཔ་ཨིན་ཟེར་ཨིན་མས། འདི་གིས་སྦེ་ ས་གནས་འདི་རྩ་ཅན་སྦེ་བརྩི་ནི་ཡོད་པའི་ཁར་ མདའ་འདི་ཡང་རྩ་ཅན་སྦེ་བརྩི་དོ་ཡོདཔ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ལུ་ མདའ་འདི་ ཙཱ་རི་ལུ་སྐྱེས་ནི་ཡོད་ཟེར་ཨིནམ་དང་ མདའ་འདི་ ཕོ་སྐྱེས་ཚུ་གིས་རྐྱབ་ནི་ཡོདཔ་དང་ མདའ་སྒྲོ་འདི་ བྱ་རྒོད་ཀྱི་སྒྲོ་ལག་ལེན་འཐབ་སྟེ་བཟོཝ་ཨིན་ཟེར་ གླུ་གཞས་ཀྱི་ཚིག་ཚུ་ཡོདཔ་ཨིན་མས། དེ་མ་ཚད་ གླུ་གཞས་ཀྱི་མཇུག་ལུ་ རྩ་ཅན་གྱི་མདའ་མོ་འདི་ མཆོད་བཤམ་ལུ་བཞག་སྟེ་ མཆོད་པ་ཕུལཝ་ཨིན་ཟེར་ཨིན་མས། དེ་འབདཝ་ལས་ གླུ་གཞས་འདི་གིས་ རང་བསྟོད་རྐྱབ་སྟེ་ རྩ་ཆེ་ཏོག་ཏོ་ཨིན་ཟེར་བཤད་དོ་ཡོདཔ་ཨིན།
- ཀུན་ལེགས Kinleyསྭོ་ཡ་ལ་ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུཾ་ལ།
- ཀུན་ལེགས Kinleyསྭོ་ཡ་ས་ལ་མ་ཎི་ལ་པདྨེ་ཧཱུཾ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་རང་སྐྱེས་སོང(ས་)ཤེས་མི་དགོ་ལ།
- ཀུན་ལེགས Kinleyཙཱ་རི་གནས་ལ་སྐྱེས་ཡི་ལ་མདའ་མོ་ཨིན།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་འཁོར་བའི་གཞོན་མའི་ལག་པ་འཁོར་ལ།
- ཀུན་ལེགས Kinleyམདའ་མོ་ཕྲང་ཡང་གཞོན་མའི་ལག་པ་ཕྲང་།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་སྒྲོ་ཅིག་ཤེས་ཙམ་འདུག་ལ།
- ཀུན་ལེགས Kinleyཐང་དཀར་རྒོད་ཀྱི་གནམ་ལུ་ལྡིང་པ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་སྒྲོ་ནི་ཤེས་ཙམ་འདུག་ལ།
- ཀུན་ལེགས Kinleyནགས་སྟོད་མིག་ལས་བྱ་མདངས་ལ་འཕུར་བ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་ མདའ་མོ་ང་ར་འགྲོ་སོང་ཤེས་ཙམ་འདུག་ལ།
- ཀུན་ལེགས Kinleyནུབ་ཕྱོགས་བོད་ལས་ཆུ་གཟར་ལ་འབབ་པ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་འགྲོ་ཞིང་ཤེས་ཙམ་འདུག་ལ།
- ཀུན་ལེགས Kinleyགངས་སྟོད་གཡུས་ལུ་ལྷ་དར་འཕྱར་བ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་མགོ་གི་ལྟོང་འདི་ས་ལ།
- ཀུན་ལེགས Kinleyཀ་བཞི་གདུང་བཞི་གནམ་ལུ་ལྷོང་མ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་དགུང་གི་སྤང་འདི་ས་ལ།
- ཀུན་ལེགས Kinleyགསེར་ཤོག་སྤང་ལུ་འཇའ་གུར་སྤུབས་པ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ང་ར་འཇུག་གི་མདའ་ལྕགས་འདི་ལ།
- ཀུན་ལེགས Kinleyདགུང་དབྱིངས་གཡུས་ལས་ཁྲི་གདུགས་ཤར་བ་འདྲ།
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ཕར་རྐྱབ་སྡང་པའི་དགྲ་ལུ་བཏང་།
- ཀུན་ལེགས Kinleyསྡང་པའི་(བའི་)དགྲ་རྣམས་ཡོད་ཀྱང་ལ་ཐལ་བར་བརླག
- ཀུན་ལེགས Kinleyསྭོ་ཡ་ལ་མདའ་མོ་ཚུར་བཞག་མཆོད་བཤམ་ཁྲ་མོ་ཕུལ་ལ།
- ཀུན་ལེགས Kinleyམཆོད་བཤམ་ཁྲ་མོའི་ནང་རྟེན་ལ་ཕུལ་བར་ཤོག mobile Ring...