Video Overview
Aum Wangmo learned this song from her mother, and during her time as one of the Chojam dance leaders. She does not know all the lyrics of the song, so she learned some of it from her friends. Since she has become old now, she cannot remember all the lyrics. In order to continue the song she sings parts of another song, Goepa Gawa Chida Gawa Nye (a song which is somewhat mismatched with the original song). A careful listen to this song often leaves its listener sad and crying.
ཨམ་དབང་མོ་གིས་ གླུ་གཞས་འདི་ མོ་རའི་ཨའི་ལས་ ལྷབ་ཡོདཔ་མ་ཚད་ གཞོནམ་སྦེ་སྡོད་པའི་བསྒང་ མོ་ར་སྐྱོ་འགྱམ་ རབ་གནས་ཀྱི་སྐབས་ རྩེད་དཔོན་སྦེ་ཡང་ ཞབས་བྲོ་ཚུ་ རྐྱབ་ཡོདཔ་ལས་ ཞོར་ཁ་ལུ་ མོ་ར་གིས་ཤེས་ཡོདཔ་སྦེ་ སླབ་ཨིན་པས། གླུ་གཞས་འདི་ ཨམ་དབང་མོ་གིས་ གཞན་ལས་ལྷབ་སྟེ་ འཐེན་འཐེནམ་ཨིན་པས། གླུ་གཞས་ བརྩམས་མི་ག་ཨིན་ན་ ཁུངས་བཀལ་ནི་མེད་རུང་ འདི་དང་ཆ་འདྲ་བའི་ གླུ་གཞས་ ལུང་ཕྱོགས་སོ་སོར་ལས་ཕར་ཡང་ འཐེན་སྲོལ་ཡོདཔ་ཨིན་མས། ཨམ་དབང་མོ་གིས་ གླུ་གཞས་འདི་ ཡོངས་སུ་རྫོགས་སྦེ་ མི་ཤེས་དོ་ཡོདཔ་དང་ མོ་གིས་ སླབ་མི་ནང་ ད་མོ་ར་ ལོ་ན་རྒས་སོངཔ་ལས་ ལེགས་ཤོམ་སྦེ་ སེམས་ཁར་དྲན་མི་ཚུགས་ ཟེར་ཨིན་པས། ཨམ་དབང་མོ་གིས་ ད་རུང་ དགོན་པ་སྐྱིད་པ་གཅིག་དང་སྐྱིད་པ་གཉིས་ཟེར་བའི་ གླུ་གཞས་ཅིག་ ཚིག་འཕྲོ་མཐུད་བཟུམ་སྦེ་འཐེན་རུང་ གླུ་གཞས་འདི་ གཉིས་སོ་སོར་ཨིནམ་ལས་ འཕྲོ་མཐུད་སྦེ་ མི་བཏུབ་ནི་ཨིན་པས། འདི་ཡང་ ཨམ་དབང་མོ་ མོ་རའི་གཡུས་ཁ་ལས་ ཨམ་ལྟའུ་མོ་ཟེར་མི་ཅིག་གིས་ ཞབས་བྲོ་འདི་ སོ་སོར་སྦེ་ མགོ་མཇུག་ འདྲོངས་སྦེ་འཐེན་ཏེ་ཡོདཔ་ཨིན་མས། གླུ་གཞས་འདི་ སེམས་ཁར་འཁྲུལ་སྣང་ལངས་སྡོད་པའི་སྐབས་འཐེན་སྲོལ་ཡོདཔ་ད་ མ་འོངས་པར་ ཉམས་ནིའི་ཉེན་ཁག་ ཡོདཔ་ལས་ སྒྲ་བཟུང་འབད་ཡི། ཀྱེ་མ་ཀྱེ་ཧུད་ལས་ངན་སྤྲང་མོ་རང་ སྐྱེས་བ་མི་ལུས་ ཐོབ་རུང་ ཕོ་ལུས་མ་ཐོབ་མ་ཚད་ ཤ་ཚ་བའི་བུ་དང་བུམོ་ལ་སོགས་པ་ཚུ་མེད་པ་ སེམས་འཁྲུལ་དོ་ཟེར་བའི་ཚིག་ཚུ་ བཙུགས་ཏེ་འཐེན་ཡོད་པའི་གླུ་གཞས་ཅིག་ཨིན་པས།
- Kidzom
- Tang
- Bumthang
- དབང་མོ་ Wangmoཨོ་མོ་ཨོ་མོ་མ་ཎི་ལ་པདྨེ་ཧཱུཾ་ལ། །ཡང་སུ་དམ་པའི་ཆོས་ལ་ལ་སྐྱབས་སུ་མཆིའོ། །
- དབང་མོ་ Wangmoཀྱེ་མ་ཀྱེ་ཧུད་ལས་ངན་ལ་སྤྲང་མོ་རང་ལ། །སྐྱེས་ཀྱང་ཕོ་ལུས་མ་ཐོབ་ལ་སྤྲང་མོ་རང། །
- དབང་མོ་ Wangmoཤ་ཚ་སྙིང་ནས་འབབ་པའི་ལ་ཕ་མ་མེད་ལ། །བློ་གཏད་བདེ་བའི་སྤུན་འཁོར་ལ་ང་ལུ་མེད། །
- དབང་མོ་ Wangmoདགའ་བའི་དུས་སུ་གྲོང་ཁྱེར་ལ་ང་ལུ་མེད་ལ། །ང་ནི་ཡོད་ཀྱང་མི་སྡོད་ལ་ལྷ་ཆོས་བྱས། །
- དབང་མོ་ Wangmoད་མི་ཤེས་པས་ལགས། ད་ཨ་ནེམ་ཅིག་སྦེ་ བཞག་དགོ་ནི་མས་ ཧ་ཧ་ཧ་་།
- ཡེ་ཤེས་དབང་ཕྱུག Yeshi Wangchukམཇུག་ཐོན་ཡི་ག?
- དབང་མོ Wangmoམཇུག་ཐོན་ནི་འདི་མ་ཐོན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukམགུ་ཏོ་རྐྱངམ་གཅིག་ཡ་ནཱ་གི?
- དབང་མོ་ Wangmoམགུ་ཏོ་འདི་ མཇུག་བསྡུ་བསྡུ་རང་ཨིན་ན་ལགས?
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའོང་་་གནང་ད་ལགས།
- དབང་མོ་ Wangmoཡ་་་།
- དབང་མོ་ Wangmoདགོན་པ་སྐྱིད་པོ་གཅིག་དང་ལ་སྐྱིད་མོ་གཉིས་ལ། །དགོན་པ་འདི་ལུ་བལྟ་འདི་ལ་ཡིད་རངས་མས། །
- དབང་མོ་ Wangmoབླ་མ་བཟང་པོ་གཅིག་དང་ལ་བཟང་མོ་གཉིས་ལ། །བླ་མ་བཟང་པོ་ཤཱཀྱ་ལ་མ་ཎི་བཞུགས། །
- དབང་མོ་ Wangmoབུ་མོ་ཆོས་ལ་གཏོང་ད་ལ་ཡབ་ཡུམ་གཉིས་ལ། །བླ་མའི་དམ་པའི་ཆོས་ནི་ལ་རང་གིས་ཤེས(ཡ་མཚན་ཆེ)། །
- དབང་མོ་ Wangmoཕྱི་མ་ཐར་པའི་ལམ་ནི་ལ་བླ་མས་དྲངས་ལ། །ཆོས་ལ་ཡོང་དང་མི་ཡོང་ལ་སྤྲང་མོ་རང་། །
- དབང་མོ་ Wangmoཡ་བཏུབ་ལགས་འ་ནེམ་ཅིག
- ཡེ་ཤེས་དབང་ཕྱུག Yeshi Wangchukལགས་སོ།