Video Overview
Rang Chung from Shungthung village sings the song “Shar Dhi La Madro.” Rang Chung learnt the song from his father Sangay Dorji. This song is very unique because its lyrics express a conflict between a mother and her son. The son wants to go to the north in a business trip, but his mother urges him not go due to the dangers he may encounter on the way. This song is sung either individually or in groups, in which case there can be an accompanying dance. Sometimes this song is sung gently as a lullaby.
༉ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཤུན་ཏུང་ལས་རང་ཆུང་གིས་ དང་ཕུ་གི་གླུ་གཞས་ ཤར་འདི་ལ་མ་འགྲོ་ཟེར་མི་འདི་འཐེན་ནུག གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ དེ་ལས་བརྩམ་པ་པོ་ཚུ་མི་ཤེས་དོ་ཡོདཔ་ད་ རང་ཆུང་ཁོ་ར་འབད་བ་ཅིན་ ཁོ་རའི་ཨ་པ་སངས་རྒྱས་རྡོ་རྗེ་ལས་ལྷབ་ལྷབ་ཨིན་པས། འ་ནཱི་གླུ་གཞས་འདི་ གཞན་དང་མ་འདྲ་བའི་གླུ་གཞས་ཅིག་ཨིན་མི་དེ་ཡང་ ཨའི་དང་བུ་གཉིས་ཀྱི་བརྩེ་གདུང་གི་འབྲེལ་བ་འདི་སྟོནམ་ཨིན་མས། དཔེར་ན་ ཤར་ཁ་ཐུག་འགྱོ་གེ་སླབ་པ་ཅིན་ ཨའི་གིས་བཏང་མ་བཏུབ་ ཤར་ཁ་ཐུག་འགྱོ་བ་ཅིན་ བ་མེན་ཚུ་དང་འཕྱད་དེ་ཁྱོད་ལུ་ཉེན་ཁ་ཡོདཔ་ལས་ མ་འགྱོ་ཟེར་སླབ་ད་ བུ་དེ་གིས་ བ་མེན་དང་འཕྱད་རུང་ ཚྭ་དང་ཐག་པ་རང་གི་ལག་ཏུ་ཡོད་ དེ་འབདཝ་ལས་ ཉེན་ཁ་མེད་ འགྱོ་ར་འགྱོ་ནི་ཟེར་བའི་ ཕར་ཚུར་བློ་ལན་འཇལ་བའི་ཚིག་ཚུ་ཡོདཔ་ཨིན། གླུ་གཞས་འདི་འཐེན་ནི་གི་གནས་སྟངས་འབད་བ་ཅིན་ ཕམ་དང་སྤུན་ཆ་ཚུ་ཁ་འབྱལ་བའི་གནས་སྐབས་ནང་འཐེན་ནི་གི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ འཐེན་དང་ཚིག་ཨ་ཙི་རེ་མ་འདྲཝ་སྦེ་ འཐེན་སྲོལ་ལྷམ་པ་གསུམ་དེ་ཅིག་ར་འདུག
- Phongme
- Trashigang
- རང་ཆུང་Rangchung: གསུང་དབྱངས་ལ་ཨེ། ཤར་འདི་ལ་མ་འགྲོ་ཨ་མའི་བུ། །ཤར་འདི་ལ་འགྲོ་ན་བ་མེན་མང་པོ་འཕྲད། །ཤར་འདི་ལ་འགྲོ་ན་བ་མེན་མང་པོ་འཕྲད། །
- རང་ཆུང་Rangchung: བ་མེན་ལ་མང་པོ་འཕྲད་ན་ཨ་མའི་བུ། །ངེའི་ཐག་པ་བང་མཛོད་བློ་ལ་རང་ཡོད། །ངེའི་ཐག་པ་བང་མཛོད་བློ་ལ་རང་ཡོད། །
- རང་ཆུང་Rangchung: གསུང་དབྱངས་ལ་ཨེ། ནུབ་འདི་ལ་མ་འགྲོ་ཨ་མའི་བུ། །ནུབ་འདི་ལ་འགྲོ་ན་མི་ཆེན་མང་པོ་འཕྲད། །ནུབ་འདི་ལ་འགྲོ་ན་མི་ཆེན་མང་པོ་འཕྲད། །
- རང་ཆུང་Rangchung: མི་ཆེན་ལ་མང་པོ་འཕྲད་ན་ཨ་མའི་བུ། །ངེའི་གྱི་རིང་བང་མཛོད་བློ་ལ་རང་ཡོད། །ངེའི་གྱི་རིང་བང་མཛོད་བློ་ལ་རང་ཡོད། །
- རང་ཆུང་Rangchung: གསུང་དབྱངས་ལ་ཨེ། བྱང་འདི་ལ་མ་འགྲོ་ཨ་མའི་བུ། །བྱང་འདི་ལ་འགྲོ་ན་ཚད་པ་མང་པོ་འཕྲད། །བྱང་འདི་ལ་འགྲོ་ན་ཚད་པ་མང་པོ་འཕྲད། །
- རང་ཆུང་Rangchung: ཚད་པ་མང་པོ་འཕྲད་ན་ཨ་མའི་བུ། །སྨན་དྲི་བཟང་བང་མཛོད་བློ་ལ་རང་ཡོད། །སྨན་དྲི་བཟང་བང་མཛོད་བློ་ལ་རང་ཡོད། །
- རང་ཆུང་Rangchung: གསུང་དབྱངས་ལ་ཨེ། བོད་འདི་ལ་མ་འགྲོ་ཨ་མའི་བུ། །བོད་འདི་ལ་འགྲོ་ན་ཁ་བ་མང་པོ་འཕྲད། །བོད་འདི་ལ་འགྲོ་ན་ཁ་བ་མང་པོ་འཕྲད། །
- རང་ཆུང་Rangchung: ཁ་བ་མང་པོ་འཕྲད་ན་ཨ་མའི་བུ། །ངེའི་ལྷམ་བུ་བང་མཛོད་བློ་ལ་རང་ཡོད། །ངེའི་ལྷམ་བུ་བང་མཛོད་བློ་ལ་རང་ཡོད། །
- རང་ཆུང་Rangchung: ལགས་སོ་བཀྲིན་ཆེ།། །།