Skip to main content Skip to search
22 Jun 2018
13 min 44 sec
Video Overview
Creators: 
Duptho, Sonam Chophel

Rang Chung from Shungthung village relates a story about a snake and a man that he heard from his grandmother when he was a child. In it, a man saves a magical snake from hunters. To repay the kindness, the snake makes the man rich and he marries a beautiful wife. The king of their region becomes jealous because of the man's beautiful wife. The king commands the man to undertake all kinds of tasks that are impossible to accomplish. However, with the help of his wife he always comes through. The story conveys the message that we should be not jealous of other people’s fortunes. 

༉  སྲུང་གཏང་ནི་འདི་ དང་ཕུ་ལས་དར་ཁྱབ་ཆེ་ཏོག་ཏོ་ཡོད་པའི་འབྲུག་པའི་ལམ་སྲོལ་ངོ་མ་ཅིག་ཨིན། སྲུང་སྣ་ཚོགས་ཡོད་པའི་ནང་ལས་ བཀྲ་ཤིས་སྒང་ཕོངས་མེད་རྒེད་འོག་ གཡུས་ཤུན་ཏུང་ལས་ རང་ཆུང་གིས་གཏང་མི་འདི་ འཐག་ཅུང་རྒན་པོ་གི་སྲུང་འདི་གཏངམ་ཨིན་པས། སྲུང་འདི་གི་བཅུད་དོན་ངོ་མ་ར་ ཕར་ལོགསམ་ལུ་སྲོག་སྐྱབས་འབད་དེ་ལེགས་ཤོམ་འབད་བའི་འབྲས་བུ་ ལེགས་ཤོམ་འབྱུང་བའི་སྐོར་ལས་ཨིནམ་ད་ སྲུང་འདི་ནང་ལས་འཐོན་དོ་བཟུམ་སྦེ་ར་ ནམ་ར་འབད་རུང་ ཕར་ལེགས་ཤོམ་འབད་བའི་ཤུལ་ལས་འབྲས་བུ་ལེགས་ཤོམ་འབྱུང་ནི་ཨིནམ་ལས་ བསམ་པ་བཟང་པོ་བསྐྱེད་དགོ་པའི་སྐོར་ལས་སྟོནམ་ཨིན་པས། གཅིག་ལས་འབད་བ་ཅིན་ རོ་ཁྱི་ཅིག་ཨིན་རུང་ར་ སྣང་མེད་འབད་མ་བཞག་པར་ བརྩི་མཐོང་བསྐྱེད་དགོ་པའི་སྐོར་ལས་ཡང་སྟོནམ་ཨིན་པས། འ་ནཱི་སྲུང་འདི་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ལུ་ ཁོ་རའི་ཨང་རྒས་ཀྱིས་གཏངམ་ད་ ཉན་བཞག་བཞགཔ་ཨིན་པས།

Transcript search
No results found for this search
0 of 0
  • རང་ཆུང་
    Rangchung: ཨམ་མོ་རེངསམོ་གི་བུ་གིས་འའཐག་ཅུང་ཚོང་ཅིག་རྐྱབ་ནུག འཐག་ཅུང་ཚོང་རྐྱབ་ཏེ་ འཐག་ཅུང་བཙོང་ཡི་རང་ རེད་བྲེ་གསུམ་གསུམ་སྦེ་བཙོང་ཟ་སྡོད་ནུག་བ་ཁོ། དེ་ལས་ཨ་ནཱ་ལས་ ནམ་ཅིག་འབདཝ་ད་ འཐག་ཅུང་བཟོ་བར་འགྱོ་ནུག་ཁོ། འཐག་ཅུང་བཟོ་བར་འགྱོཝ་ད་ལུ་ ཕར་བྱག་ཕུག་ཅིག་གི་རྩ་བར་ ཏེ་ཤིང་གི་ཨེན་ཙེ་ཅིག་བཟོ་སྦེ་ དེ་ལས་འཐག་ཅུང་བཟོ་སྦེ་སྡོདཔ་ད་ལུ་ སྦུལ་སྦོམ་གནམ་མེད་ས་མེད་ཅིག་འོང་སྡོད་སྡོདཔ་མས་ སོ་ཏོ་ཏོ་བཏང་ འོངམ་ད་ལུ་ཏེ་ དེ་ལས་ཁོ་ལོང་ནི་འབད་འབདཝ་བ་ཏེ།
  • རང་ཆུང་
    Rangchung: ལོང་ནི་འབདཝ་ད་ལུ་ཏེ་ ཡ་བླ་མ་ ཁྱོད་མ་འདྲོག་ཤིག་ མ་འདྲོག་ཤིག་ཟེརཝ་མས་སྦུལ་གྱིས། ང་ཁྱོད་ལུ་བལྟ་སྟེ་འདྲོགཔ་མས་ཟེརཝ་ད་ལུ་ ང་མི་བསྒྱུར་གེ་ ཁྱོད་མ་འདྲོག་ཟེརཝ་ལས་ལོ། དེ་ལས་ང་ལུ་ཡང་ ཁྱོད་ང་ལུ་རྒྱབ་སྐྱོར་འབད་ ཟེརཝ་མས་ལོ་ཁོ་གིས་ སྲོག་སྐྱབས་འབད་ ཟེརཝ་མས་ལོ། དེ་ལས་ང་ཐད་རི་བ་རི་ཟེར་ ཁོ་གིས་ལོང་ནུག་ལོ། ཏེ་ལོང་ནི་འབདཝ་ད་ལུ་ མ་འདྲོག་ མ་འདྲོག་ཟེརཝ་མས་ལོ།
  • རང་ཆུང་
    Rangchung: ཏེ་ཡུདཔ་ཅིག་ལས་ ཁོ་ཏེ་སྡོད་ཅི་ལོ་འདྲོག་སྟེ་ སྡོད་སྦེ་ཨ་ནཱ་ལས་ ཡ་ད་ང་བདའ་འོང་མས། ཨ་ཙི་ཅིག་ ཁྱོད་ཀྱིས་སྲོག་སྐྱབས་འབད་ ཟེར་སླབ་སླབ་ཨིན་མས། ཏེ་ཁྱོད་འདི་གནམ་མེད་ས་མེད་སྦོམ་འདུག ང་གིས་འདི་སྲོག་སྐྱབས་འབད་མི་ཚུགས་ནི་མས་འདྲོག་སྟེ་ ག་ཏེ་ཡང་གཡིབ་མི་ཚུགས་པས་ཟེརཝ་ད་ལུ་ ང་ཆུང་ཀུ་འགྱུར་འོང་ཟེརཝ་མས་ལོ་ ཨ་ནཱི་སྦུལ་གྱིས། ང་ཆུང་ཀུ་འགྱུར་འོང་ཟེརཝ་ད་ལུ་ སྦུལ་ཨ་ནཱིམ་ཅིག་དེ་ཅིག་གྱུར་ཡི་ལོ།
  • རང་ཆུང་
    Rangchung: དེ་ལས་ཨེན་ཙེ་འོག་ལུ་ ས་དོང་བརྐོ་སྦེ་ ཤིང་ཞོག་ཀོ་ཚུ་བླུགས་ཏེ་ ཐོག་ཁར་ཨེན་ཙེ་ཐིང་སྦེ་ དེ་ལས་ མཐོང་པ་བཟོ་སྡོད་ཡི་ལོ་ཏེ་་་་ འཐག་ཅུང་བཟོ་སྡོད་ནུག་ཁོ། འཐག་ཅུང་བཟོ་ཏེ་སྡོད་པ་ཅིན་ ཁོང་དྲུག་འདུག་ལོ་ བདའ་འོང་མི་ མདའ་གཞུ་འབག་འབགཔ་ ཨ་ནཱི་ཤ་གསད་ནི་གི་འཁྱིད་འོང་འོངམ་མས་བ་ བདའ་འོང་ནུག་བ་ཏེ་ དེ་ལས་ཨ་ནཱ་ལས་ དབའེ་འཐག་ཅུང་རྒན་པ་ ཟེརཝ་མས་ལོ་ ཨ་ནཱི་ཚུ་གིས་ ཁྱོད་འཐག་ཅུང་བཟོཝ་ཨིན་ན་ ཟེརཝ་མས་ལོ། འཐག་ཅུང་བཟོ་སྡོད་ཡོད། ཨ་ནཱི་ནང་ག་ཅི་ཡང་ མ་ལྷོད་ག་ ཟེརཝ་མས་ལོ། མ་ལྷོད་ལགས། དབའེ་ལྷོད་ནུག་ས་ ཁྱོད་མིག་གིས་མཐོང་མཐོངམ་འོང་ཟེར་ ང་ཐད་རི་བ་རི་མ་མཐོང་ ནཱ་བཟོ་རྐྱབ་སྡོདཔ་ད་ ག་ཏེ་ལས་སོང་ཡི་ག་ ང་མ་མཐོང་ཟེར་ མེན་ རྐང་རྗེས་ནཱ་རང་ལྷོད་ནུག་ཟེརཝ་མས་ལོ་ཁོ་གིས།
  • རང་ཆུང་
    Rangchung: རྐང་རྗེས་ཨ་ནཱ་རང་ ལྷོད་ནུག་ཟེར་ ཁོང་དྲུག་འདུག་ལོ་ཏེ། ཏེ་མ་ལྷོད་མ་ལྷོད་ཟེར་སླབ་ནུག དེ་ལས་ ལྷོད་ནུག་ལྷོད་ནུག་ཟེར་སླབ་ད་ མ་ལྷོད་མ་ལྷོད་ ཐད་རི་བ་རི་མ་ལྷོད་ཟེར་སླབ་ནུག ཏེ་ཡ་་་་་ ཨ་ནཱ་རང་ལྷོད་ནུག ཁྱོད་ཀྱིས་ཤོབ་ཅིག་རྐྱབ་མས་ད་རེས། ང་ཤོབ་ཡང་མི་ཤེས་ ག་ཅི་ཡང་མི་ཤེས་ ངནི་འ་ནཱི་ཅིག་བཟོ་སྦེ་ བཙོང་ཟ་སྡོདཔ་མ་གཏོགས་ ཁྱེད་ཀྱི་ཤ་འདི་ མ་མཐོང་ང་འདི་ ཟེར་སླབ་སླབ་མས། དེ་ལས་ ཡར་སོང་ནུག་ཨ་ནཱ་ལས་ ནཱ་རང་ལྷོད་ནུག་ལྷོད་ནི་འདི་དབའེ་ ཁྱོད་ཀྱིས་མཐོང་ནི་འདི་ མཐོང་མཐོངམ་འོང། མ་མཐོང་ཟེར་སླབ་ནི་ཨིན་མས་སྨོ་ཟེར་ དེ་ལས་ ཐལ་སོང་ནུག་ ཐལ་སྦེ་ ཧ་ལམ་ཅིག་ཁ་ལས།
  • རང་ཆུང་
    Rangchung: ཏེ་ཨེན་ཙེ་འོག་ དབའེ་ཁོང་ཆ་ཁྱབ་ཐལ་སོ་ཡི་ག་ ཟེརཝ་མས་ལོ་དེ་ལས་ ཨེན་ཙེ་འོག་ལས་ཡར། མེད་ན་ཐལ་སོ་ཡི་ ད་ཅི་ལས་ཡར་སོ་ཡི་ ཟེར་སླབ་སླབ་མས། ཡ་ང་བཏོན་ཟེར་སླབ་སླབ་མས། ཏེ་བཏོནམ་ད་ལུ་ཏེ་ ཨ་ནཱི་ཁོ་སྦུས་ཆུང་ཀུ་སྦེ་འཐོན་ཡི་ལོ་ཏེ། དེ་ལས་ཨ་ནཱ་ལས་ ཁྱོད་ང་དང་གཅིག་ཁར་འགྱོ་གེ་སྨེ་ ཨ་ནཱི་བཟུམ་ཚོང་རྐྱབ་སྡོདཔ་ལས་འདི་ ང་དང་དྲག་འོང་སྨེ་ཟེར་ ཏེ་ང་སྲོག་སྐྱབས་འབད་དེ་ གནམ་མེད་ས་མེད་བཀྲིན་ཆེ་ཡི་མས་ ཟེར་སླབ་ནུག་ཁོ་གིས་ཏེ།
  • རང་ཆུང་
    Rangchung: ཡ་ཡ་ ཏེ་ད་འཐག་ཅུང་བཟོ་ས་ལས་ བཀོ་བཞག་ཏེ་ ཁྱོད་ག་ཏེ་ཡང་འགྱོ་མི་དགོ ང་དང་གཅིག་ཁ་ར་འགྱོ་གེ་ཟེར་ ཏེ་ཨ་ནཱ་ལས་ཨ་ཙི་འགྱོཝ་ད་ལུ་ ཨ་ནཱི་ག་ཅི་ལོ་ ཁོ་ལུ་ ཨ་ཙི་འགྱོཝ་ད་ར་ ངེའི་རྒྱབ་ཁར་ཤོག་ ཟེར་འགྱོཝ་ད་ལུ་ མཚོ་སྦོམ་གནམ་མེད་ས་མེད་ རྒྱ་མཚོ་སྦོམ་འདུག་ལོ་དེ་ལས། བླ་མ་ རྒྱ་མཚོ་སྦོམ། ཡ་ ད་ཨ་ནཱ་ལས་ཕར་འགྱོཝ་ད་ང་ ཁྱོད་ར་འགྱོ་ ང་འདི་བལྟ་ར་མི་ཚུགས་ ཟེར་སླབ་སླབ་མས། ཁྱོད་ངེའི་མཇུག་མ་བཟུང་ཡི་ར་ མིག་ཏོ་བཙུམ་ཏེ་ར་ཤོག་སྨེ་ཟེར་ ཁྱོད་ལུ་ཆུ་ཡང་མི་ཕོག་ ག་ཅི་ཡང་མི་ཕོག་ ཟེརཝ་མས་ལོ་ཨ་ནཱ་ལས། དེ་ལས་འབག་ནུག་ ཅུ་རུ་རུ་རུ་འབག་སྦེ་ཕར་ལུ་ལྷོད་དེ་ ཡ་ད་ཁྱོད་མིག་ཏོ་བརྒྱངས་ཤིག་ ཟེརཝ་མས་ལོ།
  • རང་ཆུང་
    Rangchung: བརྒྱངས་བལྟ་བ་ཅིན་ཏེ་ ཁོ་གི་གནམ་མེད་ས་མེད་རྫོང་འདུག་ལོ་ཏེ་རྒྱ་མཚོ་ནང་ལུ་ རྫོང་ནང་ལུ། དེ་ལས་ཨ་ནཱ་ལས་ ཕྱི་རུ་དེ་ནང་སྡོད། དེ་ལས་ཨ་ནཱ་ལས་ ལྟོ་རེ་བྱིན་ དེ་ལས་བགོ་ལ་ཡང་བྱིན་ ཏེ་ད་ཁྱོད་བགོ་ལ་ཡང་མིན་འདུག་ གྱོན་ནིའི་བགོ་ལ་ཡང་མིན་འདུག་ཟེར་ བགོ་ལ་ཡང་བྱིན་ཏེ། དེ་ལས་གསོལ་རས་གཞན་ག་ནི་ཡང་མེད་ ནངས་པར་བཟུམ་ཅིག་ཁར་ ལྟོ་མཛར་ཅིག་བཅིངས་སྦེ་ ཏེ་ཉི་མའི་ལྟོ་མཛར་བཅིངས་འབགཔ་ད་ལུ་ རོ་ཁྱི་ དམ་ཁྱི་རྐོང་ཟེ་ ག་ཅི་ཡང་མ་བཏུབ་མི་ཅིག་ སྤུ་བུད་ཚར་ཚརཝ་ཅིག་འདུག་ལོ་དེ་ལས་ ཁྱོད་གསོལ་རས་ ཨ་ནཱི་འབག་མས་ཟེར། ཡ་ཁོ་འདིནི་ ཁམ་ལོག་སུ་ཅིག་འབདུ་ནུག་ཨ་ནཱི་རོ་ཁྱི་ལུ་བལྟ་སྟེ། ང་མི་འབག་ཟེར་བ་ཅིན་ ཁྱེད་ཨ་ནཱི་འབག་ ཨ་ནཱི་གིས་ལྟོ་ཐོབ་མས་ ཟེར་སླབ་སླབ་མས།
  • རང་ཆུང་
    Rangchung: དེ་ལས་ ཨ་ནཱ་ལས་ ཏེ་ཉི་མའི་ལྟོ་འདི་ གཅིག་ཁར་ཟ་སྨེ་ཟེར་ ད་རུང་ ཨ་ནཱི་རྒྱ་མཚོ་ནང་ལས་འགྱོཝ་ད་ རོ་ཁྱི་གི་མཇུག་མ་ལས་བཤེད་སོང་ཟེར་ རོ་ཁྱི་ལུ་སླབ་སླབ་མས་བ་ཏེ་ཨིན་ནི་འདི། རོ་ཁྱི་གི་མཇུག་མ་བཤེད་སོང་ཟེར་སླབ་སླབ་མས། ལྟོ་མཛར་བཅིངས་ ལྟོ་འབག་སྦེ་ དེ་ལས་མཇུག་མ་བཤེད་སྦེ་འགྱོཝ་ད་ལུ་ཏེ་ དེ་ལས་ཏེ་ རོ་ཁྱི་གིས་ཁ་སླབ་མས་ལོ་དེ་ལསནི། ཡ་ད་ཁྱོད་མིག་ཏོ་ཁ་བརྒྱངས་ཟེརཝ་མས་ལོ། ལྟ་མ་འདི་ མཚོའི་མཐའ་མ་ཐོན་སོ་ནུག་ལོ་ཏེ།
  • རང་ཆུང་
    Rangchung: མཚོ་མཐའ་མ་ཐོན་ དེ་ལས་ རོ་ཁྱི་ཕྱག་ལྟག་གུ་བཀལ་འབག་འབགཔ་མས་བ། ཕྱག་ལྟག་བཀལ་འབག་སྦེ་ བར་ན་ལྷོད་དེ་ ལྟོ་མཛར་ ལྟོ་བཀྱེས་བཀྱེསཔ་མས་བ་ཏེ་ ལྟོ་བཀྱེས་ཏེ་ ལྟོ་ཟ་ནི་འབདཝ་ད་ལུ་ ཅོང་མ་་་་ ཤོམ་འདབ་ཅིག་འབག་སྦེ་ ལྟོ་སོ་སོ་འབད་བྱིན་ནུག་ཁོ་གིས་ བྱིནམ་ད་ལུ་ རོ་ཁྱི་གིས་ གདོང་ཟུར་གཏད་སྦེ་སྡོད་དེ་མི་དགོ་པས་ལོ་ཏེ་ ཧེ་ཧེ་ཧི་ཧི་་་་་་ ཟུར་གཏད་སྦེ་སྡོད་དེ་ མ་དགོ་པར་ དེ་ལས་ དབའེ་ ཁམ་ལོག་དོ་བཟུམ་ཅིག་འདུག་ད་ཟེར་ ལོག་ལེན་ཏེ་བླུགས་ ལྟོ་རས་ནང་བླུགས་སྦེ།
  • རང་ཆུང་
    Rangchung: དེ་ལས་ ཨ་ཙི་ལོགས་ཅིག་སོ་སོ་སྦེ་བྱིན་བྱིནམ་མས་བ་ཏེ་ ལོགས་ཅིག་ཁ་ལས་བྱིན་སྦེ་ དེ་ལས་ཁོ་ཟ་དོ་ཡོདཔ་མས་ལོགས་ཅིག་ཁ་ལས། ད་རུང་ མིག་ཏོ་ར་མི་བལྟ་བས་ལོ་དེ་ལས་ ཨ་ནཱི་རོ་ཁྱི་གིས། མིག་ཏོ་ར་ མ་བལྟ་བ་སྡོད། དེ་ལསནི་ཏེ་ ཁམ་ལོག་ལོགཔ་མས་ཟེར་ གཅིག་ཁར་སླ་བསྲེས་ དེ་ལས་ཟཝ་མས་ལོ་ཁོ་ གཅིག་ཁར་སླ་བསྲེས་ཞིནམ་ལས། དེ་ལས་གཅིག་ཁར་ཟ་ དེ་ལས་ ཁྱིམ་ནང་འབག་ནུག ཁྱིམ་ནང་ལྷོད་དེ་ ཁྱོད་ནཱ་སྡོད་སྨེ་ཟེར་ བགོ་ལ་ར་རྡུགས་ཚུ་འབག་སྟེ་ སྒོའི་རྒྱབ་ཁར་ རོ་ཁྱི་འདི་ ཨ་ནཱ་བཞག་བཞགཔ་མས་བ།
  • རང་ཆུང་
    Rangchung: ང་ནངས་པར་ ཨ་ནཱི་འཐག་ཅུང་བཟོ་བར་འགྱོ་ནི་མས་ཏེ་ཁོ། ལྟོ་ཚུ་འབད་སྦེ་ དེ་ལས་འཐག་ཅུང་བཟོ་བར་སོང་སོངམ་མས། བཟོ་སྦེ་ཕྱི་རུ་ལོག་ལྷོད་པ་ཅིན་ མེ་འཕུ་ ཡར་ཐབ་གུ་ཀ་ལ་རྫམ་བཀལ་བཞག་ནུག་ལོ། མེ་འཕུ་སྦེ་ ཐབ་གུ་བཀལ་བཞག་ནུག་ལོ་ ཁོལ་མ་ཁོལ་ཅིག་འདུག་ལོ། ཡ་ མི་ག་ཅི་བཟུམ་ཅིག་ལྷོད་ཅི་ག་ ང་ལུ་མིག་གཞི་རྐྱབ་མི་ཅིག་ལྷོད་ཅི་ག་ མིག་གཞི་མ་རྐྱབ་མི་ཅིག་ལྷོད་ཅི་ག་ཟེར་ མནོ་བསམ་བཏང་ཏེ་ དེ་ལས་ ལྟོ་འབད་ཟ་ དེ་ལས་ཉལ་ནུག
  • རང་ཆུང་
    Rangchung: དེ་ལས་ ཨ་ནཱི་རོ་ཁྱི་ལྟ་སྟེ་དྲིས་ནུག་ ག་ཡང་མ་ལྷོད་ག་ཟེརཝ་ད་ མ་ལྷོད་ཟེརཝ་མས་ལོ། དེ་ ད་རུང་ཡར་སོ་ནུག སོང་སྦེ་ ད་རུང་ལྟོ་མཛར་བཅིངས་འབག་ཏེ་འཐག་ཅུང་བཟོ་བར་སོང་ནུག་ སོང་ཏེ་ལོག་ལྷོད་བལྟཝད་ ལྟོ་ཐོབ་ནུག་ལོ། ཐབ་ནང་ལྟོ་ཐོབ་ ཚོདམ་ཡང་ཐོབ་ ཟ་ཆོག་ཆོག་བཟོ་བཞག མི་གཅིག་ལྷོད་ནུག་ས་ ཨ་ནཱི་ ཐབ་ཚངཔ་ཅིག་ལྷོད་ནུག་ཟེརཝ་ད་ ཏེ་རོ་ཁྱི་གིས་ མ་ལྷོད་ཟེར་ ཁ་སླབ་མས་ལོ་ རོ་ཁྱི་གིས་ མ་ལྷོད་ཟེརཝ་མས་ལོ། ཡ་ད་ ང་ལུ་མིག་གཞི་རྐྱབ་མི་ཅིག་ཡོདཔ་མས་ད་ཟེར།
  • རང་ཆུང་
    Rangchung: དེ་ལས་ཨ་ནཱ་ལས་ཏེ་ ནངས་པར་བཟུམ་ཅིག་ཁ་ ད་རུང་འགྱོ་རྫུ་བཏབ་སྦེ་ལོག་འོང་ནུག་ཁོ་གིས་ཏེ། འཐག་ཅུང་བཟོ་སར་མ་ལྷོདཔ་ལས་ལོག ལྟ་མ་འདིནི་ རོ་ཁྱི་རྐོང་ཟེ་འདི་ པགས་ཀོ་བཤུབ་ སྒོའི་རྒྱབ་ཁར་བཞག་སྦེ་ ཨའི་ཀ་པུར་ མེ་འབར་ནི་བཟུམ་གྱོན་ཏེ་ ཨམ་སྲུ་ཅིག་འདུག་ལོ་ ལྟ་མ་འདི། ལྷ་ཡི་སྲསམོ་ཅིག་ ཧ་ཧ་ཧ་ཧ་་་་་། དེ་ལས་ཨ་ནཱ་ཏེ་ དེ་ལས་བཟུང་ཆི་ནུག་ཁོ་གིས་ཏེ་ བཟུང་སྦེ་ བཟུངམ་ཅིག་ལགཔ་ཅིག་གིས་ འ་ནཱི་ཨམ་སྲུ་འདི་བཤེད་ ལགཔ་ཅིག་གིས་ རོ་ཁྱི་གི་པགས་ཀོ་བཤེད་སྦེ་ མེ་ནང་བཀོ་བཏང་ད་ནུག་ཏེ།
  • རང་ཆུང་
    Rangchung: མེ་ནང་བཀོ་བཏང་པ་ཅིན་ ཨ་ཙ་ཙ་ཟེརཝ་མས་ལོ་ཏེ་ཨམ་སྲུ་གིས། ཨ་ཙ་ཙ་ ཕྱི་ཁར་བཀོ་བཏང་ཟེརཝ་མས་ལོ་ཏེ་ ཕྱི་ཁར་བྱ་ལྟེམ་ལྟེ་ཡར་སོ་ཡི་ལོ། དེ་ལས་ཨ་ནཱ་ལས་ཨོག་ཀ་ནང་བཀོ་ཟེརཝ་མས་ལོ་ ཨོག་ཀ་ནང་བཀོ་བཏངམ་ད་ ཨོག་ཀ་ནང་ནོར་ལྟེམ་ལྟེ་ཡར་སོ་ཡི་ལོ། [བྲང་ས་དུང་?] ཏེ་དེ་ལས་སྟེང་ཐོག་ལུ་བཀོཝ་ད་ སྟེང་ཐོག་ཁར་འབྲུ་སྣ་ལྟེམ་ལྟེ་ཡར་སོ་ཡི་ལོ། དེ་ལས་ནཱ་ནང་ན་བཀོ་ཟེརཝ་ད་ ནང་ན་རྒྱུ་ནོར་ཚུ་གནམ་མེད་ས་མེད་གང་ཡར་སོ་ཡི་ལོ་ཏེ། དེ་ལས་ཨ་ནཱ་ལས་ གཡུས་ག་ཅི་ལོ་ ཨ་ནཱི་ཡབ་རང་བཟུམ་ཅིག་ཁར་ རྒྱལཔོ་ཅིག་ཡོདཔ་ཨིན་པས།
  • རང་ཆུང་
    Rangchung: དེ་ལས་རྒྱལ་པོ་གིས་ ཏེ་སེམས་ཆགས་ཆགསཔ་མས་ཨམ་སྲུ་ལུ་ ཨམ་སྲུ་འཕྱོག་ནི་གི་རྩིས་རྐྱབ་སྦེ། མི་ཨ་ནཱི་བཟུམ་མའི་མི་ ག་ཅི་ཡང་མེད་མི་མི་ཅིག་ཨིན་ ཨམ་སྲུ་ཨ་ནཱི་བཟུམ་ཅིག་འཁྱིད་དེ་ཨིན་པས། དེ་ལས་ཨ་ནཱ་ལས་ མིག་གཞི་མེདཔ་འབད་ནུག་ཨ་ནཱ་ལས་ དེ་ལས་ཨ་ནཱ་ལས་ དེ་ལས་ནཱ་ག་ཅི་ལོ་ ཨམ་སྲུ་གིས་ དབའེ་ ཕོ་རྒྱ་གིས་སླབ་ནུག་ ཨམ་སྲུ་ཁྱོད་འདི་ད་ ང་དང་ཆ་བཞག་མི་སྟེར་ནི་མས། ད་རྒྱལཔོ་གིས་ ཁོ་འབག་ནི་ཟེར་རང་སླབ་མས་ ག་དེ་སྦེ་སྨོ་ ཟེར་སླབ་སླབ་མས། ཏེ་ག་ཅི་ར་ཨིན་རུང་ ཁྱད་མེད་ཟེརཝ་མས་ལོ། ཁོ་རྩེ་རི་བརྫམ་བཅུག་ནི་ཟེརཝ་མས་ལོ། ཁོ་རྩེ་རི་ རི་བོ་ཅིག་ག་ར་བརྫམ་བཅུག་སྦེ་ དེ་ལས་ ཨ་ནཱི་རྩེ་རི་བརྫམ་སྦེ་ རི་བོ་ཅིག་ག་ར་བརྫམ་བཅུག་སྟེ་ ད་རེས་ཉིནམ་ཅིག་ལུ་ རི་བོ་ཅིག་ག་ར་བརྫམ་ཚར་བ་ཅིན་ རྫོང་ཕྱེད་ཀ་ཅིག་ཁྱོད་ལུ་བྱིན་ནི་ཟེརཝ་མས་ལོ།
  • རང་ཆུང་
    Rangchung: དེ་ལས་ཨ་ནཱ་ལས་ ཨ་ནཱི་བརྫམ་མ་ཚུགས་པ་ཅིན་ ཨམ་སྲུ་འདི་འབག་ནི་ཟེརཝ་མས་ལོ་རྒྱལཔོ་གིས། དེ་ལས་ཨ་ནཱ་ལས་ ཏེ་རྩེ་རི་བརྫམ་ནུག རྩེ་རི་བརྫམ་ནི་གི་གནས་སྐབས་རྐྱབ་ནུག དེ་ལས་ ཨམ་སྲུ་ལུ་བསྟུན་གྲོས་རྐྱབ་ནུག ངནི་ཨ་ནཱི་བཟུམ་ཅིག་འདུག་ ཟེར་སླབ་ད་ལུ་ ངེའི་ཨ་པ་དང་ཨའི་འབད་སར་སོང་ མཚོའི་མཐའ་མ་སོང་སྦེ་ ཚར་གསུམ་འབོ་སྦེ་ རྒྱབ་འགྱིར་ཏེ་སྡོད་སྨེ་ ཟེར་སླབ་སླབ་མས་ ཨམ་སྲུ་གིས། དེ་ལས་མར་མཚོའི་མཐའ་མ་སོང་སྦེ་ འབོ་སྦེ་རྒྱབ་འགྱིར་སྦེ་སྡོདཔ་ད་ ཨ་ནཱི་ཧེ་མ་ར་ ཟོརཝ་ཁལ་ལྔ་གནང་ནུག་ལོ། དེ་ལས་ཨ་ནཱི་གི་ཤུལ་ལས་ གྱི་ཅུང་ཁལ་ལྔ་འདུག་ལོ། ཨ་ནཱི་ཤུལ་ལས་སྟ་རི་ཁལ་ལྔ་འདུག་ལོ།
  • རང་ཆུང་
    Rangchung: ཧེ་མ་ར་ ཟོརཝ་ཁལ་ལྔ་བཙུགས་ དེ་ལས་ཨ་ནཱ་ལས་ ཨ་ནཱི་གྱི་ཅུང་བཙུགས་ དེ་ལས་ཨ་ནཱ་ལས་སྟ་རི་བཙུགས་ཏེ་ ཏེ་ཨ་ནཱི་ནང་ གླིངམ་འདུག་ལོ་ ད་རུང་། སྤོ་ཏོ་གུ་སོང་སྦེ་ཉལ་སྡོད་ནི་ཅིག་འདུག་ལོ་ དེ་ལས་སྤོ་ཏོ་ཁར་སོང་ གླིངམ་འཕུ་ཉལ་སྡོད་ནུག དེ་ལས་ཟོརཝ་གིས་ སེག་སེག་སེག་བརྫམ་ གྱི་ཅུང་གིས་ཤིང་ཨ་ཙི་སྦོམ་ཡོད་མི་ཚུ་ག་ར་བརྫམ་ ཤུལ་ལས་སྟ་རི་གིས་བརྫམ་ ཨ་ནཱི་སྦེ་རྫོགས་སོ་ནུག་ཏེ་ རྫོགས་སྦེ་ རྒྱལཔོ་གི་ཕྱག་དབང་སོང་ནུག ཡ་ཁྱོད་ཀྱི་རྫོང་ཕྱེད་ཀ་དགོ་ནི་ ཟེར་སླབ་ད་ དེ་ལས་མི་བཏུབ་ཟེར་ སླབ་ནུག་ཏེ་ཁོ་གིས།
  • རང་ཆུང་
    Rangchung: མི་བཏུབ་ ཁྱོད་ནངས་པར་བཟུམ་ཅིག་ཁར་ སྐམ་ཚུགསཔ་འབད་ཤིག་ ཟེརཝ་མས་ལོ་ད་རུང་ཁོ་གིས། ཨ་ནཱི་རྩེ་རི་ཚུ་ ག་ར་སྐམ་ཚུགས་འབད་ཟེརཝ་མས་ལོ། དེ་ལས་ ཡ་ དབུགས་བགམ་ནུག་ད་རུང་ཏེ་ ད་རུང་ཨམ་སྲུ་ལུ་བསྟུན་གྲོས་རྐྱབ་ད་ལུ་ ཁྱོད་ག་ཅི་ཡང་དབུགས་འགམ་མི་དགོ ངེའི་ཨཔ་དང་ཨའི་འབད་སར་སོང་ ཟེར་སླབ་ནུག ད་རུང་སོང་སྟེ་ ཚར་གསུམ་འབོ་སྦེ་ རྒྱབ་འགྱིར་སྡོདཔ་ད་ལུ་ ཉིམ་མིག་ཏོ་དགུ་འདུག་ལོ། སྒྲོམ་ཅིག་ནང་ལྡེ་མིག་རྐྱབ་བཞག་བཞགཔ། དེ་ལས་ཨ་ནཱི་རྩེ་རི་མཐའ་མ་འབག་སྦེ་ ཨ་ནཱི་ལྡེ་མིག་ཕྱེས་སྨེ་ ཟེར་སླབ་ད་ལུ་ ལྡེ་མིག་ཕྱེས་བཏངམ་ད་ ཉིམ་མིག་ཏོ་དགུ་གིས་བསྐོར་ཏེ་ རྩེ་རི་ཉིམ་གཅིག་ནང་རང་སྐམ་ནུག ཨ་ནཱི་སྦེ་སྐམ་སྟེ།
  • རང་ཆུང་
    Rangchung: དེ་ལས་ཨ་ནཱ་ལས་ མེ་བཏང་ཟེར་སླབ་སླབ་མས། དེ་ལས་མེ་བཏང་བཏངམ་མས་ དེ་ལས་ཨ་ནཱ་ལས་ མེ་བཏང་ཚར་ཡི་ཟེར་ ལྟ་མ་ཟེརཝ་ད་ ད་རུང་ཡར་སོ་ནུག་རྒྱལཔོ་ཕྱག་དབང་ལུ་ རྫོང་ཕྱེད་ཀ་དགོ་ཟེར་ འཐག་ཅུང་རྒན་པ་གིས། ཏེ་མི་བཏུབ་ ཁྱོད་ཨ་ནཱི་ ཉིནམ་གཅིག་ལུ་ [ཡང་ར་?] བཏབ་ཚརཝ་འབད་ཤིག་ ཟེརཝ་མས་ལོ་ཏེ། ཨ་ནཱི་ [ཡང་ར་?] ཁལ་ལྔ་བཏབ་ཟེརཝ་མས་ལོ། དེ་ལས་ནངས་པ་ད་རུང་ [ཡང་ར་?] བཏབ་ནི་གི་ ཏེ་ད་རུང་ཨམ་སྲུ་ལུ་བསྟུན་གྲོས་རྐྱབ་ད་ལུ་ ངེའི་ཨ་པ་དང་ཨའི་འབད་སར་སོང་སྟེ་ ཧེ་མ་སླབ་དོ་བཟུམ་འབོ་སྦེ་ ཁྱོད་རྒྱབ་འགྱིར་སྡོད་ཟེརཝ་ད་ལུ་ ཨ་ནཱ་ལས་ ཏོག་ཙེ་ རྐོ་ཏི་ གནམ་མེད་ས་མེད་ བང་རིམ་བསྒྲིགས་ཏེ་གནང་ནུག་ལོ་སྒྲོམ་ནང་ན།
  • རང་ཆུང་
    Rangchung: དེ་ལས་ཕར་རྩེ་རི་མཐའ་མ་འབག་སྦེ་ དེ་ལས་བཙུགས་བཞག་ཟེར་སླབ་སླབ་མས། བཙུགས་སྦེ་ གླིངམ་འཕུ་སྡོད་སྨེ་ ཟེར་སླབ་ནུག་ཏེ་ དེ་ལས་ རྐོ་ཏི་གིས་ ཏོག་ཙེ་གིས་བརྐོ་སྦེ་ མེ་ག་ཅི་ལོ་ ཨ་ནཱ་ རྐོ་ཏི་གིས་བརྡུངས་ཏེ་ [ཡང་ར་?] ཁལ་ལྔ་ག་ར་བཏབ་ཚར་ནུག་བ་ཁོ་གིས་ ཡང་ར་ཁལ་ལྔ་ [ཡང་ར་?] ཆུང་ཀུ་ཨིནམ་བ་ཏེ་ དེ་ལས་ཁལ་ལྔ་བཏབ་ཚར་ཏེ རྒྱལཔོ་ཁྱོད་ཀྱི་བཀའ་ཨིན་ཟེར་ ཁྱོད་ཀྱི་རྫོང་ཕྱེད་ཀ་ད་ལྟོ་རང་དགོ་ཟེར་ སླབ་ནུག་ཏེ། དེ་ལས་མི་བཏུབ་ཟེརཝ་མས་ལོ་ཁོ་གིས། ཨ་ནཱི་ [ཡང་ར་?] ཁལ་ལྔ་ག་ར་འཐུ་ཟེརཝ་མས་ལོ་ད་རུང་ [ཡང་ར་?] ཁལ་ལྔ་ག་ར་བསྡུ་ ཨ་ནཱི་ཁལ་ལྔ་ག་ར་ཚང་འགྲིག་འབད་དགོ་ཟེརཝ་མས་ལོ།
  • རང་ཆུང་
    Rangchung: ལོག་བསྡུ་ཟེརཝ་མས་ལོ་ཁོ་གིས་ དེ་ལས་བསྡུ་ཟེར་བསྡུ་སྦེ་ དེ་ལས་ལོག་སྟེ་ཕྱག་དབང་ལུ་སོང་སོངམ་མས། དབང་ལུ་འགྱོཝ་ད་ལུ་ ད་སྒྲོམ་གཅིག་གི་ནང་ལུ་ ཨ་ནཱི་བྱིའུ་ཅུང་ ང་བཅས་ཀྱིས་ཁ་ [ཡང་ར་ཁ་?] ཁྱེད་ཀྱིས་འདི་བྱིའུ་ཅུང་ཟེར་ སླབ་འོང་སྨོ་ཤིག ཨ་ནའི་བྱིའུ་ཅུང་ [ཡང་ར་ཁ་?] འདི་ སྒྲོམ་ནང་ན་ ཁལ་ལྔ་འདུག་ལོ། དེ་ལས་ ཨ་ནཱ་ལས་ ཏེ་བསྡུ་ནུག་ [ཟེམ་ཐེ་ཀོ་ཇར་བོ་?] བསྡུ་ཡི་བསྡུ་ཡི་ ཁལ་ལྔ་ཟེརཝ་ད་ བྲེ་གཅིག་གིས་མ་འཐོན་ལོ། བྲེ་གཅིག་གིས་མ་འཐོན་པར་ དེ་ལས་ཨ་ནཱ་ལས་འདི་ ཏེ་གཤོག་སྒྲོ་སྤུད་ མཇུག་མ་སྤུད་ ཁ་སྤུད་ མགུ་ཏོ་སྤུད་བཏངམ་ད་ལུ་ ཁལ་ལྔ་ཏག་ཏ་འཐོན་ཡི་ལོ་ དེ་ལས་ ཧ་ཧ་ཧ་་་་་་།
  • རང་ཆུང་
    Rangchung: དེ་ལས་ཨ་ནཱ་ལས་འདི་ རྒྱལཔོ་གི་ཕྱག་དབང་ལུ་སོང་ནུག་ད་རུང་ ཁྱོད་ཀྱི་བཀའ་བཞིན་བསྒྲུབས་བསྒྲུབས་ཨིན། ལཱ་ [ཡང་ར?] བ་ལྷགཔ་ ལཱ་ཁག་མེདཔ་ཨིན། ཁྱོད་ཀྱི་ ཨ་ནཱི་རྫོང་ཕྱེད་ཀ་ ཐད་རི་བ་རི་དགོ་ནི་ཟེར་སླབ་ཏེ་ ཨེབ་ད་ནུག ཏེ་ཨེབ་སྟེ་ད་ལྟོ་ར་འབག་ཤོག་ཟེར་ཨེབ་ནུག ཨེབ་ད་ལུ་ དེ་ལས་ཨ་ནཱ་འདི་ ཐད་རི་བ་རི་བྱིན་མི་ཚུགས་ཟེརཝ་མས་ལོ་ཁོ་གིས། ཏེ་མ་ཚུགས་པ་ཅིན་ ང་ག་ཅི་འབད་བཏུལ་བཏུལཝ་སྨོ་ ཏེ་མི་བཏུབ་ཟེར་ ཕྱད་མདའ་བཟེད་ཤིག་ཟེརཝ་མས་ལོ་དེ་ལས་ ཕྱད་མདའ།
  • རང་ཆུང་
    Rangchung: དེ་ལས་ཕྱད་མདའ་བཟེད་ཟེརཝ་ད་ལུ་ དེ་ལས་ཁོ་འདིནི་ དབུགས་འགམ་ཆི་ལོ། ད་ལསནི་ཏེ་ དབའེ་ དནི་ང་བཅས་གཉིས་ཁ་འབྱལ་ནི་གུ་ ང་བཅས་གཉིས་གསད་ནི་གུ་ལུ་ཐུགཔ་མས་ད་ ཕྱད་མདའ་བཟེད་ཤིག་ཟེརཝ་མས་དནི་ དེ་ལས་ཨ་ནཱ་ལས་ཏེ་ ཨ་ནཱི་ཨམ་སྲུ་གིས་སླབ་ནུག དར་དང་སྤོས་དཀར་འབག་སྦེ་ མར་འབག་སྦེ་བཏེག་ དེ་ལས་ཕར་ལས་ཚུར་ ལྕགས་ཀོག་ཏོ་ཁལ་ལྔ་གནང་ནུག་ལོ་ ལྕགས་ཀོག་ཏོ་ཁལ་ལྔ། ཁལ་ལྔ་གིས་བཏངམ་ད་ལུ་ [བོ་ར་ཕད་ཙེ་?] གཅིག་ཕར་ལས་གནང་ནུག་བ་ཏེ་ ཨ་ནཱི་གིས་ ཡི་གུ་ནང་ན་ར་འདུག་ལོ་ གསུམ་འདི་བཞག་སྨེ་ ཁྱོད་གཉིས་བཀོལ་བཟའ་ནི་མི་འོང་སྨ་རེད་ཟེར་ ཡི་གུ་ནང་བཀོད་བཞག་བཞགཔ་མས་བ་ཏེ།
  • རང་ཆུང་
    Rangchung: དེ་ལས་ཁོ་གིས་ ཕྱད་མདའ་ནམ་རྐྱབ་ནི་སྨོ་ཟེར་བ་ཅིན་ ཚེས་ ༡༥ ལུ་རྐྱབ་ནི་ཟེརཝ་མས་ལོ། ཏེ་ཚེས་ ༡༥ ལུ་ཏེ་ དང་དང་དུང་དུང་ མེ་མདའ་ ཀྲོབ་མདའ་བཏང་སྟེ་ འདྲོག་སི་སི་སྦེ་འོང་ནུག་ རྒྱལཔོ་གི་དམག་མི་ཚུ་གིས། དེ་ལས་ ཨ་ནཱ་ལས་ཁོ་འདྲོག་སྟེ་ ལྕགས་ཀོག་གསུམ་འདི་མ་ཚུགས་པས་བ་ [བོ་ར་?] ཟུར་ཁ་ལས་གཉིས་རྐྱངམ་ཅིག་བཞག་ནུག་ཏེ་ འ་སྤུད་བཏང་ནུག་ཁོ་གིས་སྤུད་བཏངམ་ད་ ཟུར་ཁ་ལས་ གཉིས་རྐྱངམ་ཅིག་བཟུང་ཡི་ལོ་ བཟུང་སྟེ་ལུས།
  • རང་ཆུང་
    Rangchung: དེ་ལས་ཨ་ནཱ་ལསནི་ཏེ་ བཟུང་ལུས་སྦེ་ ཏེ་ལྕགས་ཀོག་ཏོ་ཚུ་གིས་ དམག་མི་ཕུད་རྡོག་གཅིག་རང་མེདཔ་སྦེ་བསད་ཚར་སྦེ་ ཏེ་ཡུདཔ་ཅིག་ལས་ གཉིས་ལུས་མི་དེ་ རྒྱལཔོ་དང་བཙུནམོ་གཉིས་རྐྱངམ་ཅིག་ལུས་སོང་ནུག་ལོ། དེ་ལས་ ཁོང་གཉིས་འདི་ ཨ་ནཱ་ལས་འཐག་ཅུང་རྒན་པ་གི་ ཨ་སྦུག་འཕྱག་མི་སྦེ་བཙུགས་ཅི་ལོ་བ་ཏེ་ ཨ་ནཱ་ལས་རྫོགསཔ་ཨིན་ལགས།། །།