Skip to main content Skip to search
22 Jun 2018
1 min 46 sec
Video Overview
Creators: 
Duptho, Sonam Chophel

Lobzang Wangmo sings “Yar Yar Rimoi Tselay,” a local song of Lem Village in Bhramikha, the local dialect. This song is not so popular in other regions. Lobzang Wangmo does not use any musical instruments while singing the song.

༉  གླུ་གཞས་ ཡར་ཡར་རི་མོ་རྩེ་ལ་སྤོས་གསུམ་འཛོམས་ཟེར་མི་འདི་ བཀྲ་ཤིས་སྒང་རྫོང་ཁག་ གླེམ་གཡུས་ཚན་ནང་གི་གླུ་གཞས་ཅིག་ཨིན་མི་འདི་ སློབ་བཟང་དབང་མོ་གིས་འཐེན་ཏེ་འདུག གླུ་གཞས་འདི་ སློབ་བཟང་དབང་མོ་ མོརའི་ཁ་སྐད་དམ་གཡུས་སྐད་ བྲཱ་མིའི་ཁ་ནང་སྦེ་འཐེནམ་ཨིན་མས།  གླུ་གཞས་འདི་ བྱུང་རབས་དང་བརྩམ་པ་པོ་ཚུ་མ་ཤེས་པའི་ཁ་ལུ་ ས་གནས་གཞན་ཁར་ ཡོངས་གྲགས་ཅན་ཅིག་མེན་པས། གླུ་གཞས་འདི་ ཁོང་ར་གི་ཁ་སྐད་ཐོག་ལུ་འབད་ནི་དེ་གིས་ གཡུས་དེ་ནང་རྐྱངམ་ཅིག་མ་གཏོགས་ ས་གནས་གཞན་ཁར་འཐེན་སྲོལ་མེདཔ་ཨིནམ་ད་ དང་ཕུ་གི་ཕམ་རྒན་ཤོས་ཚུ་གིས་ གླུ་གཞས་འཐེན་པའི་སྐབས་ལུ་ མང་ཤོས་ཀྱིས་ར་ སྙན་ཆ་ཚུ་ལག་ལེན་འཐབ་ནི་མེདཔ་བཞིན་དུ་ སློབ་བཟང་དབང་མོ་གིས་ཡང་ གླུ་གཞས་འཐེན་པའི་སྐབས་ལུ་ སྙན་ཆ་གི་རིགས་ག་ནི་ཡང་ ལག་ལེན་འཐབ་ནི་མིན་འདུག

Transcript search
No results found for this search
0 of 0
  • བློ་བཟང་དབང་མོ་
    Lobzang Wangmo: སྭོ་ ཡར་ཡར་ལ་རི་མོ་རྩེ་ལ་སྤོས་གསུམ་འཛོམས། །སྤོས་འདི་དང་པ་[སྤོས་ཀྲང་?]དམར་མོ་འཛོམས། །
  • བློ་བཟང་དབང་མོ་
    Lobzang Wangmo: སྭོ་ སྤོས་འདི་གསུམ་་་་་ གཉིས་པ་ཨ་ཀྲོང་དཀར་པོ་འཛོམས། །སྤོས་འདི་གསུམ་པ་སོ་ལུ་བ་ལུ་(བ་ལུ་སུ་ལུ་)འཛོམས། །
  • བློ་བཟང་དབང་མོ་
    Lobzang Wangmo: སྭོ་ ད་ལྟ་ལ་སྤོས་གསུམ་འཛོམས་ཡུ་[ལས་མོ་ནོ?]། །ཕྱི་མ་ལ་སྤོས་དཀར་ནང་དུ་དན་འཛོམས་ཤོག །ཕྱི་མ་ལ་སྤོས་དཀར་ནང་དུ་དན་འཛོམས་ཤོག །
  • བློ་བཟང་དབང་མོ་
    Lobzang Wangmo: ལགས་སོ།། །།