Video Overview
This video is about Tenpa Gyatso's childhood in Chuma village and how he taught Tibetan grammar for young villagers when he was in his twenties after the revival of religion in China. Furthermore, (he talks about) a group of his college friends who published many handwritten religion books at Qinghai Nationalities University and issued them in local areas.
བརྙན་འདི་ནི་བསྟན་པ་རྒྱ་མཚོའི་མི་ཚེའི་ལོ་རྒྱུས་ཡིན་ལ། ཆུང་དུས་ནས་རིམ་བཞིན་སློབ་ཆུང་དང་འབྲིང་རིམ་སོགས་འགྲིམས་པ་དང་། རིག་གནས་གསར་བརྗེའི་རྗེས་སུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ཆུ་མ་སྡེ་བའི་སློབ་ཆེན་པ་ཐོག་མ་རུ་གྱུར། སློབ་མཐར་ཕྱིན་རྗེས་ཕྱིར་སྡེ་བའི་ནང་དུ་ཡོང་སྟེ་སློབ་མ་རྣམས་ལ་བོད་ཀྱི་སུམ་རྟགས་གཉིས་ཀྱི་གཞུང་དང་ཀློག་འདོན་སོགས་སློབ་ཁྲིད་བྱས་པ་དང་། སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱས་པས་ཡུལ་འདིའི་སློབ་གསོའི་ལས་དོན་ལ་མཛད་རྗེས་ཤིན་ཏུ་ཆེ། སློབ་ཆེན་གྱི་སྐབས་སུ་གཏན་འཁེལ་གྱི་སློབ་དེབ་མེད་པས་ཁོང་གིས་དགེ་རྒན་དང་སློབ་གྲོགས་སྐོར་ཞིག་དང་མཉམ་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ནང་བསྟན་གྱི་དཔེ་ཆ་མང་པོ་ལག་པས་བྲིས་ནས་པར་བསྐྲུན་མཛད་ཚུལ་སོགས་ཞིབ་ཏུ་གླེང་ཡོད།
- Repgong
- ང་ནི་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་ཆུ་མ་སྡེ་བར་སྐྱེས་པ་ཡིན།
- སྐྱེས་སྐབས་སྤྱི་ལོ ༡༩༥༠ ལོ་རེད།
- བྱིས་པའི་སྐབས་ཀྱི་གནས་ཚུལ་བཤད་དགོས་ཀྱི་རེད།
- བྱིས་པའི་དུས་ནས་སློབ་ཆུང་བརྒྱུད་པ་རེད།
- སློབ་ཆུང་བརྒྱུད་པའི་སྐབས་ཀྱི་གནས་བབས་ཇི་འདྲ་ཞིག་རེད་ཟེར་ན།
- རྒྱལ་ཁབ་ཀྱི་སྲིད་ཇུས་ནི་སྡེ་བ་གཅིག་རུ་ཁག་གཅིག་བྱས་ནས་ལས་ཀར་འགྲོ་དགོས་པ་རེད།
- སྟོན་ཁ་མི་རེ་རེར་ཕིན་གྲངས་བྱིན་པ་ལྟར་དུ་བགོ་བྱ་རྒྱག་དགོས་པ་རེད།
- སྲིད་ཇུས་དེ་འདྲ་ཞིག་རེད།
- སྐབས་དེར་ངལ་རྩོལ་བ་མང་ན་ཕིན་གྲངས་མང་བ་རེད།
- ངལ་རྩོལ་བ་ཉུང་ན་ཕིན་གྲངས་ཉུང་བ་རེད།
- ཟ་མ་ཡང་ཐོབ་ཚད་ཅུང་ཉུང་བ་རེད།
- ལོ་མཇུག་ལ་ཟ་མ་ཡང་འདང་གི་མེད་པ་རེད།
- ང་ཆུང་དུས་ལོ་བདུན་བརྒྱད་ཀྱི་སྐབས་ནས་དེ་དག་ཤེས་པ་རེད།
- སྐབས་དེར་ང་རང་སློབ་ཆུང་དུ་སོང་བ་ཡིན།
- སློང་ཆུང་དུ་འགྲོ་བའི་སྐབས་སུ་སློབ་གྲྭ་ཡང་ལེགས་པོ་ཞིག་མེད་པ་རེད།
- སློབ་ཆུང་གི་སྐབས་སུ་དགོན་པའི་ནང་དུ་སོང་ནས་སློབ་སྦྱོང་བྱས་པ་ཡིན།
- སློབ་གྲྭ་ལས་རྗེས་སློབ་གྲྭའི་ནང་དུ་ཕྱིར་ཡོང་ནས་སློབ་སྦྱོང་བྱས་པ་ཡིན།
- སྐབས་དེའི་སློབ་ཆུང་གི་གནས་ཚུལ་ཇི་འདྲ་ཞིག་རེད་ཟེར་ན།
- ད་ལྟ་བཞིན་ལོ་རིམ་དྲུག་མེད་པ་རེད།ལོ་རིམ་དང་པོ་ནས་བཞི་པའི་བར་མ་གཏོགས་མེད་ལ།
- ལོ་རིམ་བཞི་པ་མཐར་ཕྱིན་ཚེ་སློབ་ཆུང་མཐར་ཕྱིན་པ་རེད།
- སློབ་ཆུང་མཐར་ཕྱིན་རྗེས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་མ་གཏོགས་འགྲོ་ས་མེད་པ་རེད།
- རེབ་གོང་རྫོང་གི་སློབ་ཆུང་མཐར་ཕྱིན་ཚང་མ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་འགྲོ་དགོས་པ་རེད།
- སྐབས་དེར་མི་རྣམས་ཀྱི་གོ་རྟོགས་ཅུང་དམའ་བའི་རྐྱེན་གྱིས་སློབ་གྲྭ་མི་འགྲོ་བ་རེད།
- ང་རང་སྤྱི་ལོ ༡༩༦༣ ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་སོང་བ་ཡིན།
- སློབ་ཆུང་བརྒྱུད་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་སོང་ནས་ལོ་གཅིག་འགོར་རྗེས།
- རིག་གནས་གསར་བརྗེ་ཆེན་པོ་ཐོན་པ་རེད།
- རིག་གནས་གསར་བརྗེ་ཆེན་པོ་ཐོན་པའི་རྐྱེན་གྱིས་དགེ་ཐོན་སློབ་གྲྭའི་སློབ་སྦྱོང་བྱེད་སྲོལ་ཡང་
- མོའོ་ཀྲུའུ་ཞིའི་གསུང་བཏུས་བློར་བཟུང་དགོས་པ་རེད། ཡི་གེ་ཁྲིད་ཀྱི་མེད་པ་རེད།
- སྒོས་སུ་པེ་ཆུ་ཨེན་གྱི་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་དོན་ཚན་གསུམ་ངེས་པར་དུ་བློར་བཟུང་དགོས་པ་རེད།
- ང་རང་དགེ་ཐོན་སློབ་གྲྭའི་ནང་དུ་ལོ་གཉིས་བསྡད་རྗེས།
- འདི་ལྟར་བསྡད་ཚེ་སློབ་སྦྱོང་ལ་ཕན་པ་ཆེན་པོ་མེད་སྙམ་ནས།
- འདང་ཞིབ་མོ་ཞིག་མ་བརྒྱབ་པའི་རྐྱེན་གྱིས་ཕྱིར་ཡུལ་དུ་ཡོང་བ་ཡིན།
- སྐབས་དེའི་ཕ་ཡུལ་གྱི་གནས་ཚུལ་ནི་ད་དུང་མཉམ་ལས་ཁང་བཙུགས་ནས།
- སྡེ་བ་རེ་རེ་རུ་ཁག་རེར་བྱས་ནས་བགོ་བྱ་རྒྱག་པའི་སྲོལ་དེ་རེད།
- དེའི་ནང་དུ་ཞུགས་ནས་ལོ་གསུམ་བཞི་འགོར་བའི་རྗེས་སུ་སློབ་གྲྭར་འགྲོ་རྒྱུའི་འདུན་པ་སྐྱེས་པ་རེད།
- འདུན་པ་དེ་ཇི་ལྟར་སྐྱེས་པ་རེད་ཟེར་ན།
- སྐབས་དེའི་སྤྱི་ཚོགས་ཧ་ཅང་མུན་ནག་ཡིན་པའི་རྐྱེན་གྱིས་སྡུག་ལ་ཐུག་ནས།
- སློབ་གྲྭར་མ་སོང་བར་འདི་ལྟར་བསྡད་ནའང་སྙིང་བོ་མེད་པ་རེད་བསམ་ནས་སློབ་གྲྭར་འགྲོ་བའི་འདུན་པ་སྐྱེས་པ་རེད།
- དེ་ནས་ལོ་གཅིག་གཉིས་ཙམ་ལ་སྔོན་གྱི་དགེ་ཐོན་སློབ་གྲྭའི་ནང་དུ་སྦྱང་བའི་རྨང་གཞིའི་སྟེང་།
- མང་ཚོགས་ཀྱི་ནང་དུའང་རིག་གནས་ལ་ཅུང་མཁས་པ་དང་རྒྱ་ཡིག་ཀྱང་འགའ་རེ་ཤེས་པའི་མི་ཡང་ཡོད་པ་རེད།
- དེ་དག་གི་མདུན་དུ་སོང་ནས་རྒྱ་ཡིག་སྦྱངས་པ་ཡིན།
- ཕྱིར་སློབ་གྲྭར་འགྲོ་བའི་འདུན་པ་དེ་ལྟར་སྐྱེས་པ་རེད།
- མང་ཚོགས་ཀྱི་ནང་དུ་རིག་གནས་ལ་མཁས་པའི་མི་དག་ནངས་དགོང་ལ་བསྟེན་པ་དང་།
- ང་ཚོ་མི་བདུན་གྱིས་རང་འགུལ་སྒོས་དགོང་མོར་སློབ་སྦྱོང་བྱེད་པའི་ཚན་ཆུང་ཞིག་བཙུགས་པ་ཡིན།
- དགོང་མོ་ཁྱིམ་ཚང་ཁ་རེས་བསྐོར་ཏེ་སུམ་རྟགས་ཀྱི་ཐོབ་ཐང་བློར་བཟུང་ནས་བྱང་དུ་བཅུག་པ་ཡིན།
- སྐབས་དེར་དེ་ལྟར་བྱེད་པའི་དམིགས་ཡུལ་ཡང་སློབ་གྲྭ་ཞིག་ལ་འགྲོ་རྒྱུའི་ཆེད་དུ་ཡིན།
- སྐབས་དེར་ཀྲུང་གོའི་སྲིད་ཇུས་ཀྱང་ཅུང་འགྱུར་ཡོད་པ་རེད།
- མང་ཚོགས་ཀྱི་ནང་ནས་སློབ་མ་བསྡུ་བའི་སྲིད་ཇུས་ཞིག་ཐོན་པ་རེད།
- སྐབས་དེར་ཁེལ་བ་ལ་བརྟེན་ནས་རྒྱུགས་སྣ་ཁ་འགའ་སྤྲད་པ་ཡིན།
- རྒྱ་ཡིག་འབྲི་ཀློག་བྱེད་དུ་བཅུག་པ་དང་།
- སུམ་རྟགས་དང་རྩིས་རིག་སོགས་ཀྱི་རྒྱུགས་སྤྲད་ནས།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད།
- ང་རང་དགའ་སྤྲོའི་ངང་ནས་མཚོ་སྔོན་མི་རིགས་སློབ་གྲྭར་སོང་བ་ཡིན།
- སློབ་གྲྭའི་ནང་དུ་འགྲོ་བའི་སྐབས་ཀྱི་རྣམ་པ་ཇི་ལྟ་བུ་ཞིག་རེད་ཟེར་ན།
- སྐབས་དེའི་སློབ་མའི་ཆ་རྐྱེན་ཡང་ཧ་ཅང་ཞན་པ་རེད།
- ང་རང་གིས་རྐང་སྣམ་གྱི་པུས་མགོར་ལྷན་པ་བརྒྱབ་ནས་སོང་བ་ཡིན།
- གཞན་ང་དང་འདྲ་བའི་སློབ་མ་ཡང་མང་པོ་ཡོད་པ་རེད།
- རེབ་གོང་རྫོང་དུ་བོད་རིགས་ཀྱི་སློབ་མ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཡོང་ནས།
- བོད་ཡིག་སྡེ་ཁག་ཏུ་ཞུགས་ཡོད་པའི་མི་བཞི་ཡོད་པ་རེད།
- སློབ་གྲྭའི་ནང་དུ་འཛིན་གྲྭ་གང་དག་ཡོད་པ་རེད་ཟེར་ན།
- བོད་ཡིག་དང་ཆབ་སྲིད། རྒྱ་ཡིག གྲངས་རིག་གི་སྡེ་ཁག་བཅས་བཞི་ཡོད་པ་རེད།
- སློབ་གྲྭ་ཡོངས་སུ་སློབ་མ་སྟོང་ཡས་མས་ཙམ་ལས་མེད་པ་རེད།
- དེའི་ནང་ལོ་གཅིག་ལ་རེབ་གོང་རྫོང་ནས་བོད་ཡིག་གི་སློབ་མ་བཞི་བསྡུས་ཡོད་པ་རེད།
- ལོ་རེར་རྒྱ་ཡིག་དང་ཆབ་སྲིད། གྲངས་རིག་གི་སློབ་མ་ག་ཚོད་བསྡུ་བཞིན་ཡོད་པ་མི་ཤེས་པ་རེད།
- དེ་ནས་ལོ་གསུམ་ལ་སློབ་སྦྱོང་བྱེད་དགོས་པ་རེད།
- ལོ་གསུམ་རིང་གི་བོད་ཡིག་གི་དགེ་རྒན་བདེ་མཆོག་དང་གུ་རུ་རྒྱལ་སོགས་རེད།
- སྐབས་དེར་བོད་ཡིག་སྡེ་ཁག་ལ་བོད་སྐད་ཀྱིས་ཁྲིད་པའི་བསླབ་བྱ་སྣ་ཁ་གཉིས་མ་གཏོགས་མེད་པ་རེད།
- རྩོམ་རིག་དང་སུམ་རྟགས་གཉིས་ཡིན་པ་དང་།ད་དུང་དཔལ་འབྱོར་རིག་པའང་བོད་སྐད་གྱིས་ཁྲིད་བཞིན་ཡོད་པ་རེད།
- དེ་དག་ལས་གཞན་ཚང་མ་རྒྱ་ཡིག་གིས་ཁྲིད་ཀྱིན་ཡོད་པ་རེད།
- སྐབས་དེར་སློབ་གྲྭའི་གནས་ཚུལ་ཇི་འདྲ་ཞིག་རེད་ཟེར་ན།
- སློབ་མས་སློབ་གྲྭའི་ནང་དུ་རྒྱུགས་འཕྲོད་ཚེ།
- སློབ་གྲྭའི་ནང་དུ་འགྲོ་སྐབས་ཉལ་ཐུལ་ཙམ་ཁྱེར་དགོས་པ་མ་གཏོགས།
- ཟ་མ་དང་འདག་རྫས། ཉལ་ཁྲི། ཉལ་ཁང་གི་རིན་སོགས་གཅིག་ཀྱང་སྤྲོད་མི་དགོས་པ་རེད།
- དེ་དག་སློབ་གྲྭས་བྱིན་ནས་མཐར་ཕྱིན་དུ་འཇུག་པ་རེད།
- དེ་ནས་ལོ་གསུམ་འགོར་བའི་རྗེས་སུ་མཐར་ཕྱིན་ཏེ་འཛིན་ཡིག་བླངས་པ་རེད།
- རང་རང་གི་ས་གནས་སོ་སོར་ཡོང་བ་རེད།
- སྐབས་དེར་སྲིད་གཞུང་ལ་བྱ་བ་ལས་མཁན་འདང་གི་མེད་པ་རེད།
- མང་ཚོགས་ཀྱི་ནང་དུ་ད་དུང་སློབ་མ་བསྡུ་བཞིན་ཡོད།
- ང་ཚོ་ཡོང་མ་ཐག་བྱ་བ་བཀོད་སྒྲིག་བྱས་པ་དང་།
- ཆབ་སྲིད་སློབ་སྦྱོང་བྱེད་མཁན་རྣམས་སྲིད་གཞུང་གི་ལས་ཀར་བཀོད་སྒྲིག་བྱས་པ་རེད།
- ང་ཚོ་དགེ་རྒན་གྱི་བྱ་བ་བཀོད་སྒྲིག་བྱས་པ་རེད།
- དགེ་རྒན་ལ་བཀོད་སྒྲིག་བྱས་ནས་ལོ་ཉི་ཤུ་རྩ་ལྔ་རྩ་དྲུག་བར་དུ་
- བྱ་བ་ལས་ནས་སློབ་མང་པོ་སྐྱེད་སྲིང་བྱས་པ་རེད།
- ད་སྐབས་ལས་འཁྱུར་ངལ་གསོ་བྱས་ཡོད་པ་ཡིན།
- རྒྱ་གར་ཆོས་འབྱུང་དང་རྒྱ་ནག་ཆོས་འབྱུང་། མདོ་མཛངས་བླུན་སོགས་དཔར་བ་རེད།
- བོད་ཡིག་སྡེ་ཁག་གི་ཆོག་མཆན་ཐོབ་པ་ལ་བརྟེན་ནས་དཔེ་ཆ་འདི་དག་དཔར་བ་ཡིན།
- ཆོས་ལུགས་ལ་ལྷོད་ཡངས་ཡོང་ཡོད་ནའང་དཔེ་ཆ་ཧ་ཅང་དཀོན་པ་རེད།
- དཔེ་ཆ་ཡོད་པ་གཞན་ལ་ཤེས་སུ་འཇུག་མི་ཉན་པ་རེད།
- སྐབས་དེར་མི་རིགས་སློབ་གྲྭ་ཆེན་མོས་དཔེ་ཆ་ལཱ་ཊི་ཡིས་དཔར་བ་རེད།
- དཔར་ཤོག་ཀྱང་སྐབས་དེར་ཀ་ར་གོ་རེ་ཙོང་བའི་སྐབས་སུ་ཤོག་ཐུམ་ཡོད་པ་རེད།
- ང་ཚོའི་ཤོག་བུའི་རྒྱུ་སྤུས་ཅུང་མི་བཟང་བས་ཀ་ར་གོ་རེ་ཡི་ཤོག་ཐུམ་དེར་བརྗེས་ནས་དཔར་བ་ཡིན།
- དཔེ་ཆ་དེ་ལྟར་དཔར་བ་རེད།
- ང་ཚོས་དཔེ་ཆ་དེ་དག་དཔར་བའི་སྐབས་སུ་ཡིག་གཟུགས་ཅུང་ལེགས་པ་ཚོས་
- ལཱ་པན་ཟེར་བའི་ལྕགས་ཤིག་གི་སྟེང་དུ་ཁབ་སྤྲད་ནས་སྨྱུ་གུའི་མགོ་བྱས་པ་རེད།
- དེས་བྲིས་རྗེས་ང་ཚོ་མི་ཁ་ཤས་ཀྱིས་དེ་ཚུར་བླངས་ནས་དཔར་བ་ཡིན།
- ཉིན་དཀར་སློབ་ཁྲིད་ལ་འགྲོ་དགོས་པས་དཔར་ཁོམ་མེད་པ་རེད།
- སློབ་ཁྲིད་གྲོལ་རྗེས་དང་དགོང་མོ་སོགས་ཀྱི་དུས་ཚོད་བེད་སྤྱད་ནས་དེབ་སུམ་བརྒྱ་རེ་དཔར་བ་ཡིན།
- སློབ་མ་རྣམས་ལ་འདང་བར་བྱས་པ་རེད།
- དེ་དག་རང་རང་གི་ཕ་ཡུལ་དུ་ཁྱེར་ནས་གཞན་དག་ལ་བལྟ་རུ་བཅུག་པ་རེད།
- ཆོས་ལུགས་ཀྱི་དཔེ་ཆ་དཔར་ན་སྐྱོན་མེད་པར་མ་ཟད།
- བལྟས་ནའང་སྐྱོན་མེད་པ་རེད་ཅེས་བཤད་ནས་གཞན་རྣམས་ལ་བལྟ་རུ་བཅུག་པ་ཡིན།
- དཔེ་ཆ་དཔར་བར་དུས་ཚོད་ཅི་ཙམ་འགོར་བ་རེད།
- ལོ་གཅིག་འགོར་སོང་བ་རེད།
- དེབ་སུམ་བརྒྱའི་མི་ཚད་པ་རེད།
- དཔེ་ཆ་བཞི་ལྔ་ཙམ་ལ་དེབ་རེར་དཔེ་ཆ་སུམ་བརྒྱ་དཔར་བ་རེད།
- དཔེ་ཆ་སུམ་བརྒྱ་ཅན་ལྔ་དཔར་ནས་བསྡོམས་པས་སྟོང་གཅིག་དང་ལྔ་བརྒྱ་ཙམ་དཔར་བ་རེད།
- བོད་རིགས་སློབ་མ་རྣམས་ལ་བཀྲམ་པ་རེད།
- སྐབས་དེར་ཆོས་དཔེ་གཅིག་ཀྱང་ཚོང་ཁང་དུ་བཙོང་རྒྱུ་མེད་པས་འདི་དག་དཔར་བ་རེད།
- ཁྱོད་ཚོས་དཔེ་ཆ་འདི་དག་མ་དཔར་གོང་ལ་སྔར་གྱི་སློབ་མ་རྣམས་ཀྱིས་དཔར་མྱོང་མེད་པ་རེད་དམ།
- དཔར་མེད་པ་རེད།
- སློབ་གྲྭ་གཞན་པ་དང་སྤྱི་ཚོགས་ཐོག་ཏུ་དཔར་གྱི་ཡོད་དམ།
- སྐབས་དེར་ཀྲུང་གོའི་ཆོས་ལུགས་སླར་གསོ་བྱེད་པའི་སྐབས་དང་ཁེལ་བ་རེད།
- ཏུན་ཞོ་ཕིན་གྱིས་ཆོས་ལུགས་སླར་གསོ་བྱེད་པའི་སྲིད་ཇུས་སྐབས་དེར་ཐོན་པ་རེད།
- སྲིད་ཇུས་དེ་འདྲ་ཞིག་ཐོན་པའི་རྐྱེན་གྱིས་དཔེ་ཆ་དཔར་ན་སྐྱོན་མེད་པས་ང་ཚོས་ཀྱང་དཔར་བ་ཡིན།
- ཁྱོད་ཀྱིས་སྐབས་དེར་དཔར་བའི་དཔེ་ཆ་ཕ་ཡུལ་དུ་ཁྱེར་ཡོང་བ་ཡིན་ནམ།
- དཔེ་ཆ་དེ་ཚོ་འདི་དག་རེད། ཁ་ཤས་མི་ཚང་བ་རེད།
- འདི་ཚོ་ཚང་མ་སྐབས་དེར་ཁྱེར་ཡོང་བའི་དཔེ་ཆ་རེད།
- སྐབས་དེར་དུས་ནམ་ཞིག་རེད།
- སྤྱི་ལོ ༡༩༧༨ ལོར་ཡིན་པ་རེད།
- ཁྱོད་ཚོས་དཔེ་ཆ་འདི་དག་དཔར་བའི་ལོ་ཡིན་ནམ།
- རེད། ༡༩༧༨ ལོར་ང་ཚོས་དཔར་བ་རེད།
- འདི་དག་ཚང་མ་ཁྱོད་ཚོས་དཔར་བ་རེད་དམ།
- རེད།
- འདི་ན་རྒྱ་གར་ཆོས་འབྱུང་ཡོད་ནི་རེད།
- འདི་ཁྱོད་ཚོས་བསླབ་དེབ་ཡིན་ནམ།
- འདི་དག་བསླབ་དེབ་མ་རེད།
- སྐབས་དེར་བོད་ཀྱི་རིག་གནས་འདི་སླར་གསོ་བྱེད་དགོས་སྙམ་པ་རེད།
- དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་ཚུལ།
- འདི་འདི།
- གྲངས་ཉུང་མི་རིགས་སྐད་ཡིག་སློབ་སྐོར།
- ལོ་རིམ་དོན་བརྒྱད་པའི་འཛིན་གྲྭ་དང་པོས།
- འདི་དག་ཚང་མ་ཁྱོད་ཚོས་བསྒྲིགས་པ་རེད་དམ།
- རེད།
- དེ་ནས་མདོ་མཛངས་བླུན་རེད། འདི་ཡང་བསྒྲིགས་པ་རེད།
- འདི་དག་ནང་ཁུལ་གྱི་རྒྱུ་ཆ་རེད།
- ད་ལྟ་འདི་དག་དགོས་པ་མ་རེད། དཔེ་ཆ་གསར་བ་མང་པོ་ཡོད་པ་རེད།
- ཚང་མ་ཁྱོད་ཚོས་བྲིས་པ་རེད་དམ།
- བྲིས་ནས་དཔར་བ་ཡིན།
- དཔེ་ཆ་འདི་དག་བཀྲམ་ཐུབ་ཡོད་ཀྱི་རེད།
- སློབ་མ་རྣམས་ལ་བཀྲམ་པ་རེད།
- སངས་རྒྱས་ཀྱི་འཁྲུངས་རབས་རེད།
- ཁྱོད་ཚོས་ཁྲིད་གཞི་མ་རེད་ལ།
- ཁྲིད་གཞི་མ་རེད། ཟུར་དུ་དཔར་བ་རེད།
- ནང་ཁུལ་དུ་བཀྲམ་པ་རེད།
- འདི་སྐྱབས་མགོན་ཚོགས་དྲུག་རང་གྲོལ་གྱི་རེད།
- འདི་ཡང་ཁྱོད་ཚོས་བསྒྲིགས་པ་རེད་དམ།
- རེད།
- སྐབས་དེར་ཡིག་བཏགས་འཕྲུལ་ཆས་ཐོན་ཡོད་པ་རེད་དམ།
- འདི་ལཱ་ཊི་ཡི་སྟེང་དུ་བྲིས་རྗེས་སྣུམ་དཔར་བརྒྱབ་པ་རེད།
- འདི་དག་རེད། དཔར་བའི་དཔེ་ཆ་ཚང་མ་འདི་དག་རེད།
- ཁ་ཤས་བོར་སོང་བ་རེད།
- འདི་དག་མ་གཏོགས་མེད་དམ།
- མེད་པ་རེད།
- འདི་དག་ཚང་མ་ཡིན་ནི་རེད་ལ།
- འདི་མདོ་མཛངས་བླུན་རེད་ལ།
- རེད།
- ཁྲིད་གཞི་མེད་པ་རེད།
- སུམ་རྟགས་མ་གཏོགས་གང་དག་ཁྲིད་པ་རེད་དམ། གནའ་རྩོམ་ཁྲིད་པ་ཡིན་ནམ།
- གནའ་རྩོམ་ཁྲིད་པ་ཡིན་མོད།
- འོན་ཀྱང་སྐབས་དེར་རྒྱ་ཡིག་གི་གནའ་རྩོམ་མ་གཏོགས་ཁྲིད་ཀྱི་མེད་པ་རེད།
- འདི་སྐབས་དེའི་བླ་མ་མཁས་པ་ཞིག་གིས་བྲིས་པ་རེད།
- འདི་བརྡ་དག་རེད་ལ།
- དེའི་སྐབས་སུ་དག་ཡིག་མེད་པ་རེད།
- འདི་བརྡ་དག་རེད་ལ། རེད།
- འདི་མིང་ཚིག་འགྲེལ་བཤད་རེད།
- མིང་ཚིག་དཔེ་མཚོན་ཅུང་ཟད་བཀོད་པ་བློ་གསལ་རྒྱས་པའི་རོལ་མཚོ།
- དཔེ་ཆ་སྣ་ཁ་ལྔ་དཔར་བ་རེད།
- དཔེ་ཆ་རེ་རེར་དེབ་སུམ་བརྒྱ་རེ་དཔར་བ་རེད།
- དེབ་སུམ་བརྒྱ་མ་གཏོགས་ལཱ་ཊི་ཡིས་དཔར་མི་ཐུབ་པ་རེད།
- དཔར་ཤོག་ཀ་རེ་གོ་རེའི་ཐུམ་རེད་དམ།
- རེད།
- དེར་བརྗེས་ནས་ཡོང་བ་རེད།
- ང་ཚོས་ཤོག་བུ་སྲབ་མོ་སྤུས་ཀ་མི་ལེགས་པ་ཞིག་ཡིན་པས།
- ཤོག་བུ་ཅུང་མཐུག་པོ་ཞིག་ལ་བརྗེས་པ་རེད།
- དེ་ཡང་བོད་ཡིག་སྡེ་ཁག་གི་སློབ་མ་རང་གི་འགན་ཁུར་དུ་བླངས་ནས།
- ཚོང་ཁང་དེར་འབྲེལ་གཏུགས་བྱས་ནས་ཤོག་བུ་ཤིང་རྟའི་ནང་དུ་དྲུད་པ་ཡིན།
- ཁོང་ཚོར་ཤོག་བུ་སྲབ་མོ་བྱིན་ནས་བརྗེས་པ་ཡིན།
- ཚོང་ཁང་ཟི་ལིང་གི་གང་ན་ཡོད་པ་རེད།
- ད་ལྟ་ཚོང་ཁང་དེ་དག་མེད་པ་རེད།
- ཏ་ཧྲི་ཙིའི་ཡར་ཕྱོགས་སུ་སུ་ཚོང་ཁང་ཞིག་ཡོད་པ་དེ་ནས་བརྗེས་པ་ཡིན།
- སློབ་གྲྭ་ནང་ནས་ཏ་ཧྲི་ཙི་ཡི་བར་དུ་ཤིང་རྟ་བསྐོར་ནས་སོང་བ་རེད་དམ།
- ཤིང་རྟའི་ནང་དུ་དྲུད་ནས་སོང་བ་རེད།
- སློབ་གྲྭའི་དཔེ་མཛོད་ཁང་གི་ནང་ནས་ཤོག་བུ་ཤིང་རྟ་གང་རེ་དྲུད་ནས་བརྗེ་རུ་སོང་བ་ཡིན།
- ཤོག་བུ་མཐུག་པོར་བརྗེས་ནས་ཡོང་བ་ཡིན།
- སྐབས་དེར་རྒྱ་ནང་གི་ས་ཆ་གཞན་པ་རྣམས་ལའང་།
- ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཐོག་མར་ཡོང་གི་ཡོད་ཀྱི་རེད་དམ།
- རེད། ཆོས་ལུགས་དད་མོས་ཐོག་མར་ཡོང་གི་ཡོད་པ་རེད།
- སྐབས་དེར་རྒྱ་ཡིག་གི་སྡེ་ཁག་དག་གིས་དཔེ་ཆ་དཔར་གྱི་ཡོད་དམ།
- དེ་དག་གིས་དཔར་གྱི་མེད་པ་རེད།
- ཁོང་ཚོར་དེ་དག་མེད་པ་རེད་དམ།
- གཅིག་ཀྱང་མེད་པ་རེད།