Skip to main content Skip to search
21 Jun 2018
3 min 19 sec
Video Overview
Creators: 
Duptho, Sonam Chophel

In this video, Choney from Tongla village in Jamkhar Gewog, Trashiyangtse Dzongkhag sings a boedra song entitled “Rilog Phayuel Chogla,” which loosely translates as “Towards the Mountainous Homeland.” This song was sung in their village since very long ago. This song is typically sung during the consecration of monasteries or temples, and is also performed during religious congregation. 

 

བཀྲ་ཤིས་གཡང་རྩིས་རྫོང་ཁཁ་ འཇམ་མཁར་རྒས་འོག་ གཡུས་སྟོང་ལ་ལས་ཨིན་མི་ ཆོ་ནི་གིས་ བོད་སྒྲའི་གླུ་གཞས་ རི་ལོག་ཕ་ཡུལ་ཕྱོགས་ལ་ ཟེར་བའི་གླུ་གཞས་འདི་ འཐེན་འདི་ཡོདཔ་ཨིན་མས། གླུ་གཞས་འདི་གིས་དང་ཕུ་ལས་རང་ རྐྱབ་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ སྒྲ ཚང་དང་ ལྷ་ཁང་འདི་ཚུའི་ རབ་གནས་སྐབས་ལུ་ རྐྱབ་སྲོལ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཆོས་ཉིད་ Choney
    ཨཱ་ རི་ལོ་ཕ་ཡུལ་ལ་ཕྱོགས་ལ། །བསམ་བློ་ཡག་པོ་བྱ་ཤིག །
  • ཆོས་ཉིད་ Choney
    ཨཱ་ རི་ལོ་གནམ་གྱི་ལ་སྐར་མ་སྨིན་དྲུག་ཤར་ཚེ་འདྲ་ལ། །རང་གི་སྤུན་ཆ་དྲན་དོ། །
  • ཆོས་ཉིད་ Choney
    ཨཱ་ རི་ལོ་གནམ་གྱི་ལ་ཚེས་འདི་ཟླ་བ་འདྲ་ལ། །རང་གི་ལ་ཕ་མ་དྲན་དོ། །
  • ཆོས་ཉིད་ Choney
    ཨཱ་ རི་ལོ་ཤིང་ཕར་གྱི་ཤིང་དང་ཚུར་གྱི་ཤིང་ཡོ། །ཤིང་གཉིས་ཀྱི་ངང་དུ་འཛོམས་དུ་རེད། །
  • ཆོས་ཉིད་ Choney
    ཨཱ་ རི་ལོ་ཆུ་ཕར་གྱི་ཆུ་དང་ཚུར་གྱི་ཆུ་ཡོ། །ཆུ་གཉིས་ཀྱི་ངང་དུ་འཛོམས་དུ་རེད། །
  • ཆོས་ཉིད་ Choney
    ཨཱ་ རི་ལོ་ཐང་ཕར་གྱི་ཐང་དང་ཚུར་གྱི་ཐང་གཉིས། །དམག་སྲིད་ལ་དམག་གཡོག་མ་རྐྱབ་ས་རེད། །
  • ཆོས་ཉིད་ Choney
    རྫོགས་སོང་ཡི་ད་ དེམ་ཅིག་ཨིན་ངེའི།