Skip to main content Skip to search
21 Jun 2018
37 min 12 sec
Video Overview
Creators: 
Duptho, Sonam Chophel

Dorji Phuntsho from Namdrol Choeling Lhakhang in Radhi narrates an account of Kuntu Lekpa. Khandro Drowa Zangmo married King Kala Wangpo; they had a princess and a prince named Kuntu Lekpa. The evil Queen Hashang tried to throw Kuntu Lekpa off a cliff. However, Drowa Zangmo transformed herself into 2 eagles, 1 male and 1 female; the male swooped down and caught the prince. Drowa Zangmo plunged him into the ocean, and changed herself into 2 fish, 1 male and 1 female. The male carried the prince to safety on the land of Pemachen, where he was revered and became king. The evil Queen Hashang attacked Pemachen, determined to conquer Drowa Zangmo’s children. Unsuccessful, the evil queen was killed by the first arrow shot from the prince’s bow.

 

ར་དྷི་རྣམ་གྲོལ་གླིང་དགོན་པ་ལས་ རྡོ་རྗེ་ཕུན་ཚོགས་ཀྱིས་ རྒྱལཔོ་ཀ་ལ་དབང་པོ་དང་ མཁའ་འགྲོ་འགྲོ་བ་བཟང་མོའི་སྲས་ ལྷ་སྲས་ཀུན་ཏུ་ལེགས་པའི་ ལོ་རྒྱུས་སླབ་ཨིནམ་ད་ ལྷ་སྲས་མཆོག་ ཡུམ་འགྲོ་བ་བཟང་མོའི་སྲས་སུ་ སྐུ་འཁྲུངས་པའི་ཤུལ་ལུ་ སྐུ་ན་མ་སྨིནམ་ལས་ ཡབ་རིན་པོ་ཆེའི་ བདུདམོ་གི་སྤྲུལ་པ་ཅིག་ བཙུནམོ་སྦེ་བཞེས་ཏེ་ ལྷ་སྲས་མཆོག་་དང་ ཁོ་གི་ཨ་ཞེམོ་ཀུན་ཏུ་བཟང་མོ་གཉིས་ལུ་ དཀའ་སྡུག་མྱོང་བའི་མཐའ་མ་ ལྷ་སྲས་ཀུན་ཏུ་ལེགས་པ་འདི་ དཀྲོངས་ནི་སྦེ་ བྱག་ནང་ལས་མར་བཀོ་བཏངམ་ད་ ཡུམ་འགྲོ་བ་བཟང་མོ་གིས་ ཁྱ་རྒོད་ཕོ་མོ་ལུ་སྤྲུལ་ཏེ་ ལྷ་སྲས་འདི་སྲོག་སྐྱབས་འབད་ནུག། འདི་ལས་ལྷ་སྲས་འདི་ ཆུ་ནང་བུདཝ་ད་ ཡུམ་གྱི་ཉ་ལུ་སྤྲུལ་ཏེ་ ཆུའི་མཐའ་མར་བཏོན་གནང་ཡོདཔ་ད་ ལུང་བསྟན་དང་འཁྲིལ་ཏེ་ ལྷ་སྲས་འདི་གཡུས་པདྨ་ཅན་གྱི་རྒྱལཔོ་མཛད་དེ་ ཤུལ་ལས་གཡུས་པདྨ་ཅན་ལས་སྦེ་ བདུདམོ་དང་དམག་རྐྱབ་སྟེ་ དམག་གི་རྒྱལ་ཁ་ཐོབ་སྟེ་ དེ་ལས་ཚུར་ རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་སྟེ་ དགའ་ཏོག་ཏོ་སྦེ་བཞུགས་གནང་ནུག།

Transcript search
No results found for this search
0 of 0
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལགས་སོ་ ཏེ་ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནཱི་སྲས་ གཡུས་པདྨ་པ་ཅན་གྱི་ སྲས་ཀུན་ཏུ་ལེགས་པའི་སྐོར་ལས་ ཏེ་ ལོ་རྒྱུས་ཆུང་ཀུ་ཅིག་ཞུ་བ་ཅིན་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཏ་ཝང་ལུ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏ་ཝང་ལུ་ ད་ ད་ལྟོ་ མཎྜལ་སྒང་ཟེར་ས་ལུ་འབད་བ་ཅིན་ ས་གནས་ཨ་ཙི་ཅིག་ ཕར་ཡོདཔ་ཨིན་མས་ལགས་ འ་ནཱིའི་བར་ན་ལུ་ གནམ་མེད་ས་མེད་ཀྱི་ནགས་ཚལ་སྦོམ་ཅིག་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ནགས་ཚལ་སྦོམ་གནམ་མེད་ས་མེད་ནགས་ཚལ་སྦོམ་ལུ་ ཏེ་ནང་ན་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་བྲམ་ཟེ་ཡབ་ཡུམ་གཉིས་བཞུགས་སྟེ་ཡོདཔ་ཨིན་མས་ལགས་ བྲམ་ཟེ་ཡབ་ཡུམ་གཉིས་ ག་ཅི་སྨོ་ཟེར་བ་ཅིན་ ལོ་བརྒྱ་ལངས་ལངསམ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལོ་བརྒྱ་ལྷག་སོང་ནུག་ ཁོང་གཉིས་ཆ་ར་ ལོ་བརྒྱ་ལྷག་སྟེ་ གནམ་མེད་ས་མེད་སྐུ་བགྲེས་ཏེ་ ཏེ་དེ་སྦེ་བཞུགས་བཞུགསཔ་མས་ ཁོང་གཉིསཔོ་དེ་ ག་དེ་སྦེ་བཞུགས་ཏེ་ཡོད་ཟེར་བ་ཅིན་ བཞེས་སྒོ་འདི་ དེ་སྦེ་བཞེས་ཏེ་སྡོད་ནུག་ཟེར་མིན་འདུག་ ཁོང་གཉིསཔོ་མཐུན་གནང་སྟེ་ མཚམས་གནང་སྟེ་བཞུགས་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མཚམས་གནང་སྟེ་ མཚམས་བཅད་དེ་རང་ ཏེ་དེ་སྦེ་བཞུགས་ནུག་ དེ་ལས་ ཉིནམ་གཅིག་འབདཝ་ད་ལུ་ ཏེ་བྲམ་ཟེ་མཛེས་མ་ ཡུམ་གྱི་མཚན་འདི་འབད་བ་ཅིན་ མཛེས་མ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱ་ལས་ འ་ནཱི་རྨི་ལམ་ནང་མཐོང་ནུག་ལགས་ རྨི་ལམ་དེ་ཡང་ ཤར་ལས་ཚུར་ ཉིམ་མཐོང་སྟེ་ ཤར་ལས་ཚུར་ཉིམ་གསལ་ཏོག་ཏོ་སྦེ་མཐོང་སྟེ་ ཉིམ་དེ་གིས་ མོ་གི་གཟུགས་ལུ་ཕོག་སྟེ་ གཟུགས་ལུ་ཕོག་ཞིནམ་ལས་ མོ་གི་གཟུགས་ལས་སྦེ་ ཏེ་ཕར་བལྟ་འོད་ཟེར་འཕྲོས་ཏེ་ ཕར་བལྟ་སྟེ་ ལོག་སྟེ་ འོད་ཟེར་གྱིས་ཕར་བལྟ་འགྱོ་བའི་སྐབས་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འཛམ་བུ་གླིང་ག་ར་ འོད་ཀྱིས་འཁྱབས་ཏེ་ གསལ་ཏོག་ཏོ་འགྱོ་བའི་ ཏེ་རྨི་ལམ་མཐོང་ནུག་མོ་གིས་ དེ་སྦེ་ ཏེ་ དེ་སྦེ་རྨི་ལམ་མཐོངམ་ད་ལུ་ ཏེ་ དབའི་ང་དེ་བཟུམ་ཅིག་ རྨི་ལམ་ཅིག་མཐོང་ཡི་ང་ཟེར་ མོ་རའི་ག་ཅི་ལོ་ ཨ་རྒས་ལུ་ རྨི་ལམ་བཤད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་རོགས་ཨང་རྒས་ཀྱིས་ ང་རྨི་ལམ་འདི་བཟུམ་ཅིག་མཐོང་ཡི་ ག་ཅི་ཨིན་ན་ཟེར་ ལེགས་ཤོམ་སྨོ་ ཟོགཔ་སྨོ་དེ་བཟུམ་འདི་ཟེར་གསུངས་ནུག་ དབའི་ ཏེ་ ལེགས་ཤོམ་ཨིན་འདི་དེ་ཟེར་ གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཡབ་ཀྱིས་ལེགས་ཤོམ་ཨིན་ འ་ནཱི་འདི་ཏེ་ དབའི་ཡང་ན་ ང་བཅས་གཉིས་ལུ་ ཨ་ལོ་རེ་སྐྱེ་ནི་མེན་ག་སྨོ་ཟེར་ དེ་སྦེ་ཨ་ལོ་གཅིག་སྐྱེ་ནིའི་ལོ་རྒྱུས་ཅིག་ཨིན་མས་ མ་པ་རྨི་ལམ་དང་འཁྲིལ་བ་ཅིན་ཟེར་ དབའི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨ་ལོ་གཅིག་ག་དེ་སྦེ་སྐྱེ་ནི་ང་ལོ་གཅིག་བརྒྱ་དེམ་ཅིག་ གཅིག་བརྒྱ་ལངསམ་ཨིན་ཟེར་ ཨ་ལོ་ག་ཏེ་སྐྱེ་ནི་ཟེར་ དེ་བཟུམ་ཅིག་ ཁྱོད་ཀྱིས་ག་ཅི་སླབ་སྨོ་ཟེར་ དེ་ལས་ ཨ་རྒས་ལུ་དེ་སྦེ་ཞུ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཁྱོད་ག་ཅི་ར་ཨིན་རུང་ཁྱད་མེད་ ཁྱོད་ལེགས་ཤོམ་སྦེ་ གཙང་ཏོག་ཏོ་སྦེ་ ཁྱོད་མཚམས་ནང་རང་སྡོད་ ད་ ཁྱོད་ཕྱི་ཁར་འཐོན་རང་མ་འཐོན་མས་ཟེར་ ད་ ནམ་རང་ཨིན་རུང་ཕྱི་ཁར་འཐོན་ནི་མེད་མས་ཟེར་ ཨ་རྒས་ཀྱིས་ཧེང་སྐལ་ར་མཚམས་ནང་བསྡམས་ནུག་ཨང་རྒས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མཚམས་ནང་ལས་ ད་ ཕྱི་ཁར་འཐོན་རང་མ་འཐོན་སྨ་རེད་ཟེར་ ད་ དེ་སྦེ་མཚམས་ནང་བསྡམས་ཏེ་ ཏེ་བཞག་ནུག་ དེ་ལས་ འ་ནཱ་ལས་ ཟླཝ་དགུ་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཟླཝ་དགུ་སོང་ནུག་ ཟླཝ་དགུ་སོངམ་ད་ ད་ ནཱ་ལས་ཕོཝ་ནང་ལས་ཡར་ ཨོཾ་མ་ཎི་པདྨེ་ཧཱུྃ་ ཨོཾ་མ་ཎི་པདྨེ་ཧཱུྃ་ ཨོཾ་མ་ཎི་པདྨེ་ཧཱུྃ་ཟེར་ ཚར་གསུམ་སླབ་ནུག་ ཨང་རྒས་ཀྱི་ཕོཝ་ནང་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཨང་རྒས་དེ་ རྣམ་རྟོག་ལངས་ཏེ་ དབའི་ངེའི་ཕོཝ་ནང་ལས་ དེ་བཟུམ་ཅིག་སླབ་དེས་ཟེར་ རྣམ་རྟོག་ལངས་ཏེ་ ཐོན་འོང་ནུག་མཚམས་ཁང་ནང་ལས་ མཚམས་ཁང་ནང་ལས་ཐོན་འོང་སྟེ་ ཐོན་འོང་སྟེ་ ཨ་རྒས་ལུ་ ཞུ་ད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨ་རྒས་ལུ་ ཏེ་དབའི་ ངེའི་ཕོཝ་ནང་ལས་ དེ་བཟུམ་ཅིག་སྐད་རྐྱབ་དེས་ཟེར་ ག་ཅི་ཨིན་ན་ཟེར་སླབ་ད་ལུ་ དབའི་ ཁྱོད་ཡར་མཚམས་ནང་ལས་ འཐོན་རང་མ་འཐོན་ཟེར་སླབ་ད་ ཁྱོད་ག་ཅི་སྦེ་འོང་ཡི་ཟེར་ ཁྱོད་ད་ལྟོ་རང་ལོག་སྟེ་འགྱོ་ཟེར་སླབ་ད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་བཟུམ་སྦེ་ ཁྱོད་ག་ཅི་སྦེ་ འཐོན་འོང་ཡི་ཟེར་སླབ་ད་ལུ་ ངེའི་ཕོཝ་ནང་ལས་ དེ་བཟུམ་ཅིག་ ཨོཾ་མ་ཎི་པདྨེ་ཧཱུྃ་ ཨོཾ་མ་ཎི་པདྨེ་ཧཱུྃ་ཟེར་ ཚར་གསུམ་སྐད་རྐྱབ་བྱིན་དེས་ཟེར་ ང་འ་ནཱ་ལས་ རྣམ་རྟོག་ལངས་ཏེ་ འདྲོག་སྟེ་འོང་ཡི་ཟེར་སླབ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཁྱོད་འ་ནཱི་བཟུམ་སྦེ་ མ་འབད་ཟེར་ ཁྱོད་དེ་སྦེ་འཐོན་ནི་མི་འོང་ཟེར་ ཡང་ན་ འགྲོ་བ་ལུ་ཕན་པའི་ གནམ་མེད་ས་མེད་ཀྱི་ལེགས་ཤོམ་ཅིག་ ང་བཅས་གཉིས་ལུ་ ཡང་ན་ སྲས་གཅིག་ ཡང་ན་སྲསམོ་གཅིག་འཁྲུངས་ནི་ཅིག་ཨིནམ་འོང་ནི་མས་ཟེར་སླབ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་ ག་ཅི་དེ་བཟུམ་ཅིག་འཁྲུངས་ནི་ ག་ཅི་འོང་ནི་ ལོ་བརྒྱ་སོང་བའི་མི་ཨིན་པས་ ག་ཅི་འོང་ནི་ཟེར་ ད་ འ་ནཱི་ལྟས་ངན་པ་ཅིག་ཨིན་པས་ཟེར་ ངེའི་ཕོཝ་ནང་ན་ལས་ དེ་བཟུམ་ཅིག་སྐད་རྐྱབ་མི་འདི་ ག་ཏེ་ལུ་ཡང་ ཨ་ལོ་གིས་ནང་ན་ལས་ ཕོཝ་ནང་ལས་སླབ་མི་དེ་ ས་ག་ཏེ་ལུ་ཡང་ ང་གིས་གོ་མ་མྱོང་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་དེ་ ལྟས་ངན་ཐད་རི་བ་རི་ཨིན་མས་ཟེར་ ཨང་རྒས་ཀྱིས་འདི་ དེ་སྦེ་སླབ་ནུག་ དེ་ལས་ ཨ་རྒས་ཀྱིས་འདི་ ལྟས་ངན་མེནམ་འོང་ཟེར་ ཁྱོད་ར་ཙང་བཏང་སྡོད་ཟེར་ ཨ་རྒས་ཀྱི་ལོག་ཏེ་རང་བདའ་སྟེ་ དེ་སྦེ་མཚམས་ཁང་ནང་བཞུགས་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་ཅིག་གི་བར་ན་ལུ་ སྲས་མོ་གཅིག་འཁྲུངས་ཡི་ཟེར་ཨིན་མས་ སྲས་མོ་འཁྲུངས་ཏེ་ དེ་ལས་ སྲས་མོ་ འཁྲུངས་པའི་སྐབས་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ལྷའི་དབང་པོ་རྒྱ་བྱིན་ལ་སོགས་པ་ འོག་ཕྱོགས་གཙུག་ན་རིན་ཆེན་ལ་སོགས་པ་ག་ཅི་ལོ་ ག་ར་ལྷ་ག་ར་བྱོན་ནུག་ འ་ནཱི་ལུ་ འ་ནཱི་ལུ་བྱོན་ཏེ་ སྲས་མོ་འཁྲུངས་ཅིག་རང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ སྲསམོ་འཁྲུངསམ་ད་རང་ དེ་ལས་ མཁའ་འགྲོ་འགྲོ་བ་བཟང་མོ་ཟེར་ མཚན་འདི་དེ་སྦེ་བརྟགས་ནུག་མཁའ་འགྲོ་འགྲོ་བ་བཟང་མོ་ཟེར་ ག་ཅི་ལོ་ འགྲོ་བ་བཟང་མོ་ཟེར་ མཚན་དེ་ཡང་བརྟགས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱི་ལུང་བསྟན་དེ་ཡང་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ལྷ་ཚུ་གིས་ལུང་བསྟན་ནུག་ མོ་གི་དེ་ཁར་རང་ ལུང་འདི་ ཁྱོད་ཀྱི་བསྟན་པ་གསུམ་ཡོད་སྨ་རེད་ཟེར་ བསྟན་པ་སྔ་དར་ བར་དར་ ཕྱི་དར་གསུམ་ཡོད་ཟེར་ གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ བསྟན་པ་སྔ་དར་ བར་དར་ ཕྱི་དར་གསུམ་སླབ་པའི་སྐབས་ལུ་ ཁྱོད་ལུ་བར་ཆད་སྦོམ་གསུམ་ཡོད་ཟེར་གསུངས་ནུག་ ལྷ་ཚུ་གིས་ལུང་བསྟན་ནུག་ ད་ལྟོ་ང་བཅས་ཨ་ལོ་གཅིག་ ག་ར་ཨིན་རུང་ ལུང་མ་བསྟན་པར་ག་ཡང་མེད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ད་རེས་ནངས་པ་ ཨ་ལོ་སྐྱེཝ་ཅིག་རང་ ལུང་བསྟན་མི་དེ་ སྐྱེས་བཙན་འོངམ་ཨིན་ན་ ག་ཅི་ལོ་ སྐྱེ་བཙན་འོངམ་ཨིན་ན་མི་ཤེས་ ཏེ་ཨ་ནཱི་ལུང་བསྟན་མི་དེ་ མ་པ་རང་ཡོདཔ་ཨིན་མས་ དེ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་རོགས་མཁའ་འགྲོ་འགྲོ་བ་བཟང་མོ་འབད་བ་ཅིན་ ལྷ་ཚུ་གིས་ལུང་བསྟན་ནུག་ ཏེ་ལྷ་ཚུ་གིས་ལུང་བསྟན་པའི་སྐབས་སུ་ལུ་ བསྟན་པ་འདི་སྔ་དར་ བར་དར་ ཕྱི་དར་གསུམ་སྦེ་ཡོད་ཟེར་ ཁྱོད་ཡང་བར་ཆད་སྦོམ་ཡོད་ཟེར་གསུངས་ནུག་ ཏེ་ བར་ཆད་སྦོམ་དེ་ཡང་ ག་ཅི་དང་ག་ཅི་ར་ཨིན་ན་ཟེར་སླབ་པ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བསྟན་པ་སྔ་དར་གྱི་སྐབས་སུ་ལུ་ ཁྱོད་ལུ་མནའ་མར་ལྷང་མི་ལྷོད་འོང་ཟེར་གསུངས་ནུག་ མནའམ་མར་ལྷང་མི་ལྷོད་འོང་ཟེར་གསུངས་ནུག་ དེ་ལས་ བསྟན་པ་སྔ་དར་ དེ་ལས་ བར་དར་གྱི་སྐབས་སུ་ལུ་ ཁྱོད་ལུ་ད་རུང་རང་བར་ཆད་སྦོམ་སྦེ་ རྐྱབ་མི་ཅིག་ལྷོད་འོང་ཟེར་གསུངས་ནུག་
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ བསྟན་སྔ་དར་བར་དར་ ཕྱི་དར་ཟེར་བའི་སྐབས་ལུ་འབད་བ་ཅིན་ ཁྱོད་ར་ཕར་ལུ་སྡོད་པ་ཅིན་ ཁྱོད་ རའི་སྲོག་དང་འབྲལ་ནི་མ་གཏོགས་ ག་ནི་ཡང་མེད་ ཁྱོད་ར་ལྷའི་ཞིང་ཁམས་ལུ་ འོང་དགོ་སྨ་རེད་ཟེར་ ལུང་བསྟན་དེ་སྦེ་གནང་བཞག་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལུང་བསྟན་འདི་ མོ་ལུ་དེ་སྦེ་གནང་ཞིནམ་ལས་ ལྷ་དེ་ཚུ་ལོག་སྟེ་བྱོན་ནུག་ ལྷ་ཚུ་བྱོན་ཏེ་ དེ་ལས་ ཁོང་མ་སྨད་གསུམ་རྐྱངམ་གཅིག་ལུས་ནུག་ འ་ནཱ་ལས་ སྐུ་ཞག་གསུམ་སོང་ཞིནམ་ལས་ཚུར་ ང་ར་མཚམས་ནང་བཞུགས་ནི་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ སྐུ་མཚམས་ནང་ལུ་བཞུགས་ནུག་ སྐུ་མཚམས་ནང་ལུ་ ཁོང་གསུམ་རང་རང་རང་ས་སྐུ་མཚམས་ནང་ལུ་ ཁྱིམ་དེ་ཡང་ ལྡེ་མིག་རྐྱབ་རྐྱབ་བཟུམ་སྦེ་ ཕྱི་ཁར་འཐོན་ནི་རང་མེད་པར་ བཞེས་སྒོ་དེ་སྦེ་བཞེས་ཡི་ཟེར་ཡང་ གནམ་མེད་ས་མེད་ཅིག་མིན་འདུག་ག་ནི་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ཧེ་མ་ ཏིང་འཛིན་ངང་ལུ་ཙམ་ཅིག་བཞུགས་བཞུགསཔ་མས་ དེ་ལས་ དེ་སྦེ་བཞུགས་ཞིནམ་ལས་ དེ་ཅིག་གི་བར་ན་ལོ་བཅོ་ལྔ་དེ་ཅིག་སོང་ནུག་ འ་ནཱི་ཅིག་གི་བར་ན་ལུ་ ཁོང་ར་གཉིསཔོ་དེ་ འ་ནཱི་དགོན་པ་ནགས་ཚལ་ནང་ན་ར་བཞུགས་ཏེ་ཡོདཔ་ཨིན་མས་ལགས་ཁོང་གསུམ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཉིནམ་གཅིག་འབདཝ་ད་ལུ་ ཏེ་ཏ་ཝང་གི་རྒྱལ་པོ་ དེའི་བསྒང་ལུ་ རྒྱལ་པོའི་མཚན་དེ་ ཀ་ལ་དབང་པོ་ཟེར་སླབ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་གི་མཚན་དེ་ ཀ་ལ་དབང་པོ་ཟེར་ དེ་ལས་ རྒྱལ་པོ་དེ་གིས་ ཉིནམ་གཅིག་འབདཝ་ད་ བློན་པོ་ཚུ་ག་ར་བཀུག་ནུག་ བློན་པོ་ཚུ་མ་པ་ལས་རང་ ལོ་རེ་ནང་ཚར་རེ་ཚར་རེ་ཤ་བདའ་བར་བྱོནམ་ཨིན་མས་ ལོ་རེའི་ནང་ཚར་རེ་ ཤ་བདའ་ཞིནམ་ལས་འབག་འོང་སྟེ་ དེ་ལས་ ཤ་ཚུ་སྐམ་བཞགཔ་ཨིན་མས་ དེ་ལས་ཏེ་ ཉིནམ་གཅིག་འབདཝ་ད་ ཁོང་བློན་པོ་ཚུ་ག་ར་བཀུག་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཡ་ད་ ཞག་འ་ནཱི་ཅིག་གི་བར་ན་ ང་བཅས་ཚུ་ཤ་བདའ་བར་འགྱོ་ནི་ཨིན་སྨ་རེད་ཟེར་ ཏེ་འ་ནཱི་ཀྲིག་ཀྲིག་སྦེ་ ཁྱོད་ཚུ་ག་ར་གྲ་སྒྲིག་འབད་སྨ་རེད་ཟེར་ དེ་ལས་ ཁྱི་ལྕགས་ཁྱི་བ་ཁྱི་ཟེར་ཡང་ གྲ་སྒྲིག་འབད་སྨ་རེད་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ རོ་ཁྱི་གི་མིང་འདི་འབད་བ་ཅིན་ ལྕགས་ཁྱི་བ་ཁྱི་ཨིན་མས་ ཁྱི་ལྕགས་ཁྱི་བ་ཁྱི་ཟེར་མི་དེ་ཡང་ ཀྲིག་ཀྲི་སྦེ་ གྲ་སྒྲིག་སྦེ་འབད་ད་སྨ་རེད་ཟེར་གསུངས་ནུག་ དེ་ལས་ ཁྱོད་ར་ཚུ་ག་ར་མདའ་དང་གཞུ་གྲ་སྒྲིག་འབད་དེ་ ཀྲིག་ཀྲི་སྦེ་ ནཱ་སྒྲིང་སྒྲང་སྦེ་ཟེར་ རྒྱལ་པོ་གིས་བཀའ་གནང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ད་ འ་ནཱ་ ཆོས་བློན་སྤྲིན་ནག་འཛིན་ཟེར་མི་དེ་གིས་ ཆོས་བློན་སྤྲིན་ནག་འཛིན་གིས་བཞེངས་ཞིནམ་ལས་ཞུ་ནུག་ ད་ གཞན་བཅའ་སྒྲིག་དེ་ཚུ་འདི་རྐྱབ་གེ་རྒྱལ་པོའི་བཀའ་དང་འཁྲིལ་ཏེ་ཟེར་ ཁྱི་ལྕགས་ཁྱི་བ་ཁྱི་དེ་ མི་འབག་གེ་མེན་ན་ཟེར་ཞུ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱི་ལྕགས་སྤྲོད་པ་ཁྱི་འདི་ འབག་སོང་པ་ཅིན་ སེམས་ཅན་འདི་ཚུ་ ལེ་ཤཱ་རང་བསད་བཞགཔ་མེད་ཟེར་ ད་ འ་ནཱི་དྲག་པས་ཟེར་ ཁོའི་ཐུགས་བསམ་དེ་སྦེ་བཞེས་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ཁྱི་ ཁྱི་ལྕགས་ཁྱི་བ་ཁྱི་ཟེར་མི་འདི་ ཏེ་མི་འབག་གེ་ཟེར་ གཞན་མདའ་དང་གཞུ་ཚུ་དེ་ གྲ་སྒྲིག་འབད་དེ་ ང་བཅས་ཚུ་གིས་ གྲ་སྒྲིག་འབད་གེ་ཟེར་ཞུ་ནུག་ དེ་ལས་ཏེ་ རྒྱལ་པོ་དགོངས་ཁྲེལ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་གིས་ ཏེ་རྒྱལ་པོའི་བཀའ་ལན་གཅིག་མ་གཏོགས་ ལན་གཉིས་མེད་ཟེར་ ཏེ་འ་ནཱི་འདི་ གྲ་སྒྲིག་འབད་ཟེརཝ་ད་འབད་ད་ཟེར་ ཏེ་འ་ནཱི་ ཁྱི་ལྕགས་ཁྱི་བ་ཁྱི་དེ་ འབག་ནི་གི་ཀྲིག་ཀྲི་གྲ་སྒྲིག་འབད་ད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ བཀའ་གནང་ནུག་ ཏེ་ ལགས་སོ་ཟེར་ཞུ་སྟེ་ དེ་ལས་ འ་ནཱ་ལུ་ དེ་སྦེ་འབད་ཞིནམ་ལས་ ཉིནམ་གཅིག་འབདཝ་ད་ ཁོང་ཆ་ཁྱབ་ག་ར་ གྲ་སྒྲིག་རྐྱབ་སྟེ་ མདའ་དང་གཞུ་གྲ་སྒྲིག་རྐྱབ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་རོ་ཁྱི་ཡང་ གྲ་སྒྲིག་འབད་དེ་ ཉིནམ་གཅིག་འབདཝ་ད་ ཁོང་ག་ར་ ལོ་རེ་ལུ་ ཚར་རེ་བྱོན་དགོཔ་ཨིན་མས་ འ་ནཱི་ཤ་བདའ་བར་ནགས་ཚལ་ནང་ལུ་ ཤ་བདའ་བར་ དེ་ལས་ བྱོན་བྱོནམ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་སྦེ་བྱོན་ཏེ་ ཡར་ཕུ་དང་ནགས་ཚལ་ནང་ལྷོད་པའི་སྐབས་ལུ་ ནགས་ཚལ་ནང་ལུ་ སྤང་ཐང་ཅིག་གི་ནང་ལུ་ ཏེ་ ཀ་ཤ་སུམ་བཅུ་ཐམ་པ་ འ་ནཱི་ཁྱི་ལྕགས་ཁྱི་བ་ཁྱི་གིས་འགྱོཝ་ཅིག་རང་ ཀ་ཤ་སུམ་བཅུ་ཐམ་པ་བསད་བཏང་ད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་ག་ར་ ཀ་ཤ་སུམ་བཅུ་ སུམ་བཅུ་ཐམ་པོ་བསད་ཞིན་ན་ ཏེ་འ་ནཱ་ལས་ཤ་འདི་ཐོབ་ནུག་ ཁོང་ཆ་ཁྱབ་མདའ་དང་གཞུ་རྐྱབ་རང་མ་དགོ་པས་ ཏེ་རོ་ཁྱི་གིས་ ཁོ་གིས་བསད་ད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱི་ཤ་འདི་ཐོབ་སྟེ་ ག་ཅི་ལོ་ཤ་འདི་ཐོབ་སྟེ་ དེ་སྦེ་སྡོད་པའི་བར་ན་ར་ འ་ནཱི་རོ་ཁྱི་དེ་ ཀ་ཤ་སུམ་བཅུ་ཐམ་པ་བསད་ཞིན་ན་ དེ་ལས་ རོ་ཁྱི་དེ་ ག་ཏེ་འགྱོ་ཡི་རང་མེད་ཡར་སོང་ནུག་ རོ་ཁྱི་དེ་ འབྱང་ད་ནུག་ ག་ཏེ་འབྱང་ཡར་སོང་ག་ར་མ་ཤེས་པར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རོ་ཁྱི་དེ་ ག་ཏེ་འགྱོ་ཡི་ག་རང་མེད་པར་ དེ་ལས་ཏེ་རྒྱལ་པོ་གིས་ཏེ་ འ་ནཱི་རོ་ཁྱི་དེ་ ག་ཏེ་འགྱོ་ཡི་ག་ཟེར་གསུངསམ་ད་ ག་ཏེ་འགྱོ་ཡི་ག་རང་ཧ་མ་གོ་ཟེར་ དེ་ལས་མིན་འདུག་ ཏེ་རོ་ཁྱི་མེདཔ་སོང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ རོ་ཁྱི་འཚོལ་ཏེ་ བྱེལཝ་ལངས་སོང་ནུག་ཁོང་ཆ་ཁྱབ་ རོ་ཁྱི་འཚོལ་བའི་ཟེར་ དེ་ལས་ཏེ་ རོ་ཁྱི་ག་ཏེ་སོང་ཡི་ག་ཟེར་ རྐང་རྗེས་བདའ་སྟེ་ དེ་སྦེ་འབད་དེ་ རོ་ཁྱི་མིན་འདུག་ དེ་ལས་ གནམ་སྲོ་དོ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ལོག་སྟེ་གཟིམ་ཅུང་ནང་ལྷོད་དགོཔ་ཨིན་མས་སྦ་ ཁོང་ཆ་ཁྱབ་གདན་མལ་ཆ་ག་ནི་ཡང་ མ་འབག་པར་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕྱི་རུ་ལོག་སྟེ་མར་གཟིམ་ཅུང་ནང་ལྷོད་ནི་གིས་ཨིན་མས་ དེ་སྦེ་འགྱོ་ཡོདཔ་ཨིན་མས་ དེ་ལས་ཏེ་ རོ་ཁྱི་དེ་ ལོག་འཚོལ་མ་ཐོཔ་པ་ཅིན་ ད་རེས་ང་བཅས་ཚུ་ འ་ནཱི་རང་སྡོད་ནི་མ་གཏོགས་ ག་ཡང་འགྱོ་ནི་མེད་སྨ་རེད་ཟེར་ རྒྱལ་པོ་གིས་བཀའ་གནང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་རོ་ཁྱི་དེ་ འཚོལ་ཐོབ་སྦེ་རང་འབད་དགོ་ཟེར་ རོ་ཁྱི་དེ་འཚོལ་མ་ཐོབ་པ་ཅིན་ ང་བཅས་ཚུ་ག་ཡང་ ཕུད་རྡོག་གཅིག་རང་མི་འགྱོ་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རོ་ཁྱི་འཚོལ་མ་ཐོབ་ཚུན་ཚོད་ རྒྱལ་པོའི་ཕོ་བྲང་ ང་བཅས་ཚུ་ཕོ་བྲང་ནང་ལུ་ ཏ་ཝང་ལུ་ རྫོང་ནང་མི་འགྱོ་ཟེར་ རྒྱལ་པོ་གིས་མནའ་བཞེས་དོ་བཟུམ་མཛད་ནུག་རྒྱལ་པོ་གིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱི་རོ་ཁྱི་དེ་ ག་དེམ་ཅིག་འཚོལ་བལྟ་རུང་མེད་པར་ ནགས་ཚལ་ནང་ལུ་ ཁོང་ཆ་ཁྱབ་ག་ར་ལུས་སོང་ནུག་ཏེ་ ནགས་ཚལ་ནང་ན་ག་ར་གཟིམ་བཞུགས་ཏེ་ ཁོང་ཆ་ཁྱབ་ག་ར་དེ་སྦེ་ ལུས་ནུག་ཞག་གཅིག་ དེ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ན་ལུ་ལུས་ཏེ་ དེ་ལས་ ག་ཅི་ལོ་ གནམ་རབ་རིབ་འབདཝ་ད་ལུ་ ཆོས་བློན་སྤྲིན་གནག་འཛིན་ལུ་གསུངས་ནུག་ ཏེ་དབའི་ ཆོས་བློན་སྤྲིན་གནག་འཛིན་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱོད་ཀྱིས་ཡར་སྤོ་ཏོ་ཁར་འགྱོ་ཞིནམ་ལས་ལྟ་ཤིག་ཟེར་ འ་ནཱ་ལས་ཕར་ཚུ་ ཏེ་ གཡུས་ཚན་རེ་མིན་འདུག་ག་ དེ་ལས་ རོ་ཁྱི་གི་སྐད་རེ་མི་གོ་བས་ག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མི་སྐད་རེ་མི་གོ་བས་ག་ ཁྱོད་ཀྱིས་སྤོ་ཏོ་ཐོག་ཁར་འགྱོ་སྟེ་ལྟ་ད་ཟེར་ བཀའ་གནང་ནུག་ འ་ནཱི་ཆོས་བློན་སྤྲིན་གནག་འཛིན་ལུ་བཀའ་གནང་ནུག་རྒྱལ་པོ་གིས་ རྒྱལ་པོ་ཀ་ལ་དབང་པོ་གིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ཏེ་ ག་ཅི་ལོ་ཆོས་བློན་སྤྲིན་གནག་འཛིན་གྱིས་ ལགས་སོ་ཟེར་ ད་ ཞུ་ཞིནམ་ལས་སོང་སྟེ་ ཡར་ཕུ་ཆེན་ཅིག་གི་ཐོག་ཁར་སོང་སྟེ་ ཡར་ལས་མར་ལྟག་བལྟ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁོ་གིས་གཟིགསཔ་ད་ལུ་འདི་ དེ་ལས་ཕར་ནགས་ཚལ་སྦོམ་ ནགས་ཚལ་གྱི་བར་ན་ལུ་ དུ་པ་བཟུམ་ཅིག་ཐོན་དོ་བཟུམ་ཅིག་མཐོང་དོ་ཡོདཔ་ཨིན་པས་ ཁོ་གི་སེམས་ཁར་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དུ་པ་ཐོན་ནི་མེདཔ་ཨིན་པས་ མ་པ་འདི་ དུ་པ་ཐོན་དོ་བཟུམ་སྦེ་མཐོང་དོ་ཡོདཔ་ཨིན་མས་ དེ་ལས་ རོ་ཁྱི་གི་སྐད་ཡང་རྐྱབ་དོ་བཟུམ་གོཝ་ཨིན་མས་ ཁོ་གི་སྐད་ རོ་ཁྱི་ཡང་སྐད་རྐྱབ་ནི་མེདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མ་པ་འདི་ ཏེ་ཁོའི་སྐད་ ཁོ་གི་རྣམ་ཅོག་ཁར་དེ་སྦེ་ར་གོཝ་ཨིན་མས་ དེ་ལས་ མིག་ཏོ་གིས་ཡང་ དེ་སྦེ་མཐོངམ་ཨིན་མས་ དུ་པ་དཐོན་དོ་བཟུམ་སྦེ་མཐོངམ་ཨིན་མས་ དེ་ལས་ མ་པ་འདི་ ག་ཅི་ཡང་མེདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་ལས་ལོག་སྟེ་རང་ རྒྱལ་པོ་བཞུགས་སར་ སྐུ་མདུན་ལུ་བཅར་ཏེ་ རྒྱལ་པོ་ལུ་ཞུ་ནུག་ ད་ཕར་ནགས་ཚལ་གྱི་བར་ན་ལུ་ དུ་པ་ཐོན་དོ་བཟུམ་ཅིག་འབདཝ་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རོ་ཁྱིའི་སྐད་ཡང་གོ་དོ་བཟུམ་ཅིག་འབད་མས་ཟེར་ ཁོ་གིས་ དེ་སྦེ་ཞུ་ནུག་ ཡ་་་ དེ་འབད་བ་ཅིན་ འ་ནཱ་་ཡོདཔ་འོང་ནི་མས་ ང་བཅས་ཆ་ཁྱབ་འགྱོ་གེ་ཟེར་ དེ་ལས་ རྒྱལ་པོ་བཞེངས་ཏེ་ ཁོང་ཆ་ཁྱབ་ག་ར་བྱོན་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་སྦེ་བྱོན་ཏེ་ དེ་ལས་ ཕར་ལུ་འཚོལ་ཏེ་ ནགས་ཚལ་གྱི་སྦུག་ལུ་ དེ་སྦེ་ ཕར་ལུ་འཚོལ་ཡི་འཚོལ་ཡི་བྱོན་པའི་སྐབས་ལུ་ ནགས་ཚལ་གྱི་སྦུག་ལུ་ ཏེ་ ཁྱིམ་གཅིག་ཡོདཔ་ཨིན་མས་ ཁྱིམ་གཅིག་ ཏེ་ ཁྱིམ་གཅིག་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཁྱིམ་ཁ་ཐུག་ལུ་ འ་ནཱ་ དེ་ལས་འདི་ རོ་ཁྱིའི་རྐང་རྗེས་ཡང་ཡོདཔ་བཟུམ་ཅིག་ གཟིགས་དོ་མས་ རྒྱལ་པོ་གིས་ རོ་ཁྱིའི་རྐང་རྗེས་ནང་ན་ལུ་འཛུལ་ཡོདཔ་བཟུམ་ཅིག་སྦེ་ གཟིགསཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ རོ་ཁྱི་དེ་ ཕར་ལྷོད་རང་མ་ལྷོདཔ་ཨིན་མས་ ཏེ་ དེ་ལས་ ད་ སྒོ་བརྡུངས་ད་ནུག་ཏེ་ སྒོ་ག་ཅི་ལོ་ ནང་ན་ལས་ ནམ་ཡང་འཐོན་ནི་རང་མེདཔ་ཨིན་མས་ དེ་ལས་ སྒོ་དོང་དོང་དོང་བཏང་བརྡུངས་ད་ནུག་ སྒོ་བརྡུངསམ་ད་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཧ་ལམ་ སྒོ་བརྡུང་ནི་དྲག་པའི་བསྒང་ལས་ ཧ་ལམ་ཅིག་ལས་ དེ་ལས་ཏེ་ དབའི་ག་སྨོ་ཟེར་ ནཱ་ལུ་མི་ག་ཡང་ལྷོད་ནི་མེད་ཟེར་སླབ་ནུག་ ག་ཡང་ལྷོད་ནི་མེད་ ག་ཡང་མེད་ མི་ཡང་མེད་ ཁྱི་ཡང་མེད་ ག་ཅི་ཡང་མེད་ འ་ནཱ་ནང་ན་ཟེར་ ད་རེས་ག་ཅི་ཨིན་ན་ཟེར་སླབ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ང་རྒྱལ་པོ་ཀ་ལ་དབང་པོ་ཨིན་ཟེར་ སྒོ་ཕྱེ་ཟེར་གསུངས་ནུག་ རྒྱལ་པོ་ཀ་ལ་དབང་པོ་ཨིན་ང་ཟེར་ ཏ་ཝང་གི་རྒྱལ་པོ་ཀ་ལ་དབང་པོ་ཨིན་ སྒོ་ཕྱེ་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དབའི་རྒྱལ་པོ་ཀ་ལ་དབང་པོ་དེ་ ཧ་མ་གོ་གོཝ་ཙམ་མ་གཏོགས་ ཞལ་མཇལ་མ་སྨྱོང་ཟེར་གསུངས་ནུག་ ཨ་ནཱི་ཡབ་ཀྱིས་ དེ་ལས་ སྒོ་ཕྱེ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་སྦེ་འབད་དེ་ནང་ན་བྱོནམ་ད་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཡང་འཁརཝ་བཙུགས་ཏེ་ དེ་སྦེ་ ཡར་བལྟ་ ལྟག་ཀོ་སེང་རང་མ་ཚུགས་དོ་ཡོདཔ་ཨིན་མས་ གནམ་མེད་ས་མེད་ ཡར་བལྟ་འ་ནཱི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གནམ་མེད་ས་མེད་སྐུ་ན་བགྲེས་ནི་དྲག་ནི་དེ་གིས་ ལོ་བརྒྱ་ལྷག་སོང་ཡོདཔ་ཨིན་པས་ཏེ་ དེ་ལས་ འ་ནཱ་ལས་ ཏེ་ འ་ནཱ་ ངེའི་རོ་ཁྱི་ནཱ་མ་ལྷོད་ག་ ངེའི་རོ་ཁྱི་ཁྱོད་ཆ་ཁྱབ་ཀྱིས་ནཱ་འབག་ནུག་ཟེར་ ངེའི་རོ་ཁྱི་དེ་ ཁྱོད་ཆ་ཁྱབ་ཀྱིས་གཡིབ་ནུག་ཟེར་ གསུངས་ནུག་ཕྲང་ཕྲང་རང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ངེའི་རོ་ཁྱི་འབག་ཤོག་ཟེར་གསུངས་ནུག་ དེ་ལས་ རོ་ཁྱི་ནཱ་མ་ལྷོད་ཟེར་ཞུ་ནུག་ ཐོན་རང་མ་ཐོན་ཟེར་ཞུ་ནུག་ མེད་ཟེར་ཞུ་ནུག་ དེ་ལས་ ཁྱོད་ཀྱིས་མ་འབག་པ་ཅིན་ ག་གིས་འབག་ཡི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ རྒྱལ་པོ་དགོངསམ་ཁྲེལ་ནུག་ ཏེ་ ཁྱེད་ཀྱི་ད་རུང་སྒོ་གཅིག་འདུག་ཟེར་ འ་ནཱི་སྒོ་དེ་ཕྱེ་ཤིག་ཟེར་གསུངས་ནུག་ སྒོ་ཕྱེ་ཟེར་ དེ་ལས་ཏེ་ འ་ནཱི་སྒོ་དེ་ ཕྱེ་ནི་མེད་ཟེར་ མཚམས་ནང་སྡོད་དེ་ཡོད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མཚམས་ནང་སྡོད་མི་ཡོད་དེའི་ནང་ན་ཟེར་ སྒོ་ཕྱེ་ནི་མེད་ཟེར་སླབ་ནུག་ དེ་ལས་ཏེ་ མི་བཏུབ་སྒོ་ཕྱེ་རང་ཕྱེ་དགོ་ཟེར་ ཏེ་ རྒྱལ་པོའི་བཀའ་ཨིན་མས་ ཕྱེ་གེ་ཟེར་ ད་རུང་ནང་ན་ འ་ནཱི་ནང་ན་ ཨང་རྒས་བཞུགས་ཏེ་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཨང་རྒས་དེ་ཡང་ ཡར་བལྟ་སེང་རང་མ་ཚུགས་པར་ཡོདཔ་ཨིན་མས་ ཨང་རྒས་ཡང་གནམ་མེད་ས་མེད་ སྐུ་བགྲེས་ནི་དྲག་ནི་དེ་གིས་ དེ་ལས་འ་ནཱི་བློ་དེ་ རྒྱལ་པོ་ཀ་ལ་དབང་པོ་དེ་ གོཝ་ཙམ་ཅིག་མ་གཏོགས་ ཞལ་མཇལ་མ་སྨྱོང་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ག་དེམ་ཅིག་སྦེ་བྱོན་ཡི་ཟེར་ སླབ་པའི་སྐབས་སུ་ལུ་ ག་ཅི་ལོ་ ལྟག་ཀོ་དེ་ཡར་སེང་མ་ཚུགསཔ་ཨིན་མས་ དེ་ལས་ འ་ནཱ་ལས་སྐུདཔ་ཀོག་ཏོ་གཅིག་གི་ འ་ནཱ་ ཨང་རྒས་ཀྱི་ མང་སྐེ་འོག་ལུ་བཙུགས་ཏེ་ དེ་ལས་ ཡར་བལྟ་ལྟག་ཀོ་སེང་ཞིན་ན་ དེ་ལས་ བློ་དྲི་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བློ་ བློ་དེ་སྦེ་གུག་ཞིན་ན་ གུག་སྟེ་བློ་ཐོན་མ་ཚུགས་དོ་མས་ དེ་ལས་ ལྟག་ཀོ་དེ་སྦེ་སེངམ་ད་ལུ་ འ་ནཱ་སྐུདཔ་ཀོག་ཏོ་གཅིག་བཞགཔ་ད་ ཨ་ཙི་ཅིག་བློ་ཐོནམ་ཨིན་མས་ དེ་ལས་ འ་ནཱ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ངེའི་རོ་ཁྱི་དེ་ ཁྱོད་ཚུ་གིས་བདག་འཛིན་ ག་ཅི་ལོ་ ནཱ་ཁྱོད་ཚུ་གིས་གཡིབ་ནུག་ཟེར་ ངེའི་རོ་ཁྱི་དེ་ ལོག་འབག་ཤོག་ཟེར་གསུངས་ནུག་ ཏེ་ རོ་ཁྱི་དེ་ ནཱ་མ་ལྷོད་ཟེར་ ཡོད་རང་མེད་ ག་ནི་ཡང་མེད་ཟེར་ ནཱ་ག་ཡང་མ་ལྷོད་ཟེར་ ཨ་ཙི་ཅིག་མི་བཏུབ་ཟེར་ རོ་ཁྱི་དེ་ ཁྱོད་ཚུ་གིས་རང་འབག་འབགཔ་ཨིན་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ངེའི་རོ་ཁྱི་དེ་ ཁྱེད་ཚུ་གིས་རང་ ནང་ན་བཙུགས་བཞག་བཞགཔ་ཨིན་ཟེར་ ད་ལྟོ་ཚུན་ཚོད་རོ་ཁྱི་དེ་ ག་ཏེ་ལུ་ཡང་འགྱོ་ནི་མེད་ཟེར་གསུངས་ནུག་ ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་རུང་རང་འ་ནཱི་ཁང་མིག་དེ་ ནང་ན་གི་ཁང་མིག་དེ་ ད་རུང་ འ་ནཱི་སྒོ་ཕྱེ་བལྟ་ད་ ཁྱོད་ཀྱིས་དེའི་ནང་ན་བཙུགས་བཞག་བཞགཔ་འོང་ཟེར་ དེ་ལས་ འདི་ནང་ཡང་མེད་ སྐུ་ཆེན་གསུང་ཆེན་ཟེར་སླབ་ནུག་ཨང་རྒས་ཀྱིས་ སྐུ་ཆེན་གསུང་ཆེན་ཨིན་ འདི་ནང་མེད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་ཡང་མེད་ཟེར་སླབ་ད་ སྒོ་ཕྱེ་རང་ཕྱེ་དགོ་ཟེར་ ཉན་མ་བཏུབ་བས་ འདི་ནང་ན་ལུ་ ངེའི་བུམོ་གཅིག་མཚམས་ནང་སྡོད་དེ་ཡོད་ མཚམས་ནང་སྡོད་དེ་ ད་ལྟོ་ལོ་བཅོ་ལྔ་སོང་ཡི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལྟོའི་བར་ན་སྒོ་མ་ཕྱེ་ཟེར་ སླབ་སླབ་མས་ ཏེ་ མི་བཏུབ་སྒོ་ཕྱེ་རང་ཕྱེ་དགོ་ཟེར་ ཏེ་ འ་ནཱ་ལས་ ཡབ་ཀྱིས་ རྒྱལ་པོ་གིས་མི་གསན་པས་ ཏེ་ཐུགས་མ་དག་པ་ཅིན་ གཟིགས་གནང་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ སྒོ་ཕྱེཝ་ད་ལུ་ཏེ་ ནང་ན་འོད་ཟེར་གྱིས་ཁྱབ་སྟེ་གནམ་མེད་ས་མེད་ ཏེ་ མཁའ་འགྲོ་ མཁའ་འགྲོའི་མཚན་དང་ལྡན་པ་ངོ་མ་ མཁའ་འགྲོ་ཨིན་མས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འོད་ཟེར་གྱིས་ཁྱབ་སྟེ་གནམ་མེད་ས་མེད་ དེ་སྦེ་བཞུགས་ཏེ་ཡོདཔ་ཨིན་མས་ དེ་ལས་ འ་ནཱ་ལུ་ རྒྱལ་པོ་དེ་ ཕར་ལུ་ཐུགས་ཤོར་སོང་ནུག་ ཐུགས་ཤོར་སོང་སྟེ་ དེ་ལས་ རོ་ཁྱི་དེ་ཡང་ དཔྱད་རིག་རང་མེདཔ་སོང་སྟེ དེ་ལས་ རོ་ཁྱི་དེ་ཡང་བརྗེད་སོང་ནུག་ དེ་ལས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རོ་ཁྱི་དེ་ ག་ཅི་སྨོ་ཟེར་བ་ཅིན་ མཁའ་འགྲོའི་ལུང་བསྟན་དང་འཁྲིལ་ཏེ་ཨིནམ་འདྲས་མེན་ན་ ལུང་བསྟན་དང་འཁྲིལ་ཏེ་འབད་ནི་དེ་གིས་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ རོགས་རོ་ཁྱི་དེ་ཡང་ རོ་ཁྱི་ངོ་མ་མེན་པས་ རོགས་མཁའ་འགྲོ་འབུམ་གྱི་སྤྲུལ་པ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རོ་ཁྱི་དེ་ འ་ནཱ་ལུ་ཐིམ་སོང་ཡོདཔ་ཨིན་མས་ ཨིན་རྒྱུ་དེ་ རོགས་ག་ཅི་ལོ་མཁའ་འགྲོ་ ཏེ་ འ་ནཱི་རོ་ཁྱི་དེ་ཡལ་ཡར་སོང་ནུག་མེན་ན་ཏེ་ རོགས་རོ་ཁྱི་དེ་ཡང་ རྒྱལ་པོ་གི་སྲོག་ཤིང་སྦེ་རང་བཞུགསཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་དེ་འབད་ནི་དེ་གིས་ མཁའ་འགྲོ་གིས་ སྤྲུལ་ཞིན་ན་ རོ་ཁྱི་ལུ་སྤྲུལ་ཏེ་བཞུགས་བཞུགསཔ་ཨིན་མས་ཏེ་ འ་ནཱི་རྣམ་ཤེས་ཐམས་ཅད་རང་ ཡར་མཐོ་རིས་ལུ་དྲངསཔ་ཨིན་མས་ རྣམ་ཤེས་ཚུ་ག་ར་ཡར་མཐོ་རིས་དྲངས་ཏེ་ སྡིག་པ་མེདཔ་བཟོ་བཞགཔ་ཨིན་མས་ རྒྱལ་པོའི་འོག་ལུ་ རྒྱལ་པོ་གི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ག་ཅི་སྨོ་ཟེར་བ་ཅིན་ རྒྱལ་པོ་ཟེར་མི་དེ་ སྡིག་པ་ཆུང་ཀུ་ཅིག་རང་རེག་ནི་མེད་པར་ རོ་ཁྱི་གི་བཟོ་བཞག་དོ་ཡོདཔ་ཨིན་མས་མེན་ན་ ག་ཅི་སྨོ་ཟེར་བ་ཅིན་ སྡིག་པ་ཟེར་མི་འདི་ རེག་ནི་རང་མེདཔ་སྦེ་ རོ་ཁྱི་གིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྣམ་ཤེས་ཐམས་ཅད་མཐོ་རིས་དྲངས་ཏེ་རང་བཞག་སྟེ་ ཤ་འདི་བཞེས་ཡི་བཞེས་ཡི་ དེ་ལས་ ཁོ་གི་དེ་སྦེ་ཟ་སྟེ་ དེ་བཟུམ་འབད་དོ་ཡོདཔ་ཨིན་མས་ འ་ནཱ་ལྷོདཔ་ད་ལུ་ རོ་ཁྱི་ཡང་ཡལ་སོང་ དེ་ལས་ འ་ནཱ་ནང་ན་འགྱོ་བལྟཝ་ད་ མཁའ་འགྲོ་དངོས་སུ་སྦེ་ནང་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཕར་བཞུགས་ཏེ་ འ་ནཱ་ལས་ དེ་ལས་ རོ་ཁྱི་གི་དཔྱད་རིག་ཟེར་མི་འདི་ ཡོད་རང་མེདཔ་སོང་སྟེ་ ཡ་ ད་འབདན་ཁྱོད་ ངེའི་བཙུན་མོ་སྦེ་འགྱོ་དགོ་སྨ་རེད་ཟེར་ བཀའ་གནང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་གིས་ རྒྱལ་པོ་ཀ་ལ་དབང་པོ་གིས་ ངེའི་བཙུན་མོ་སྦེ་འགྱོ་དགོ་སྨ་རེད་ཟེརཝ་ད་ དེ་ལས་ མཁའ་འགྲོ་གིས་ཞུ་ནུག་ཏེ་ དེ་སྦེ་མ་མཛད་ སྐུ་ཆེན་གསུང་ཆེན་ཨིན་ ངེའི་ཆོས་ཀྱི་བར་ཆད་གནང་མ་ད་ ང་ཆོས་བསྒྲུབ་སྟེ་སྡོདཔ་ཨིན་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ང་ལུ་དེ་སྦེ་མཛད་མ་ད་ཟེར་ཞུ་ནུག་ མི་བཏུབ་ཟེར་ ངེའི་བཀའ་ལན་གཅིག་མ་བཏོགས་ ལན་གཉིས་ཡོད་རང་མེད་ཟེར་ ང་རྒྱལ་པོ་ག་ཅི་སླབ་ནི་ ཏ་ཝང་གི་རྒྱལ་པོ་ ངེ་གི་ལྟག་ལས་ག་ཡོད་གོ་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་མི་བཏུབ་ཟེར་ ཁྱོད་འགྱོ་རང་འགྱོ་དགོ་སྨ་རེད་ཟེར་གསུངས་ཏེ་ དུས་ཚོད་འ་ནེ་ཅིག་ལུ་ ཁྱོད་ལེན་པར་ལྷོད་འོང་སྨ་རེད་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དུས་ཚོད་འ་ནེ་ཅིག་ཁར་ དུས་ཚོད་གཅིག་བཟོ་བཞག་ནུག་ དུས་ཚོད་བཟོ་སྟེ་ ཏེ་ དུས་ཚོད་འདི་ནང་ལྷོད་པའི་སྐབས་སུ་ལུ་ དེ་ལས་ ཨང་རྒས་དང་ཨ་རྒས་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གསུངས་ནུག་ཨང་རྒས་དང་ཨ་རྒས་ལུ་ ཡ་ ཏེ་ད་ ནཱ་ལུ་ང་དུས་ཚོད་འ་ནེ་ཅིག་ལུ་ ང་ལེན་པར་ལྷོད་འོང་ གཉེན་སྦེ་ ངེའི་མཁའ་འགྲོ་སྦེ་འབག་ནི་ བཙུན་མོ་སྦེ་འབག་ནི་སྦེ་ ང་ལྷོད་འོང་ འ་ནཱ་ལྷོད་པའི་སྐབས་སུ་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གནམ་ཁར་ཕུར་སོང་ཡི་ལོ་ ས་ཁར་འཛུལ་སོང་ཡི་ལོ་ བར་ན་ཡལ་སོང་ཡི་ལོ་ཟེར་མི་ཚུ་ཐོན་པ་ཅིན་ ཁྱོད་གཉིས་ཀྱི་ལྟག་ཀོ་བཏོག་གེ་མས་ཟེར་ རྒྱལ་པོ་གིས་བཀའ་གནང་སྟེ་ དེ་ལས་བྱོན་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་གིས་ དེ་སྦེ་བཀའ་གནང་སྟེ་ དེ་སྦེ་བྱོན་སོང་ནུག་ དེ་ལས་ འ་ནཱ་ལས་ ཉིནམ་གཅིག་མ་པ་ རྒྱལ་པོ་ཀ་ལ་དབང་པོའི་ཨ་མ་དེ་ ཡོད་ཏེ་ ཧེ་མ་ལས་ཡོད་ནི་འདི་ བདུདམོ་ཧ་ཤང་ཟེར་ཡོད་ བདུདམོ་ཧ་ཤང་ མ་ཤེསཔ་སྦེ་ ཨམ་ཅུངམ་སྦེ་བསྣམས་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་ལས་ ཉིནམ་གཅིག་འབདཝ་ད་ ཁོང་ཆོས་བློན་ཚུ་གིས་ གྲ་སྒྲིག་འབད་དེ་ འ་ནཱ་གླང་པོ་ཆེ་ལུ་ དོ་ཚུ་བཀལ་ཏེ་ དེ་ལས་འ་ནཱ་བྱོན་ནུག་ ཚར་གཅིག་འབདཝ་ད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཚར་གཅིག་འབདཝ་ད་ ཁོང་ཚེས་བཟང་དུས་བཟང་ལུ་ འ་ནཱི་ཚེས་བཟང་པོ་གཅིག་ལུ་བྱོན་ཏེ་ ཕར་བྱོན་ བྱོན་པའི་སྐབས་སུ་ལུ་ འ་ནེ་ཅིག་གི་ཚེས་ལུ་ལྷོད་འོང་ཟེར་བའི་སྐབས་སུ་ལུ་ དེ་བསྒང་སྲས་མོ་གིས་ ད་ང་ ད་ལྟོ་རང་འཕུར་འབྱོན་ནི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ང་ཐད་རི་བ་རི་རང་ ཏེ་ད་ རྒྱལ་པོ་གི་བཙུན་མོ་སྦེ་འདི་ མི་འགྱོ་ང་ཟེར་ བཙུན་མོ་སྦེ་འགྱོཝ་བ་འདི་ ང་ག་ཅི་འབད་ནི་ ང་ར་འཕུར་ཏེ་ ཞིང་ཁམས་ལུ་བྱོན་ནི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བྱོན་ནི་ཟེར་གསུངས་ནུག་ དེ་ལས་ འ་ནཱ་ལས་ དེ་སྦེ་མ་མཛད་ཟེར་ ཁྱོད་ཡང་དེ་སྦེ་མཛད་རང་མ་མཛད་ཟེར་ ཁྱོད་དེ་སྦེ་འཕུར་ཏེ་བྱོན་སོང་པ་ཅིན་ ཏེ་ང་བཅས་གཉིས་ ཨ་པ་དང་ཨ་མ་གཉིསཔོ་དེ་ རྒྱལ་པོ་གིས་ ལྟག་ཀོ་བཏོག་ནི་ཟེར་ རྒྱལ་པོ་གིས་བཀའ་གནང་སྟེ་ཡོད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་སྦེ་མ་མཛད་ཟེར་ ང་བཅས་ཨ་པ་ཨ་མ་གཉིསཔོ་ལུ་ ཐུགས་རྗེ་དང་སྙིང་རྗེ་གཟིགས་ཏེ་ ཁྱོད་ཀྱིས་དེ་སྦེ་འབད་དགོ་ཟེར་ གནང་དགོ་ཟེར་ ཏེ་ ང་བཅས་གཉིས་ལྟག་ཀོ་བཏོག་བཏངམ་ད་ ཁྱོད་ལུ་སྡིག་པ་མི་འོང་ག་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འདི་བཟུམ་མའི་ལོ་རྒྱུས་ལེ་ཤཱ་རང་ དེ་སྦེ་ ཨ་པ་དང་ཨ་མ་གཉིས་ཀྱིས་གསོལ་ཆ་ཕུལ་ཏེ་ གསོལཝ་ཞུ་སྟེ་ དེ་སྦེ་ལུས་ནུག་ འཕུར་ཏེ་འབྱོན་ནི་ཟེརཝ་ད་ལུས་ནུག་ ཁྱོད་འ་ནཱ་ལུ་ ཁྱོད་ཡར་བལྟ་འཕུར་ཏེ་ཤོག་ཟེར་ལྷ་གིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ལུང་བསྟན་ཡང་མེད་ཟེར་ ད་ལྟོ་ཁྱོད་བསྟན་པ་སྔ་དར་ཨིན་ཟེར་གསུངས་ནུག་ བསྟན་པ་སྔ་དར་ལུ་ ཁྱོད་ཡར་བལྟ་འཕུར་ཏེ་ཤོག་ཟེར་བའི་ ལུང་བསྟན་ཡང་མེད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བསྟན་པ་ སྔ་དར་ བར་དར་ཕྱི་དར་གསུམ་སྦེ་ གནང་སྟེ་ཡོད་ འདི་ལུ་ཨིན་ཟེར་གསུངས་ནུག་ ཚརཝ་ད་ལུ་ ལྷའི་ལུང་བསྟན་ཡང་ཡོད་མེན་ན་ ཏེ་ བསྟན་པ་ཕྱི་དར་གྱི་སྐབས་སུ་ལུ་འདི་ ཁྱོད་ཡར་འཕུར་ཤོག་ཟེར་བའི་ ལྷ་གིས་ལུང་བསྟན་ཡང་ཡོད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱོད་ད་ལྟོ་འ་ནཱ་བསྟན་པ་སྔ་དར་ཨིན་ བསྟན་པ་སྔ་དར་གྱི་བར་ན་ལུ་ ཁྱོད་འཕུར་ནི་ཟེར་ ད་ ཁྱོད་གསུང་རང་མ་གསུང་ཟེར་ ཁོང་ཡབ་དང་ཡུམ་གཉིས་ཀྱིས་ཕྱག་འཚལ་ཏེ་ དེ་ལས་ གསོལཝ་བཏབ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ཏེ་ ནཱ་ཨ་པ་དང་ཨ་མ་གཉིས་ལུ་ སྙིང་རྗེ་ཆེ་ནི་དེ་གིས་ ཏེ་བཞུགས་ནུག་ ཏེ་ འ་ནཱ་ལུ་ དེ་ལས་ཏེ་ བྱོན་ནུག་ འ་ནཱི་རྒྱལ་པོ་ཀ་ལ་དབང་པོ་དུས་ཚོད་བཟང་པོ་ཅིག་ལུ་ དེའི་ཉིནམ་ལུ་བྱོན་ཏེ་ བྱོན་ཞིནམ་ལས་ཏེ་ འ་ནཱ་ལས་ ཨ་པ་ཨ་མ་གཉིས་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་གླང་པོ་ཆེ་གུ་བཀལ་ཏེ་འབག་སྟེ་ འ་ནཱི་རྒྱུ་ནོར་ལོངས་སྤྱོད་ཚུ་ག་ར་ཕར་འཕུལ་ཏེ་ དེ་ལས་ཏེ་ མཁའ་འགྲོ་འགྲོ་བ་བཟང་མོ་ཞུ་སྟེ་འཁྱིད་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྟེན་འབྲེལ་བརྩི་སྟེ་ དེ་ལས་ མཁའ་འགྲོ་འགྲོ་བ་བཟང་མོ་དེ་ ཞུ་འབག་སྟེ་ དེ་ལས་ཏེ་ དེ་ལས་ གཡུས་མཎྜལ་སྒང་ཟེར་ས་ལུ་ དགོན་པ་ཆུང་ཀུ་ཅིག་ དགོན་པ་རྐྱབ་སྟེ་ ཧེ་མ་ལས་བཞགཔ་ཡོདཔ་ཨིན་མས་ གཡུས་མཎྜལ་སྒང་ཟེར་སར་བཞག་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ལྟོ་མཁའ་འགྲོ་འགྲོ་བ་བཟང་མོ་དེ་ གཡུས་མཎྜལ་སྒང་ཟེར་ས་ལུ་ ད་ལྟོ་ཁྱོད་མར་ལས་ཡར་བལྟ་བྱོན་བྱོནམ་འོང་ ང་བཅས་ཀྱི་འདི་མ་ལྷོད་མཎྜལ་སྒང་ཟེར་ས་ལུ་ ཏེ་ མཎྜལ་སྒང་ཟེར་ས་ལུ་བྱོན་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་མཎྜལ་སྒང་ལུ་བཞག་ནུག་ གསང་བ་སྦེ་ གསང་བའི་མཁའ་འགྲོ་སྦེ་ ཏེ་ད་ ཁོ་གི་རྒྱལ་པོ་ཀ་ལ་དབང་པོ་གི་ མཁའ་འགྲོ་ངོ་མ་འདི་འབད་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བདུད་མོ་ཧ་ཤང་ཨིན་ བདུད་མོ་ཧ་ཤང་ཟེར་ གནམ་མེད་ས་མེད་བདུད་ཀྱི་གྲས་ལས་ གནམ་མེད་ས་མེད་དྲག་པོ་སྦོམ་ བདུད་མོ་ཧ་ཤང་ཟེར་མི་དེ་ གནམ་མེད་ས་མེད་བདུད་དེ་ ག་གིས་ཡང་ དམ་བཏགས་མ་ཚུགས་པའི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མོ་དེ་འབད་བ་ཅིན་ བདུད་མོ་སྦོམ་ཅིག་རང་ཨིན་ བདུད་མོ་ཧ་ཤང་ཟེར་ ཏེ་ འ་ནཱི་བཙུན་མོ་དེ་ རྒྱལ་པོ་འདི་ ག་ཅི་བཟུམ་ཅིག་ ལེགས་ཤོམ་ཡོད་དེ་འབད་རུང་ བཙུན་མོ་དེ་ བདུད་ངོ་མ་སྦེ་སྡོད་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་ རྒྱལ་པོ་དེ་ ཆོས་ཀྱི་ཁ་ཐུག་ལུ་ ལེགས་ཤོམ་སྡོད་ཡོདཔ་ཨིན་མས་ ཏེ་ བཙུན་མོ་དེ་ བདུད་ངོ་མ་ཨིན་མས་ དེ་ལས་འ་ནཱི་སྦེ་ བདུད་མོ་ཧ་ཤང་ལས་ སྲས་སྲས་མོ་ག་ཡང་མེདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྲས་སྲས་མོ་ཟེར་མི་དེ་ འཁྲུངས་ཡང་མ་འཁྲུངས་ ག་ཡང་མེད་པར་ དེ་ལས་ དེ་སྦེ་འབད་དེ་ མཎྜལ་སྒང་ལུ་ སྐུ་མཚམས་ནང་བཞག་ནུག་ཏེ་ སྐུ་མཚམས་ནང་སྦེ་བཞགཔ་ད་ལུ་ འ་ནཱ་སྲས་མོ་གཅིག་འཁྲུངས་ནུག་ སྲས་མོ་གཅིག་འཁྲུངས་སྟེ་ དེ་ལས་ སྲས་མོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལོ་གསུམ་འགྱོ་ད་ལུ་ སྲས་གཅིག་འཁྲུངས་ནུག་ད་རུང་རང་ལགས་ སྲས་གཅིག་འཁྲུངས་ཏེ་ ཏེ་ ཁོང་སྤུན་ཆ་གཉིས་ ག་ཅི་ལོ་ དེ་ལས་ སྲས་ཀྱི་ལོ་གཉིས་ལངས་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ སྲས་ག་ཅི་ལོ་ མེན་སྲས་མོ་གི་ ལོ་ འ་་་ ལྔ་ལངམ་ད་ལུ་ ག་ཅི་ལོ་སྲས་ཀྱི་ ལོ་གསུམ་ལངས་ནུག་ ལོ་གསུམ་ སྲས་ཀྱི་ལོ་གསུམ་ལངས་ཏེ་ ལོ་གཉིས་ལུ་འཁྲུངས་འཁྲུངསམ་ཨིན་མས་མེན་ན་ ལོ་གཉིས་ལུ་ དེ་ལས་ སྲས་ཀྱི་ལོ་གསུམ་ལངས་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱི་བར་ན་ ནཱ་ཏེ་ ད་ལྟོ་མཎྜལ་སྒང་ལུ་རང་བཞུགས་ཏེ་ཡོད་ཁོང་གཉིས་ མཎྜལ་སྒང་ལུ་ ཁོང་མ་སྨད་གསུམ་ མཎྜལ་སྒང་ལུ་བཞུགས་ཏེ་ རྒྱལ་པོ་གིས་ བར་ན་བར་ན་བྱོན་ཏེ་ སྐབས་སྐབས་བདུད་མོ་ཧ་ཤང་འབད་སར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བདུད་མོ་ཧ་ཤང་གི་ཕོ་བྲང་སོ་སོ་རང་ཡོདཔ་ཨིན་མས་ ཏེ་ རྒྱལ་པོ་རྒྱལ་པོ་ཕོ་བྲང་རང་ཡོདཔ་ཨིན་མས་ རྒྱལ་པོ་དེ་ ཕོ་བྲང་ལས་ ད་ལྟོའི་ཏ་ཝང་གི་ ག་ཅི་ལོ་རྫོང་ནང་ན་ཨིན་མས་ རྒྱལ་པོའི་ཕོ་བྲང་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ བདུད་མོ་ཧ་ཤང་གི་དེ་ སོ་སོ་རང་ཡོདཔ་ཨིན་མས་ཕོ་བྲང་ དེ་ལས་ འ་ནཱི་མཁའ་འགྲོ་འགྲོ་བ་བཟང་མོ་དེ་ མཎྜལ་སྒང་ལུ་ཡོདཔ་ཨིན་མས་ཕོ་བྲང་ ཏེ་ད་རེས་ནངས་པ་ མཎྜལ་སྒང་ལུ་མཇལ་ནི་ཡོདཔ་ཨིན་མས་གནས་ གནས་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་གི་ལོ་ལུ་ སྲས་མོ་གི་ལོ་ལྔ་ དེ་ལས་ སྲས་ཀྱི་ལོ་གསུམ་འགྱོ་བའི་སྐབས་སུ་ལུ་ འ་ནཱི་ལྡུམ་རེ་ནང་ན་ ཁོང་ མ་སྨད་གསུམ་པོ་དེ་ ལྡུམ་རེ་ནང་ན་རྩེདམོ་རྩེ་སྟེ་བཞུགས་བཞུགསཔ་མས་ རྩེ་ཡི་རྩེ་ཡི་ལྡུམ་རའི་མེ་ཏོག་ ག་ཅི་སླབ་ནི་ཨ་ནཱི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ རྩྭ་རེ་བཏོག་སྟེ་ དེ་སྦེ་བཞུགས་པའི་སྐབས་སུ་ལུ་ ཏེ་ བདུད་མོ་ཧ་ཤང་གི་ བདུད་མོ་ཧ་ཤང་གི་གཡོག་མོ་དེ་ མཛེས་མ་ར་གོ་ཟེར་སླབ་ཨིན་ མཛེས་མ་ར་གོ་ཟེར་ ཏེ་མཛེས་མ་ར་གོ་གི་ ཏེ་ཡར་ཕོ་བྲང་ལས་ལྟཝ་ད་ལུ་ མོ་གིས་མཐོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མཛེས་མ་ར་གོ་གིས་མཐོང་ནུག་ དེ་ལས་ མཛས་མ་ར་གོ་གིས་ དེ་བཟུམ་སྡོད་ས་མཐོང་སྟེ་ དེ་ལས་ཏེ་ བདུད་མོ་ཧ་ཤང་ལུ་དཀྲོགས་ནུག་ བདུད་མོ་ཧ་ཤང་ལུ་ བདུད་མོ་ཧ་ཤང་ལུ་དཀྲོགས་ཏེ་ ག་ཅི་སླབ་ན་ དེ་བཟུམ་སྦེ་འདུག་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་གིས་ཏེ་ ཨམ་ཅུངམ་གཅིག་བཞེས་ནུག་ཟེར་ ཨམ་ཅུངམ་ལས་ སྲས་མོ་འཁྲུངས་ནུག་ སྲས་ཡང་འཁྲུངས་ནུག་ཟེར་ གཉེན་སྐྱོང་ནིའི་དོན་ལས་ སྲས་མོ་འཁྲུངས་ནུག་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཁོ་གི་རྒྱལ་བརྒྱུད་སྦེ་བཞུགས་ནིའི་དོན་ལས་ སྲས་འཁྲུངས་ནུག་ཟེར་ ཁྱོད་ག་ཅི་འབདཝ་སྨོ་ཟེར་ མཛེས་མ་ར་གོ་གིས་གནམ་མེད་ས་མེད་དཀྲོགས་ད་ནུག་ མོ་རའི་ཨ་ནཱི་གཡོག་མོ་གིས་ གནམ་མེད་ས་མེད་དཀྲོགས་ཏེ་ ཁྱོད་ར་དེ་སྦེ་བཞུགས་ཏེ་ ག་ཅི་འབད་ནི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱོད་ད་རོགས་རྒྱལ་པོ་དེ་ ཏེ་བཙུན་མོ་སོ་སོ་བཞེས་ནུག་ཟེར་ དེ་ལས་ བདེན་རང་མི་བདེན་ཟེར་སླབ་ད་ མི་བདེན་ཁྱོད་ཀྱི་བློ་འདི་ མཛེས་མ་ར་གོ་ ཁྱོད་ཀྱི་བློ་འདི་ མི་བདན་ཟེར་སླབ་ད་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ག་ཅི་མི་བདེན་ནི་ཁྱོད་ར་གཟིགས་ད་ཟེར་སླབ་ནུག་ དེ་ལས་འ་ནཱ་ལས་ བདུད་མོ་ཧ་ཤང་གིས་ ང་ར་གིས་བལྟ་གེ་ཟེར་ ཕོ་བྲང་ཐོག་ཁར་ལུ་བྱོན་ཏེ་ ཏེ་ ཡར་ལས་མར་བལྟཝ་ད་ལུ་ ཏེ་མར་མཐོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་ མཁའ་འགྲོ་འགྲོ་བ་བཟང་མོ་ མོ་ཡར་ག་ཅི་ལོ་ སྲས་དང་སྲས་མོ་ ཁོང་གསུམ་པོ་དེ་ དེ་སྦེ་རྩེདམོ་རྩེ་ཏེ་བཞུགས་སར་མཐོང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ སྲས་མོ་གི་མཚན་འདི་བ་ཅིན་ ཀུན་ཏུ་བཟང་མོ་ དེ་ལས་ སྲས་ཀྱི་མཚན་འདི་ ཀུན་ཏུ་ལེགས་པ་ཟེར་ གསོལ་ཏེ་ཡོདཔ་ཨིན་མས་ དེ་ལས་ འ་ནཱ་ལས་ཡར་ལས་མར་བལྟ་ཏེ་ ཕོ་བྲང་ལས་མར་བལྟ་གཟིགསཔ་ད་ལུ་ ག་ཅི་སླབ་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བདུད་མོ་ཧ་ཤང་གིས་ ཏེ་ མཐོང་སྟེ་ དེ་ལས་ འ་ནཱ་ལུ་ ཡར་ལས་སླབ་ནུག་དེ་ལས་ཏེ་ ཡ་་་ཁྱོད་ འགྲོ་བ་བཟང་མོ་ མིང་འགྲོ་བ་བཟང་མོ་ཟེར་སླབ་དེས་ཟེར་ དེ་སྦེ་མཛེས་མ་ར་གོ་གིས་ དཀྲོགས་ད་ནུག་ ད་ འ་ནཱ་ལས་ ཁྱོད་ མཁའ་འགྲོ་འགྲོ་བ་བཟང་མོ་ཁྱོད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱོད་ད་ལྟོ་ ག་ཅི་སླབ་མི་འདི་ མཐོང་མས་ཟེར་ ངེས་བདེན་ཨིན་མས་ཟེར་ ཁྱོད་མ་སྨད་གསུམ་པོ་དེ་ མགུ་ཏོ་ལས་མར་བལྟ་ ཟུབ་པུ་པུ་དང་ རྐངམ་ལས་ཡར་བལྟ་ཀོ་པུ་པུ་བཏང་སྦེ་ཟ་མ་ཚུགས་པ་ཅིན་ བདུད་མོ་ཧ་ཤང་ང་མེན་སྨ་རེད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཟེར་ དེ་ལས་ཡར་ ཙིགཔ་ཟ་སྟེ་འབད་བའི་སྐབས་སུ་ལུ་ ཡར་ཉིམ་གནག་དུང་དུ་སྦེ་ སྤུབས་དོ་མས་ཨིན་རས་པ་གིས་ ཉིམ་ཡང་སྤུབས་དོ་མས་ ལེབ་ལེབ་བཏང་ མོ་གནམ་མེད་ས་མེད་གཏུམ་དྲགས་ནི་དེ་གིས་ ཏེ་ མོ་ཙིགཔ་ཟཝ་ད་ལུ་ ཕྱི་ཁར་ཐོནམ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ག་ཅི་སླབ་ནི་སྨོ་ ནང་ན་སྡོད་པ་ཅིན་ མོ་གི་ཕོ་བྲང་ ཁྱིམ་ཚུ་ག་ར་གག་བཏང་དོ་མས་མོ་གིས་ ཁོང་ཁྲོ་གིས་ ག་ཅི་སླབ་ནི་སྨོ་ སྦོམ་འགྱུར་འགྱོ་དོ་མས་ མོ་གནམ་མེད་ས་མེད་སྦོམ་འགྱོ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཨ་ནཱི་ཁྱིམ་ག་ར་གག་བཏང་དོ་མས་ དེ་ལས་ ཙིགཔ་ཟཝ་ད་ལུ་རང་ ཕྱི་ཁར་ཐོན་ཏེ་ཙིགཔ་ཟཝ་ཨིན་མས་ ཕྱི་ཁར་འཐོན་ཏེ་ ཕྱི་ཁར་ཐོན་ཏེ་ཙིགཔ་ཟ་ནི་མ་གཏོགས་ ཁྱིམ་ནང་སྡོད་དེ་ཙིགཔ་ཟ་བ་ཅིན་ ཁྱིམ་མེདཔ་འགྱོཝ་ཨིན་མས་ ཁྱིམ་གག་བཏང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ཏེ་ ཡར་དེ་སྦེ་འབད་དེ་ ཕོ་བྲང་གི་ཐོག་ཁར་མར་ གནམ་མེད་ས་མེད་བཀའ་གནང་ནུག་ཏེ་ ད་ཁྱོད་ད་ལྟོ་ འགྲོ་བའི་བཟང་མོ་ཁྱོད་ ཁྱོད་མ་སྨད་གསུམ་པོ་དེ་ ང་གིས་ ད་རེས་ཉིནམ་ལུ་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མགུ་ལས་མར་སྦེ་ ཟུབ་པུ་པུ་ རྐངམ་ལས་ཡར་ཀུར་པུ་པུ་བཏང་ ག་ཅི་ལོ་ ཟ་མ་ཚུགས་པ་ཅིན་ བདུད་མོ་ཧ་ཤང་ང་མེན་སྨ་རེད་ཟེར་ ཏེ་ཡར་ལས་མར་བལྟ་ དེ་སྦེ་སླབ་ནུག་ ཏེ་སླབ་པའི་སྐབས་སུ་ལུ་ དེ་ལས་ཏེ་ བདུད་མོ་དེ་ མར་བལྟ་འཛུལ་ཡི་རང་འོངམ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་ལས་ཏེ་ ཨ་ནཱི་ཨ་ལོ་གཉིས་ལུ་ཞལ་ཆེམས་གནང་ནུག་ ད་ང་ད་འབདན་ མཁའ་འགྲོ་གླིང་ལུ་ མཁའ་འཕུར་ཏེ་འབྱོན་ནི་ཟེར་ ད་ཁྱོད་གཉིས་ ཨ་པ་སྡོད་སར་འགྱོ་སྨ་རེད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བསྐྱེལ་བཏང་ནུག་ཨ་ལོ་གཉིས་ ཨ་པ་སྡོད་སར་འགྱོ་སྨ་རེད་ཟེར་ ང་ད་འབདན་མཁའ་འགྲོའི་གླིང་ལུ་ འགྱོ་ནི་སྨ་རེད་ཟེར་ དེ་ལས་འཕུར་བྱོན་སོང་ནུག་ ཡར་འཕུར་ཏེ་ ཨ་ལོ་གཉིསཔོ་ཕར་ཨ་པ་འབད་སར་ ནགས་ཚལ་ནང་ན་ ཏ་ཝང་ཁ་ཐུག་ལུ་བཏང་ཞིནམ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཡར་བལྟ་འཕུར་ཏེ་ འཕུར་བྱོན་ཞིནམ་ལས་ ཡར་གནམ་ཁར་བཞུགས་ཏེ་ ཏེ་ བདུད་མོ་ཧ་ཤང་ཁྱོད་ཡང་ ག་ཅི་ལོ་ ཁྱོད་བློ་རྫོགས་གནང་ད་ཟེར་ བློ་རྫོགས་ད་ཟེར་ ང་མཁའ་འགྲོ་གླིང་ལུ་འགྱོ་དོ་ཟེར་གསུངས་ནུག་ཡར་ལས་མར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གནམ་ཁར་ལས་མར་བལྟ་ ང་མཁའ་འགྲོ་གླིང་ལུ་འགྱོ་དོ་ཟེར་ ཁྱོད་ཀྱིས་ང་ཟ་ཡང་མི་ཚུགས་ཟེར་ ཏེ་ ང་མཁའ་འགྲོ་གླིང་ལུ་འགྱོ་དོ་སྨ་རེད་ཟེར་ ད་རུང་ནཱ་འཇིག་རྟེན་འཛམ་བུ་གླིང་ལུ་མི་སྡོད་ཟེར་ མཁའ་འགྲོའི་གླིང་ལུ་བྱོན་དོ་ཟེར་ འཕུར་བྱོན་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ མོ་ག་ཅི་ལོ་ ཁོང་ཁྲོ་ཞི་སོང་ནུག་ འ་ནཱི་བདུད་མོ་ཧ་ཤང་དེ་ ཁོང་ཁྲོ་ཞི་སྟེ་ དེ་ལས་ཏེ་ ཨ་ལོ་གཉིསཔོ་དེ་ ཡབ་སྡོད་སར་ལྷོད་ནུག་ ཡབ་སྡོད་སར་ལྷོད་དེ་ དེ་ལས་སྲས་དང་སྲས་མོ་གཉིས་ཀྱིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཨ་མ་དེ་ མཁའ་འགྲོའི་གླིང་ལུ་ འཕུར་བྱིན་ཡི་ཟེར་བའི་སྐབས་ལུ་ ཡབ་དེ་དྲན་མེད་སོང་ནུག་ ད་ དེ་སྦེ་ཤི་སོང་ནུག་ དེ་ལས་ཏེ་ འ་ནཱ་ལས་ སྲས་མོ་ཨ་ཞེམོ་དེ་གིས་ ཆུ་གཏོར་ཏེ་ ག་ཅི་འབད་དེ་ ལོག་ད་རུང་རང་དྲན་པ་ལྷོད་དེ་ དེ་ལས་འ་ནཱ་ལས་ ཡབ་ག་ཅི་ལོ་ སྲས་དང་སྲས་མོ་གཉིས་ཀྱིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ལོགས་སུ་སྦེ་ ཨ་པ་ཁྱོད་ དེ་བཟུམ་མའི་ཐུགས་བསམ་མ་བཞེས་ཟེར་ ཏེ་ མོ་རོགས་ཨའི་གི་ལུང་བསྟན་མེད་པ་ཅིན་ འཕུར་ཏེ་མ་པ་ལས་རང་མི་འགྱོ་ཟེར་ ཨ་མ་གི་མོ་རའི་ལུང་བསྟན་ཡོདཔ་ལས་བརྟེན་ཏེ་ དེ་སྦེ་ མཁའ་འགྲོའི་གླིང་ལུ་འཕུར་ཏེ་ བྱོན་བྱོནམ་འོང་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལུང་བསྟན་དང་འཁྲུལ་ཏེ་ བྱོན་བྱོནམ་འོང་ཟེར་ ཁྱོད་ར་ཐུགས་བསམ་དེ་སྦེ་མ་བཞེས་ཟེར་ ཏེ་ ཡབ་ལུ་ཞུ་ནུག་ སྲས་དང་སྲས་མོ་གཉིས་ཀྱིས་ དེ་ལས་ ད་ ཡབ་རང་འབད་དེ་འབད་རུང་ འ་ནཱི་སྦེ་འཁྲུལ་སྣང་ལངས་སོང་ནུག་ དབའི་་་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ང་གིས་ཨ་ལོ་གཉིས་ལུ་ བློ་གསོ་(སེམས་གསོ་)ནིའི་དུས་ཚོད་ལུ་ ཨ་ལོ་གཉིས་ཀྱིས་ ང་ལུ་སེམས་གསོ་འབད་དེ་ཨིན་མས་ཟེར་ ད་ཨ་ལོ་གཉིས་གནམ་མེད་ས་མེད་ཀྱི་ བློ་གསོ་སྦོམ་ ཨ་ལོ་གཉིས་ཀྱིས་ང་ལུ་ སེམས་གསོ་ཨིན་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ག་ཅི་ལོ་ ཡབ་དེ་ཐུགས་བསམ་བཞེས་ཏེ་ དེ་ལས་ ང་བཅས་གསུམ་ཕར་ མེན་དེ་སྦེ་ཞུ་ནུག་ས་ གཅིག་ད་རུང་ དེ་སྦེ་འཁྲུལ་སྣང་ལངས་ཏེ་ ད་ འདི་བཟུམ་མའི་འབད་དེ་ བཞུགསཔ་བ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལོག་སྟེ་ སྨོན་ལམ་བཏབ་སྟེ་ ཨའི་དེ་ལོག་སྟེ་བྱོན་དགོ་ཟེར་ ཨ་པ་ཁྱོད་ཀྱིས་ སྨོན་ལམ་བཏབ་སྟེ་ ང་བཅས་གསུམ་རུབ་སྟེ་ སྨོན་ལམ་བཏབ་པ་ཅིན་ ཨའི་ལོག་སྟེ་འཐོན་འོང་ཟེར་སླབ་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལོག་སྟེ་འཐོན་འོང་ཟེར་ ཨ་ལོ་གཉིས་ཀྱིས་ དེ་སྦེ་ཞུ་ནུག་ དེ་ལས་ཏེ་ དབའི་ཨ་ལོ་གཉིས་ཀྱིས་ ཨ་ལོ་གཅིག་ལོ་ལྔ་དང་ གཅིག་ལོ་གསུམ་འབད་མི་དེ་གིས་ཡང་ དེམ་ཅིག་ང་ལུ་བློ་གསོ་འབད་བ་ཅིན་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ག་ཅི་ཟེར་ ང་འདི་དྲན་པ་བཏགས་དགོཔ་ཅིག་ཨིན་མས་ཟེར་ ཐུགས་བསམ་བཞེས་ཏེ་ ང་བཅས་གསུམ་ཕར་ ཨ་མ་གི་ཕོ་བྲང་ནང་ལུ་འགྱོ་གེ་ཟེར་ དེ་ལས་ ཁོང་ཕ་སྤད་གསུམ་བྱོན་ནུག་ མཎྜལ་སྒང་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མཎྜལ་སྒང་ལུ་བྱོན་ཏེ་ བྱོན་ལྟཝ་ད་ལུ་ཏེ་ དེ་ལས་ ཁང་མིག་གཅིག་གི་ནང་ན་ལུ་ དྲོད་རང་ཡིར་ཡིར་བཏང་འདུག་ཟེར་ཨིན་པས་ མོ་བཞུགས་སར་ལུ་ དེ་ལས་ དྲོད་རང་ཡིར་ཡིར་བཏང་ འ་ནཱ་ལས་ཡར་འཕུར་བྱོན་ཏེ་ བྱ་ཚང་ནང་ལས་ བྱམོ་འཐོན་འགྱོ་དོ་བཟུམ་ཅིག་འདུག་ཟེར་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བྱོན་ཏེ་མིན་འདུག་ དེ་ལས་ འ་ནཱ་ལས་ ཁོང་གསུམ་རུབ་སྟེ་ གསོལ་བ་བཏབ་སྟེ་ གསོལཝ་བཏབ་པའི་དཔེ་ཆའི་ཚིག་ཡང་ཡོད་ད་ལྟོ་ གསོལ་བ་བཏབ་སྟེ་ ལོག་སྟེ་འཕྲལ་རང་བྱོན་གནང་ཟེར་ ད་ལྟོ་རང་བྱོན་གནང་ཤོག་ཟེར་ དེ་ལས་ གསོལཝ་བཏབ་སྟེ་ ཁོང་ཕ་སྤད་གསུམ་རུབ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཨ་པ་གིས་སྦེ་ རྒྱལ་པོ་ཀ་ལ་དབང་པོ་ ཏེ་ གསོལ་བ་བཏབ་པའི་ཚིག་ཡོད་ ཏེ་དེ་སྦེ་ སྨོན་ལམ་བཏབ་སྟེ་ ཏེ་ སྨོན་ལམ་བཏབ་པའི་ཚིག་དེ་སྦེ་ སྨོན་ལམ་བཏབ་ནི་མངམ་ད་ལུ་ ཡར་གནམ་ཁའི་སྦུག་ན་ལས་ འཕུར་ཏེ་བྱོན་ནུག་ གནམ་ཁའི་སྦུག་ལས་འཕུར་ཏེ་ མཁའ་འགྲོ་འགྲོ་བ་བཟང་མོ་དངོས་སུ་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འཕུར་བྱོན་ཏེ་ ཏེ་ འ་ནཱ་བྱོན་ཏེ་ ཞལ་མཇལ་ནི་ཅིག་མ་བཏོགས་ ཞལ་ལས་ག་ནི་ཡང་མ་གསུངས་པས་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་མི་ཤི་ཚར་ཞིནམ་ལས་ ཁ་སླབ་ནི་ཡོད་རང་མེད་མེན་ན་ ག་ཅི་སྨོ་ཟེར་བ་ཅིན་ གཤགས་ཚར་ཅིག་བཟུམ་རང་ཨིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འཕུར་བྱོན་བྱོནམ་འབད་ནི་དེ་གིས་ འཕུར་བྱོན་ཚར་ཞིནམ་ལས་ འཕུར་བྱོན་ཏེ་ ལོག་བྱོན་ནི་འདི་བྱོན་ནུག་ ད་ ལོག་སྟེ་འབྱོན་ཞིནམ་ལས་ ད་ འ་ནཱ་ལས་ ད་ འ་ནཱ་ ད་ འ་ནཱ་ ཕུར་ ག་ཅི་སླབ་ནི་ ལོག་སྟེ་ འ་ནཱ་གནམ་མེད་ས་མེད་ཀྱི་སྨོན་ལམ་བཏབ་བཏབ་འབདཝ་ལས་ ལོག་སྟེ་བྱོན་ནུག་བྱོན་ནི་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ལོག་སྟེ་བྱོན་ཏེ་ འ་ནཱ་ལུ་ ཞལ་དེ་མཇལཝ་ཙམ་ཅིག་ཨིན་མས་ ཞལ་མཇལ་ཏེ་ ཞལ་མཇལཝ་ཙམ་ཅིག་གི་ཤུལ་ལས་ དེ་ལས་ཏེ་ དེམ་ཅིག་སྦེ་ ལོག་སྟེ་ཡལ་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལོག་སྟེ་ཡལ་སོང་ནུག་ དེ་ལས་ ཡལ་སོང་སྟེ་ དེ་ལས་ཏེ་ ཁོང་ཕ་སྤད་གསུམ་པོ་དེ་ ལོག་སྟེ་བྱོན་ནུག་ ཏ་ཝང་ལུ་ ཏ་ཝང་ལུ་ལོག་བྱོན་ཏེ་ དེ་ལས་ ཏ་ཝང་ལུ་ཕེབས་ཞིནམ་ལས་ སྡུག་བསྔལ་འབད་དེ་བཞུགས་ནུག་ལགས་རྒྱལ་པོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྒྱལ་པོ་དེ་ སྡུག་བསྔལ་འབད་དེ་བཞུགས་ཏེ་ སྡུག་བསྔལ་འབད་དེ་བཞུགས་པའི་སྐབས་སུ་ལུ་ དེ་ལས་ འ་ནཱ་ བདུད་མོ་ཧ་ཤང་གིས་ འ་ནཱ་གནས་སྐབས་བཏོན་ནུག་ གནམ་མེད་ས་མེད་ཀྱི་ འ་ནཱི་ད་ལྟོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཆང་བཟོ་སྟེ་ འཆོལ་ནི་གི་ འཆོལ་ནི་གི་རིགས་ཚུ་ འ་ནཱ་བཟོ་བཟོཝ་ཨིན་པས་ ད་ལྟོ་ང་བཅས་རའི་ཆང་གི་རིགས་ཨིན་ཟེར་མི་དེ་ཚུ་ བདུད་མོ་ཧ་ཤང་གིས་བཟོ་བཟོཝ་ཨིན་ འ་ནཱི་བསྒང་མོ་གིས་ ཟས་སྦྱོར་ཚུ་བསྡུ་ཞིན་ན་ དེ་ཚུ་བླུག་པ་ཅིན་ འཆོལ་ནི་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་སྦེ་བླུག་བཏང་པ་ཅིན་ ག་ཅི་ལོ་ གུན་བྲུམ་མངར་མོ་ཟེར་ གུན་བྲུམ་གྱི་འབྲས་བུ་ལས་ཆང་བཟོ་སྟེ་ ཞིམ་ཏོང་ཏོ་སྦེ་ འ་ནཱི་འདི་འབག་སྟེ་དྲངས་ད་ཟེར་ ཏེ་ བྱིན་བྱིནམ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱི་འབག་སྟེ་ དེ་སྦེ་ཚོགས་ཆང་འབག་སྟེ་ དེ་སྦེ་འབད་དེ་ ཏེ་ འ་ནཱ་ རྒྱལ་པོ་ཁྲི་གུ་བཞུགས་ཏེ་ ཏེ་ འ་ནཱི་སྦེ་དྲངས་ནུག་ ཏེ་ཧེ་མ་ཆང་ཟེར་མི་ བཞེས་ནི་རང་མིན་འདུག་ ཡོད་རང་མེདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་བསྒང་ལུ་བཟོ་སྟེ་ ཏེ་འ་ནཱ་ དེ་སྦེ་དྲངས་ནུག་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ རྒྱལ་པོ་དེ་ཡང་ དེ་བཟུམ་མའི་ཐུགས་བསམ་མ་བཞེས་ཟེར་ མཁའ་འགྲོ་ག་ཅི་ལོ་ མཁའ་འགྲོ་ཟེར་མི་དེ་ གནམ་ཁར་འཕུར་བྱོན་སོང་སྟེ་རང་འབད་རུང་ ཁྱོད་ཀྱི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བཙུན་མོ་དེ་ གཞན་དང་མ་འདྲཝ་བའི་བཙུན་མོ་ཡོད་ཟེར་ བཙུན་མོ་ནཱ་ལུ་ བཙུན་མོ་དེམ་ཅི་བཙུན་མོ་ཡོད་ཟེར་ ད་རུང་ག་དེམ་ཅིག་བཞེས་རུང་ ཁྱོད་ར་ བཙུན་མོ་འདི་ཡོད་ཟེར་ ཏེ་ དེ་ལས་ ཞུ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་ལུ་ ཆང་དང་འ་ནཱི་དྲངས་ཏེ་ བཞེས་ཏེ་ དེ་ལས་ ཆང་ཨ་ཙི་ཅིག་དྲངས་ཏེ་ ད་རུང་རང་ཨ་ཙི་ཅིག་ དེ་སྦེ་ གླུ་འཐེན་ཏེ་ཡོདཔ་ཨིན་མས་ གླུ་འཐེན་ཏེ་ འ་ནཱི་ བུམོ་ཚུ་ལེ་ཤཱ་འཁྱིད་འོང་སྟེ་ ད་ གླུ་འཐེན་བཅུག་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་ལུ་ ཏེ་ འ་ནཱ་ལུ་ ཆང་དྲངས་ཡི་དྲངས་ཡི་ དེ་ལས་ ཨ་ཙི་རེ་ཨ་ཙི་རེ་ ད་རུང་རང་དྲངས་ཡི་དྲངས་ཡི་ དེ་ལས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁ་དྲོད་བཏགས་ཏེ་ དེ་ལས་ཏེ་ ཆང་གནམ་མེད་ས་མེད་ཆང་དྲངས་བཞག་ནུག་ ཆང་བཞེས་ནུག་ དེ་ལས་ཏེ་ ཆང་དྲངས་ཏེ་ དེ་ལས་འདི་ ག་ཏེ་ཨིན་ན་མ་ཤེསཔ་ཡར་སོང་ནུག་ རྒྱལ་པོ་དེ་ རྒྱལ་པོ་དེ་ ག་ཏེ་ཨིན་ན་རང་མ་ཤེསཔ་ཡར་སོང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱི་གི་བར་ན་རང་ ཏེ་ མཁའ་འགྲོ་འགྲོ་བ་བཟང་མོའི་ཐུགས་བཞེད་ཟེར་མི་འདི་ མ་པ་ལས་རང་མེདཔ་སོང་ནུག་ ཏེ་ ཆང་གིས་སྦེ་བཟོ་ཏེ་ དེ་ལས་ འ་ནཱི་བར་ན་ ཞབས་ཁྲ་རྐྱབ་པར་ལོངས་ཏེ་ ག་ཅི་ལོ་ བཞེངས་ཏེ་བྱོན་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཞབས་ཁྲ་རྐྱབ་པར་བཞེངས་ཏེ་ ཞབས་ཁྲ་རྐྱབ་སྟེ་ དེ་ལས་ ཏེ་ ཨོ་ཧོ་མོ་ཧོ་བཏང་ དེ་སྦེ་རང་བརྒྱལ་སོང་ནུག་ མི་སེར་དང་ཅོག་ཅིགཔ་སྦེ་ དེ་ཁར་བརྒྱལ་སོང་ནུག་ དེ་ལས་ འ་ནཱི་གི་བར་ན་ལུ་ བདུད་མོ་ཧ་ཤང་གིས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ རྒྱལ་པོ་དེ་ སྒྲིག་ཁྲིམས་དེ་སྦེ་བཟུམ་མེདཔ་སོང་པ་ཅིན་ ག་དེ་སྦེ་རྒྱལ་པོ་མཛད་ནི་ཟེར་ ཏེ་ རྒྱལ་པོ་དེ་ དེ་བཟུམ་ཅིག་ ཏེ་ ག་ཅི་སླབ་ན་ད་ དོན་དག་མེདཔ་ཨིན་ཟེར་ ད་ ང་བཅས་ཚུ་གི་རྒྱལ་པོ་ དེ་སྦེ་ཡར་སོང་པ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ག་དེ་སྦེ་ རྒྱལ་པོ་སྦེ་སྐྱོང་ཚུགས་ནི་ཟེར་ འ་ནཱི་འདི་ ད་འཆོལ་སོང་ནུག་ཟེར་ ད་ ཁྲིམས་བཏང་དགོ་ཟེར་ དེ་ལས་ཏེ་ འ་ནཱ་ ད་ཁྲིམས་མར་བཙོན་ཁང་ནང་ན་བཙུགས་ཤིག་ཟེར་ ད་ དེ་ལས་ བདུད་མོ་ཧ་ཤང་གིས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་སྦེ་འབད་དེ་ དེ་ལས་འདི་ ཁོ་དེ་ རྒྱལ་པོ་དེ་བཟུང་སྟེ་ བསྡམས་ཏེ་ ཁྲིམས་ཁང་ནང་ ག་ཅི་ལོ་ བཙོན་ཁང་ནང་བཙུག་བཞག་ནུག་ བཙོན་ཁང་ནང་ན་བཙུགས་བཞག་སྟེ་ དྲན་པ་རང་མེད་པ་ དེ་ལས་ཏེ་ གཟིམ་བཞུགས་ཏེ་ བཙོན་ཁང་ནང་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ནངས་པ་བཟུམ་ཅིག་ ཏེ་ སྤྱིན་ཚོར་བལྟཝ་ད་ལུ་ བཙོན་ཁང་ནང་ན་ཨིན་མས་ལོ་ ནངས་པ་ཟེརཝ་ད་ ད་ དེ་ལས་ཏེ་ འ་ནཱ་ལས་ ག་ཅི་སླབ་ན་ ད་སྨན་དྲི་ཡི་དྲི་ཡི་ཏེ་ ཉིནམ་གཅིག་ལུ་ཚར་རེ་ཚར་རེ་སྨན་དྲི་སྟེ་ དེ་ལས་ འ་ནཱ་བདུད་མོ་ཧ་ཤང་གིས་ གནམ་མེད་ས་མེད་དྲི་བ་དཔྱད་ཅི་རང་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དྲི་བ་དཔྱད་དེ་ བསྡུངས་ཏེ་ དེ་སྦེ་འབད་དེ་ མཁའ་འགྲོ་འགྲོ་བ་བཟང་མོ་གིས་ བསྣམས་དགོ་པའི་རྒྱུ་མཚན་ ག་ཅི་ཨིན་ན་ འདི་ཚུ་ག་ར་ དེ་སྦེ་འབད་དེ་ དྲི་བ་དཔྱད་དེ་རང་ བརྡུངས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་བཟུམ་ཅིག་ ཕོཝ་གུ་འབད་བ་ཅིན་ གསེར་གྱི་གཞོང་པ་བརྡབས་ཏེ་ ཁྲག་བཙགས་ཏེ་ དེ་སྦེ་འབད་དེ་ དེ་ལས་ མོ་གིས་འཐུང་སྟེ་ བདུད་མོ་ཧ་ཤང་གིས་ མོ་གིས་དེ་སྦེ་འཐུང་སྟེ་ དེ་ལས་ དེ་བཟུམ་འབད་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བཙོན་ཁང་ནང་ན་ལུས་ཏེ་ ད་ དེ་ལས་ རྒྱལ་པོ་ རྒྱལ་པོ་དེ་ བཙོན་ཁང་ནང་སོང་ཡི་ཟེར་ ད་རྒྱལ་པོ་ང་རང་མ་འབད་བར་ཐབས་རང་མིན་འདུག་ཟེར་ ཏེ་ རྒྱལ་པོའི་སྐུ་ཚབ་སྦེ་ ཏེ་ བདུད་མོ་ཧ་ཤང་གིས་ མོ་རང་གིས་ ཁྲི་མངའ་གསོལ་འབད་ནི་ཟེར།