Video Overview
Lhamo and Lobzang Dema of Langten Village of Radhi, Tashigang sing a Boedra song entitled Gungtey Jayang Zomsa (Where Hundreds of High Skies Meet). It is a well-known Boedra song in Bhutan, and due to its auspicious lyrics, it is performed during the formal occasions, national celebrations, and other meetings or gatherings. An old song, its original composer and background history is unknown. This song is performed in a circular form with around five to twenty dancers.
བཀྲིས་སྒང་རྫོང་ཁག རདྷི་རྒེད་འོག་ལས་འབད་མི་ ལྷ་མོ་དང་བློ་བཟང་ གཉིས་ཀྱི་བོད་སྒྲ་ སྒུང་སྟོད་བརྒྱ་ཡ་འཛོམས་ས་ ཟེར་མི་འདི་འཐེནམ ཨིན་མས། གླུ་གཞས་འདི་ འབྲུག་རྒྱལ་ཁབ་ཀྱི་ བཀྲ་ཤིས་པའི་བོད་སྒྲ་ གཅིག་ལས་ཚིག་འདི་ཚུ་ཡང་ སྨོན་ཚིད་ཡོདཔ་ལས་ གླུ་གཞས་འདི་ དགའ་སྟོན་ རྒྱལ་ཡོངས་དུས་ཆེན་ ཁག་ཆེ་བའི་འཛོམས་འདུ་དང་གཉེན་སྦྱོར་ དེ་ལས་གོ་གནས་ཡར་སེང་འབད་བའི་ སྐབས་ཁྲབ་ཨིན་མས། ཞབས་ཁྲ་འདི་རྙིང་ཤོས་གཅིག་འབདཝ་ལས་ རྩམ་པ་པོ་དང་ གླུ་གཞས་ཀྱི་རྒྱབ་ཁུངས་འདི་ ངོས་འཛིན་མེདཔ་ཨིན་མས། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།
- Kadam
- Radhi
- Trashigang
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaདགུང་སྟོད་བརྒྱ་ཡང་འཛོམས་རེད་(ས་)སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་རེད་(པ་)གསེར་ལས་(དཀོན)། །གསེར་ལས་དཀོན་ཀྱང་ད་རེས་འདི་ལུ་འཛོམས། །འཛོམས་ས་འཁྲུལ་ས་(འཛོམས་པ་འབྲལ་བ་)མེད་པའི་སྨོན་ལམ་(ཞུ)། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaགངས་སྟོད་བརྒྱ་ཡང་འཛོམས་རེད་(ས་)སྟོང་ཡང་འཛོམས། །སེང་ཆེན་དཀར་མོ་འཛོམས་རེད་(པ་)གསེར་ལས་(དཀོན)། །གསེར་ལས་དཀོན་ཀྱང་ད་རེས་འདི་ལུ་འཛོམས། །འཛོམས་ས་འཁྲུལ་ས་(འཛོམས་པ་འབྲལ་བ་)མེད་པའི་སྨོན་ལམ་(ཞུ)། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaསྤང་སྟོད་བརྒྱ་ཡང་འཛོམས་པའི་(ས་)སྟོང་ཡང་འཛོམས། །སྤང་དང་ཤཝ་རྒས་རྭ་བཅུ་འདི་ལ(ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན)། །གནས་ཡང་དང་་་་་འབྲལ་ས་སམ(གསེར་ལས་དཀོན་ཀྱང་ད་རེས་འདི་ལུ་འཛོམས)། །འཛོམས་ས་འཁྲུལ་ས་(འཛོམས་པ་འབྲལ་བ་)མེད་པའི་སྨོན་ལམ་(ཞུ)། །
- ལྷ་མོ་ Lhamoབཏུབ་ད་ ལགས་སོ་ལགས། བཏུབ་པས་ མེད་སྐད་ཀྱིས་མི་བཏུབ་པས་ ཨ་ཧ་ཧ་་་།། །།