Video Overview
Choney Zangmo from Radhi Gewog, Trashigang, sings an old boedra song entitled Zimchung Shargi Chogla (The House to the East). The song is about a master named Gelwa Jampa and his throne. The composer says that Gelwa Jampa resides in the house of the East, and has thrones of gold and silver covered with tiger and leopard skins. The master sits on that throne and blesses his people with the vessel of longevity. An auspicious song, it can be performed at any kind of auspicious celebration or ceremony. It is performed in a circular formation with around five to twenty dancers. The composer and the origin of the song are unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཆོས་ཉིད་བཟང་མོ་གྱི་ བོད་སྒྲ རྙིངམ་ གཟིམ་ཅུང་ཤར་གྱི་ཕྱོགས་ལ་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ བླམ་རྒྱལ་བ་འཇམ་པ་ དང་ཁོ་རའི་ཁྲི་གི་སྐོར་ལས་ཨིན་མས། རྩོམ་པ་པོ་གིས་འབད་བ་ཅིན་ བླམ་རྒྱལ་བ་འཇམ་པ་འདི་ ཤར་ཁ་ཐུག་ལུ་ཡོད་པའི་ གཟིམས་ཅུང་ནང་གི་ རྒྱུ་གསེར་དང་དངོས་ལས་ གྲུབ་པའི་ཁྲི་གུ་སྟག་པ་དང་ གཟིགས་པའི་དགན་ལུ་བཞུགས་ཡོད། བླམ་འདི་ཁྲ་གུ་ བཞུགས་ཞིནམ་ལས་ ཚེ་རིང་གི་དབང་དང་ཁྲི་གནངམ་ཨིན། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས
- Pakaling
- Radhi
- Trashigang
- ཆོས་ཉིད་བཟང་མོ་ Choney Zangmoགཟིམ་ཅུང་ཤར་གྱི་ཕྱོགས་ལ་ལ། །བླ་མའི་གཟིམ་ཅུང་འདྲ་དོ། །བླ་མའི་གཟིམ་ཅུང་འདྲ་དོ། །
- ཆོས་ཉིད་བཟང་མོ་ Choney Zangmoབླ་མའི་གཟིམ་ཅུང་ནང་ལ་ལ། །བཞུགས་གདན་སྟག་ལྤགས་གཟིག་ལྤགས། །བཞུགས་གདན་སྟག་ལྤགས་གཟིག་ལྤགས། །
- ཆོས་ཉིད་བཟང་མོ་ Choney Zangmoསྟག་ལྤགས་གཟིག་ལྤགས་སྟེང་ལ་ལ། །རྒྱབ་ལ་གསེར་ཁྲི་དངུལ་ཁྲི། །རྒྱབ་ལ་གསེར་ཁྲི་དངུལ་ཁྲི། །
- ཆོས་ཉིད་བཟང་མོ་ Choney Zangmoགསེར་ཁྲི་དངུལ་ཁྲི་སྟེང་ལ་ལ། །རྒྱལ་བ་བྱམས་དཔལ་(པ་)བཞུགས་ཡོད། །རྒྱལ་བ་བྱམས་དཔལ་(པ་)བཞུགས་ཡོད། །
- ཆོས་ཉིད་བཟང་མོ་ Choney Zangmoརྒྱལ་བ་བྱམས་དཔལ་(པ་)ཕྱག་འདི་ལ། །ཚེ་དབང་བུམ་པ་བསྣམས་ཡོད། །ཚེ་དབང་བུམ་པ་བསྣམས་ཡོད། །
- ཆོས་ཉིད་བཟང་མོ་ Choney Zangmoཚེ་དབང་བུམ་པའི་ཁ་རྒྱན་ལ་ལ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ། །
- ཆོས་ཉིད་བཟང་མོ་ Choney Zangmoཚེ་དབང་བུམ་པའི་ན་བཟའ་ལ་ལ། །ལེགས་པའི་བཀྲ་ཤིས་ཁ་དར། །ལེགས་པའི་བཀྲ་ཤིས་ཁ་དར། །
- ཆོས་ཉིད་བཟང་མོ་ Choney Zangmoཚེ་དབང་བུམ་པའི་བུམ་རྫས་ལ་ལ། །ཁ་ཆེ་བོད་ཀྱི་དྲི་བཟང་། །ཁ་ཆེ་བོད་ཀྱི་དྲི་བཟང་། །
- ཆོས་ཉིད་བཟང་མོ་ Choney Zangmoཚེ་དབང་བུམ་པའི་བུམ་ཆུ་ལ། །ཆུ་ཆེན་གཡས་རི་གཙང་ཆུ། །ཆུ་ཆེན་གཡས་རི་གཙང་ཆུ། །
- ཆོས་ཉིད་བཟང་མོ་ Choney Zangmoརང་དང་འཆམ་པའི་འཆམ་ཚད་ལ། །ཁྲུས་ཆུ་བཞེས་པར་བྱོན་ཤོག །ཁྲུས་ཆུ་བཞེས་པར་བྱོན་ཤོག །
- ཆོས་ཉིད་བཟང་མོ་ Choney Zangmoབཀའ་དྲིན་ཆེ་ལགས།། །།