Skip to main content Skip to search
20 Jun 2018
2 min 53 sec
Video Overview
Creators: 
Duptho, Sonam Chophel

79-year-old Pema Lhadon from Phongmey, Tashigang sings an old Boedra song called Jagar Dorji Dhengi Neychok (The Sacred Place of Dorji Dhen, India). She learned this song from her parents. The song describes the auspiciousness of the sacred place, Dorji Dhen. Pema mentions that the song is performed when people visit that sacred place, and now it is also performed during auspicious celebrations or important gatherings. The song is said to be a sign of auspiciousness after the consecration of a temple or other sacred structures. The song was dedicated to the master craftsman Zow Beshu Karma for his architectural skills exhibited during the construction of a ladder of the 31 stages from the realm of heaven to the earth.

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ལས་ འབད་མི་སྐྱེས་ལོ་༧༩་ལང་མི་ ཨང་རྒས་པརྨ་ ལྷ་སྒྲོནཀྱི་ འབོད་གྲ་རྙིང་ཤོས་ རྒྱ་གར་རྡོེ་ལྡན་གྱི་གནས་མཆོག་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ མོརའི་ཕམ་ཚུ་ལས་ ལྷབ་སྟེ་ཡོདཔ་ལས་ དེའི་འབྱུང་ཁུངས་དང་ རྩོམ་པ་པོ་ཚུ་ ངོས་བཟུང་མེདཔ་མས། ཞབས་ཁྲ་འདི་གི་ རྒྱ་གར་རྡོེ་ལྡན་གྱི་ བཟོ་བཀོད་དང་ གནས་རྩ་ཅན་གྱི་སྐོར་ལས་ འགྲེལ་བཤད་ རྐྱབ་ཨིན་མས། ཨང་རྒས་པརྨ་གི་བཤད་མི་ནང་ ཞབས་ཁྲ་འདི་ མི་འདི་ཚུ་ གནས་རྩ་ཅན་ མཇལ་བར་ འོང་བའི་སྐབས་དང་ ད་ལྟོ་ འབད་བ་ཅིན་ རྟེན་འབྲེལ་དང་ འཛོམས་འདུ་གལ་ཅན་གྱི་སྐབས་ འཐེནམ་ཨིན་མས། ཞབས་ཁྲ་འདི ་ལྷ་ཁང་དང་གནས་རྩ་ཅན་གྱི་ རབ་གནས་སྐབས་ འཐེན་པ་ཅིན་ བཀྲ་ཤིས་པའི་རྟགས་ཨིན་ཟེར་ བཤདཔ་ཨིན་མས། དེ་མ་ཚད་ ཞབས་ཁྲ་འདིཡང་ བཟོ་རིག་ལུ་ཁས་ཆོག་ཡོད་མི ་བཟོཝ་བི་ཤུ་སྐར་མ་གི་བཟོ་རིག་ རིག་རྩལ་ འགྲེམས་སྟོན་ འབད་བའི་སྐབས་ ཁོ་གིས་ ཨེ་ཁུག་༣༡་འབད་མི་ མཐོ་རིས་ལས་འཛམ་གླིང་ཚན་ བཟོ་སྐྲུན་ འབད་དེ་ཡོདཔ་ལས་ དེའི་ཆེད་དུ་འཕུལ་ནུག། 

 

Transcript search
No results found for this search
0 of 0
  • པདྨ་ལྷ་སྒྲོན་ Pema Lhadon
    རྒྱ་གར་རྡོ་རྗེ་གདན་གྱི་གནས་མཆོག་ནས(ན)། །རྩེ་མོ་གསེར་གྱི་ལྷ་ཁང་གྲུ་བཞི་མ། །
  • པདྨ་ལྷ་སྒྲོན་ Pema Lhadon
    རྩེ་ནི་གསེར་གྱི་རྒྱལ་མཚན་གསེར་ལྷང་གླིང་། །ལྷོ་ཡི་གསེར་གྱི་མེ་ལོང་ལྟ་ལ་ལ། །
  • པདྨ་ལྷ་སྒྲོན་ Pema Lhadon
    ལྷ་ཆེན་ལྟ་དུང་དཀར་དི་རི་རི། །སྤོས་དམར་མེ་བསང་བསྲེ་འདུ་ལུ་ལུ། །
  • པདྨ་ལྷ་སྒྲོན་ Pema Lhadon
    སྤོས་ཆེན་ལྟ་ཨ་དྲུང་དཀར་སྤོས་ཞུ། །ལགས་སོ་ལགས་སོ། །
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨང་རྒས་ འ་ནཱི་གླུ་གཞས་འདི་ གནམ་མེད་ས་མེད་ལེགས་ཤོམ་འདུག་ ནཱ་ ག་ཅི་འབདཝ་ད་འཐེནམ་སྨོ་ འ་ནཱི་གླུ་གཞས།
  • པདྨ་ལྷ་སྒྲོན་ Pema Lhadon
    རྡོ་རྗེ་གདན་གྱི་གནས་བསྐོར་ རྡོ་རྗེ་གདན་བསྐོར་ར་ལུ་འཐེནམ་ཨིན་ རྒྱ་གར་རྡོ་རྗེ་གདན་གྱི་གླུ་གཞས་ཨིན་མས་འ་ནཱི་འདི་ ད་ རྒྱ་གར་རྡོ་རྗེ་གདན་གྱི་གནས་མཆོག་ནི། །རྩེ་མོ་གསེར་གྱི་ལྷ་ཁང་གྲུ་བཞི་མ། །གྲུ་བཞི་འདུག་བ་ཏེ།
  • པདྨ་ལྷ་སྒྲོན་ Pema Lhadon
    རྩེ་ནི་གསེར་གྱི་རྒྱལ་མཚན་གསེར་ལྷང་གླིང་ཟེར་ ཁོའི་རྒྱལ་མཚན་ཚུ་ གསེར་གྱི་བརྒྱན་ཏེ་འདུག་ཟེར་ རྩེ་ནི་གསེར་གྱི་རྒྱལ་མཚན་གསེར་ལྷང་གླིང་། །ལྷོ་ཡི་གསེར་གྱི་མེ་ལོང་ལྟ་ལ་ལ། །ག་ར་མཐོངམ་སྦེ་འདུག་ཟེར།
  • པདྨ་ལྷ་སྒྲོན་ Pema Lhadon
    ཏེ་ ནང་ནི་དམ་པའི་ལྷ་ཆོས་དི་རི་རི་ཟེར་ ཟུར་བཞི་གསུང་དབྱངས་དྲིལ་བུ་སིལ་ལི་ལི་ཟེར་ སྤོས་དམར་མེ་བསང་བསྲེ་འདུ་ལུ་ལུ། །སྤོས་ཆེན་ཨ་དྲུང་དཀར་སྤོས་ཞུ་ཟེར་ ལགས་སོ་ ཟེར་ཞུ་དོ་མེན་ན་ཏེ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨང་རྒས་ འ་ནཱི་གླུ་གཞས་འདི་ ག་ཏེ་ལས་ལྷབ་ཅི་ཁྱོད?
  • པདྨ་ལྷ་སྒྲོན་ Pema Lhadon
    ང་རའི་ནཱ་ ཧེ་མའི་ ང་རའི་ཕམ་ལས་རང་ལྷབ་ཅི།། །།