Video Overview
This is an account of the sacred mountain opposite Gasa Tshachu (hotspring). The mountain was believed to have a natural altar with three ridges representing the three lineage holders (Manjushree, Vajrapani and Avaloketeshvara), a long-life ritual cake and a palace for the local guardian deity known as Dendup Norzang. According to oral tradition, no visitors are allowed to visit the site because misfortune may befall the community. Since the site is sacred, if people make offerings to them, they will be blessed in the hotspring, which can thereby cure any kind of illness or misfortune.
ལོ་་རྒྱུས་འདི་ མགར་ས་ཚ་ཆུའི་གདོང་ཕྱོགས་ལུ་ཡོད་མི་ བྱིན་རླབས་ཅན་གྱི་ རི་འདིའི་སྐོར་ལས་ཨིནམ་ད་ སྤོག་ཏོ་གསུམ་ཡོད་མི་རི་འདི་ རང་བཞིན་ལྷུན་གྱིས་གྲུབ་པའི་ མཆོད་གཤམ་གྱི་ཚུལ་སྦེ་ཡོདཔ་ད་ རི་གསུམ་འདི་རི ིགས་གསུམ་མགོན་པོའི་ཚུལ་དང་ གཞན་ཡངཚེ་གཏོར་དང་ གཡུས་ལྷ་དོན་གྲུབ་ནོར་བཟང་གི་ཕོ་བྲང་ཚུ་འདུག། ཁ་རྒྱུན་རིགས་གཞུང་དང་འཁྲིལཝ་ད་ མི་ག་ཡང་ ས་གནས་འདི་ནང་འགྱོ་མ་བཏུབ་ཨིནམ་ད་ ག་དེ་ཅིག་སྦེ་འགྱོ་བ་ཅིན་ མི་སྡེའི་ནང་བར་ཆན་ཚུ་ཐོན་དོ་ཡོདཔ་མ་ཚད་ ཧེ་མ་མི་ལ་ལུ་ཅིག་མ་ཤེས་པར་ འདི་ནང་འགྱོ་མི་ལུ་བརྟེན་ བྱང་གཏོར་ཤོར་བའི་ ལོ་རྒྱུས་ཡོདཔ་ད་ ས་གནས་འདི་བྱིན་རླབས་ཅན་ཅིག་ཨིནམ་ལས་བརྟེན་ གཡུས་ལྷ་འདི་ལུ་ གསོལ་ཁ་ཕུལ་བ་ཅིན་ ཚ་ཆུ་སྦང་མ་འོང་མི་ཚུ་ལུ་ དངོས་གྲུབ་དང་བྱིན་རླབས་གནང་ཨིནམ་ཟེར་ བཤདཔ་མས། ཚ་ཆུ་འདི་གིས་ ནད་གཞི་ག་བཟུམ་ཅིག་ཨིན་རུང་ དྲག་ཚུགས་དོ་ཡོདཔ་ད་ གཡུས་ལྷ་འདིའི་དངོས་གྲུབ་ལས་བརྟེན་ རྐྱེན་ངན་བར་ཆད་ཚུ་ བསལ་ཚུགས་དོ་ཡོདཔ་ཨིན།
- Goenshari
- Punakha
- དར་སྒོ་ལགས་སོ། །ད་ཕར་ ཕར་ཀ་གི་རི་གི་སྐོར་ལས་སྦེ་ཞུ་དགོ་པ་ཅིན་ ད་ཏེ་གདོང་ཁ་གི་རི་འདི་ཚེ་གཏོར་ དེ་ཡར་ལྟག་གི་འདི་ཚེ་བུམ་ བར་ནང་སྐོར་གྱི་འདི་ གནསཔ་གི་ཕོ་བྲང་ཨིན་ཟེར་ ཨ་ནཱི་སྦེ་སླབ་མས་ལགས་རྒན་ཤོས་ཚུ་གིས།
- དར་སྒོ་ཏེ་ན་ལས་ཕར་གི་གནསཔ་གི་མཚན་འདི་ དོན་གྲུབ་ནོར་བཟང་ཟེར་ཞུཝ་ཨིན་མས་ལགས། ཏེ་ཁོ་གི་རོགས་ཕར་ ཕར་ཀ་ཁ་ཐུག་ལུ་ ཏེ་མི་ང་བཅས་ར་གསརཔ་འོང་མི་ཚུ་ ག་ཡང་ཕར་འོང་ནི་མེདཔ་སྦེ་ ཏེ་ཕར་འཛུལཝ་ཅིག་ ཏེ་ཧེ་མ་སྐབས་སུ་ལུ་འབད་བ་ཅིན་ ནཱ་གཡུས་ཁའི་མི་ཚུ་གིས་བཤད་དོ་བཟུམ་འབད་བ་ཅིན།
- དར་སྒོ་སེརཝ་རྐྱབ་ ཆརཔ་རྐྱབ་ ཏེ་ཐོག་འདི་ཚུ་ཡང་མེདཔ་བཏང་ དེ་ལས་ཏེ་ གཟིག་དང་སྟག་འདི་ཚུ་གིས་ ཏེ་ཁྱིམ་བསྐོར་ར་རྐྱབ་སྟེ་སྦེ་ འ་ནཱི་སྦེ་འོངམ་ཨིན་ཟེར་ དེ་སྦེ་བཤད་ནི་འདུག་ལགས། ཏེ་འ་ནཱིམ་ཅིག་ ཏེ་བཀའ་གཉན་དྲགས་ འ་ནཱི་སྦེ་ཨིན་པས་ ཟེར་ཞུ་ནི།
- དར་སྒོ་ཏེ་ད་རེས་ནངས་པར་ང་བཅས་ར་ ནཱ་ཚ་ཆུ་འབྱོན་མི་ཚུ་གིས་འབད་རུང་ཡང་ (ཏེ་ཕར་མ་འབྱོན་པ་ཅིན་དགས་བས་ཟེར་ཞུ་ནི་ལགས།?) ཟམ་བརྒལ་སྦེ་ (ཏེ་ཕར་ར་ནོར་ཚུ་?) ད་ བར་ཆད་འབྱུང་ནི་གི་ཉེན་ཁ་སྦོམ་འདུག་ཟེར་ཞུ་ནི། ཏེ་དེ་ལསན་ཚུར་གྱི་ལྷོང་ལས་ད་རུང་ ཏེ་རིགས་གསུམ་མགོནམོ་ཡོད་ ཟེར་ཨིན་མས་ འ་ནཱི་ཁ་ཐུག་ལས།
- དར་སྒོ་ཏེ་དང་ཕུ་འབད་བ་ཅིན་འ་ནཱི་ ལྦཝ་དང་རྫ་ཟེར་འཐོན་ནི་འདུག་བ་ལགས། འ་ནཱི་ཚུ་དང་ཕུ་མི་འདི་ཚུ་གིས་ འ་ནང་ལས་མ་ཤེས་པར་སྤོགས་པར་འགྱོཝ་ད་ཡང་ ཏེ་འ་ནི་གུ་ལས་ཁྲག་འཐོནམ་ཨིན་ཟེར་ཨིན་མས་བ་ལགས། གནསཔ་གིས་འབད་ འཕྲུལ་གྱིས་འབད་ ཏེ་རོགས་འ་ནཱི་ཁྲག་འཐོན་འ་ནཱི་ཚུ་འབདཝ་ལས་ མ་པ་ལས་ཕར་ལས་ ཅ་ལ་རྡོ་དང་ཤིང་ག་ནི་ཡང་བཏོན་ནི་མེདཔ་སྦེ་ ཧེ་མ་དང་ཕུ་འབད་བ་ཅིན་འ་ནཱི་སྦེ་ཨིན་མས་ ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་ང་བཅས་ར་ ནཱ་ཚ་ཆུ་སྦང་ འ་ནཱི་བཟུམ་འབད་རུང་ཡང་ ཕར་གསོལ་ཁ་རྐྱབ་ ཏེ་ལེགས་ཤོམ་འབད་གསོལཝ་བཏབ་འབད་སྦེ་གཙང་ཏོག་ཏོ་འབད་ གཙང་སྦྲགས་བཏོན་ཏེ་གིས་སྦེ་འབད་བ་ཅིན་ ཏེ་ང་བཅས་ར་ཚ་ཆུ་གིས་ཡང་ གཟུགས་ཁ་ལུ་ཕན་ཐོགས་ རྐྱེན་དང་བར་ཆད་ག་ནི་ཡང་མ་བྱུངམ་སྦེ་འབད་ ཏེ་འ་ནཱི་སྦེ་ཨིན་པས་ ཟེར་ཞུ་ནི་ལགས།། །།