Video Overview
Songs from Talo community are mostly religious, and glorify either monasteries or spiritual masters. This particular song glorifies spiritual masters, leaders and parents. The song highlights all three of these precious figures in one's life, all of which significant for the betterment of oneself. The precious master makes blessings, the leaders provide words of advice, and parents help in accumulate wealth.
རྟ་ལོག་ལས་དར་ཁྱབ་བྱུང་མི་ གླུ་གཞས་ཚུ་མང་ཆེ་ཤོས་ཅིག་ གཙུག་ལག་་ཁག་དང་ ཡང་ན་ བླམ་ལུ་བསྟོད་པ་སྦེ་ ཕུལ་ཕུལ་བའི་ ཆོས་འབྲེལ་གྱི་གླུ་གཞས་ཙང་ཙ་ཡོདཔ་དོ་བཟུམ་སྦེ་ ད་ལྟོ་ ནཱ་གི་གླུ་གཞས་འདི་ཡང་ བླམ་དང་གོངམ་ འདི་ལས་ ཕམ་ཚུ་ལུ་ བསྟོད་པ་སྦེ་ཕུལ་ཕུལ་བའི་ གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ནང་ ང་བཅས་རའི་ མི་ཚེ་ནང་ གནམ་མེད་ས་མེད་ཁག་ཆེ་བའི་ མི་ངོམ་ཚུ་ ཐུགས་དགྱེས་ནིའི་དོན་ལུ་དང་ འདི་ཡང་ བླ་མ་གིས་བྱིན་རླབས་དང་ གོང་མ་གིས་ སླབ་བྱ་བཟང་པོ་ འདི་ལས་ཕ་མ་གིས་ རྒྱུ་ནོར་ལོངས་སྤྱོད་ཚུ་ བསྒྲུབས་གནང་ཡོདཔ་ལས་ གླུ་གཞས་འདི་ནང་ ཁོང་གསུམ་ལུ་ བཀྲིན་དགའ་ཚོར་བསམ་ཨིན་པས།
- Talo
- Talo
- Punakha
- སྒྲོལ་དཀར་དང་ཆ་རོགས་ས་རྒྱ་ནག་ནོར་བུ་རི་གི་ལ་ནི་ཕར་རྒྱབ་ན་ལ། །
- སྒྲོལ་དཀར་དང་ཆ་རོགས་ཨོ་ལོ་ནོར་བུ་རི་གི་ལ་ནི་ཚུར་རྒྱབ་ན། །
- སྒྲོལ་དཀར་དང་ཆ་རོགས་བཞེངས་པ་རྣམས་སུ་དགོན་བཟང་ལ་ནི་ཁྲ་མོ་བཞེངས་ལ། །
- སྒྲོལ་དཀར་དང་ཆ་རོགས་བཞུགས་པ་རྣམས་སུ་མཚན་ལྡན་ལ་ནི་བླ་མ་བཞུགས། །
- སྒྲོལ་དཀར་དང་ཆ་རོགས་མཚན་ལྡན་བླ་མའི་ཐུགས་ལུ་ལ་ནི་དགོངས་པ་ཞུ་(གནང་)ལ། །
- སྒྲོལ་དཀར་དང་ཆ་རོགས་བྱིན་རླབས་སྲུང་སྐུད་བསྟན་པ་ལ་ནི་དར་སེ་(ཞིང་)དར། །
- སྒྲོལ་དཀར་དང་ཆ་རོགས་ས་རྒྱ་ནག་ནོར་བུ་རི་གི་ལ་ནི་ཕར་རྒྱབ་ན་ལ། །
- སྒྲོལ་དཀར་དང་ཆ་རོགས་ཨོ་ལོ་ནོར་བུ་རི་གི་ལ་ནི་ཚུར་རྒྱབ་ན། །
- སྒྲོལ་དཀར་དང་ཆ་རོགས་བཞེངས་པ་རྣམས་སུ་རྫོང་ཆེན་ལ་ནི་ཁྲ་མོ་བཞེངས་ལ། །
- སྒྲོལ་དཀར་དང་ཆ་རོགས་བཞུགས་པ་རྣམས་སུ་དབང་ཆེན་ལ་ནི་དཔོན་པོ་བཞུགས། །
- སྒྲོལ་དཀར་དང་ཆ་རོགས་དབང་ཆེན་དཔོན་པོ་ཐུགས་ལུ་ལ་ནི་དགོངས་པ་ཞུ་(གནང་)ལ། །
- སྒྲོལ་དཀར་དང་ཆ་རོགས་གཏམ་དང་ཚིག་གསུམ་བསྟན་པ་ལ་ནི་དར་སེ་(ཞིང་)དར། །
- སྒྲོལ་དཀར་དང་ཆ་རོགས་ས་རྒྱ་ནག་ནོར་བུ་རི་གི་ལ་ནི་ཕར་རྒྱབ་ན་ལ། །
- སྒྲོལ་དཀར་དང་ཆ་རོགས་ཨོ་ལོ་ནོར་བུ་རི་གི་ལ་ནི་ཚུར་རྒྱབ་ན། །
- སྒྲོལ་དཀར་དང་ཆ་རོགས་བཞེངས་པ་རྣམས་སུ་ཡུལ་བཟང་ལ་ནི་ཁྲ་མོ་བཞེངས་ལ། །
- སྒྲོལ་དཀར་དང་ཆ་རོགས་བཞུགས་པ་རྣམས་སུ་ཡབ་ཡུམ་ལ་ནི་གཉིས་ཀུ་བཞུགས། །
- སྒྲོལ་དཀར་དང་ཆ་རོགས་ཡབ་ཡུམ་གཉིས་ཀྱི་ཐུགས་ལུ་ལ་ནི་དགོངས་པ་ཞུ་(གནང་ལ)། །
- སྒྲོལ་དཀར་དང་ཆ་རོགས་ཟས་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་(ཞིང་)དར།། །།