Video Overview
This short video shares praising words dedicated to Talo Goenpa (monastery) by a Tibetan man, as conveyed by Dokami (who came to Talo festival at a young age). Dokami shares that the Tibetan man was offered some local brew, and narrated the glorification words. Narrated in Tibetan language, it is difficult to understand the whole meaning; it seems that the Tibetan man made an offer to Talo monastery as gratitude for the hospitality. Dokami is from Talo village in Punakha, but settled in Norbugang after marrying a woman from that village.
གློག་བརྙན་ཐུང་ཀུ་འདི་ནང་ རྡོ་བཀག་མི་ཁོ་ར་ དེ་བསྒང་ ཆུང་ཀུ་སྦེ་སྡོད་པའི་ནམ་དུས་ལུ་ རྟ་ལོག་ཚེས་བཅུའི་སྐབས་ བོད་ཀྱི་ཕོ་སྐྱེས་ཅིག་འོང་སྟེ་ རྟ་ལོག་དགོན་པ་ལུ་ ཕུལ་མི་བསྟོད་ཚིག་འདི་ ད་ལྟོ་ཁོ་གིས་སྦེ་ བཤདཔ་ཨིནམ་ད་ དེ་བསྒང་ བོད་ཀྱི་ཕོ་སྐྱེས་འདི་ལུ་ བང་ཆང་བྱིན་ཏེ་ བསྟོད་ཚིག་ཚུ་ སླབ་བཅུག་བཅུག་པའི་ ལོ་རྒྱུས་འདུག། བོད་མི་འདི་གིས་ བསྟོད་ཚིག་ཆ་མཉམ་ བོད་སྐད་ནང་སྦེ་ སླབ་ལས་བརྟེན་ དོན་དགཆ་མཉམ་ཧ་གོ་མ་ཚུགས་རུང་ ནཱེ་སྦེ་ལྟ་བའི་སྐབས་ རྟ་ལོག་ལུ་སྡོད་གནས་དང་ བཟའ་འཐུང་གི་རིགས་བྱིན་བྱིན་པའི་དགའ་ཚོར་འདྲཝ་སྦེ་ ཁྱོསམ་སྦེ་འབག་འོངམ་དང་གཅིག་ཁར་སྦེ་ རྟ་ལོག་གི་གཙུག་ལག་ཁང་གི་ བསྟོད་པ་ཕུལ་ཕུལཝ་མས། རྡོ་བཀག་མི་འདི་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་ལས་ཨིན་རུང་ ནོརཔ་སྒང་གི་ཨམ་ཅིག་དང་གཅིག་ཁར་ གཉེན་རྐྱབ་ཏེ་ ནོརཔ་སྒང་ལུ་གཞི་ཆགས་ཏེ་འདུག།
- Norbugang
- Talo
- Punakha
- རྡོ་བཀག་མིང་བཅས་དང་ཕུ་ རྟ་ལོག་ཚེས་བཅུ་སྐབས་སུ་ ཏེ་ལོ་གཞོན་ཅུང་ཅིག་འབད་སྡོད་པའི་སྐབས་སུ་ ཏེ་རྟ་ལོག་གི་ཡར་ལུ་ བོདཔ་ལེ་ཤ་འོང་སྦེ་འབད། ང་བཅས་ཚེས་བཅུ་སྐབས་ལུ་ཡང་ ཏེ་ཁོང་གིས་གྲལ་ཁར་བཤལ་ཏེ་སྡོདཔ་ད་ ང་བཅས་སྦུག་འཛུལ་སྦེ་འབད་ ཏེ་ཁོང་ཡང་ང་བཅས་དང་འདྲན་འདྲ་སྤྲོ་བ་བསྐྱེད་དེ་འབད་
- རྡོ་བཀག་མིགྲལ་ཁར་བཤལ་དགོ་ཟེར་ ཏེ་དེ་ལས་གྲལ་ཁར་བཤལཝ་ཟེར་འབདཝ་ད་ དེ་ལས་ཏེ་རོགས་ཁོང་གསུམ་དེ་ཅིག་འོང་སྦེ་འབད་ འབད་བའི་ཤུལན་ ཏེ་གྲལ་ཁ་འགོ་བཙུགསཔ་ཅིགན་ ཏེ་ཚར་གཅིག་འགོ་བཙུགས་ཟེར་འབདཝ་ད་ ཏེ་ཁོང་གིས་ཆང་ཅིག་ཡང་འཐུང་སྦེ་ འབད་བའི་ཤུལ་ལསན་ཏེ།
- རྡོ་བཀག་མིལགས་ལགས་གསུངས་སྐུ་གཞུང་(གཞོགས་)ལགས། །བཤད་པ་ནི་བརྒྱ་སྟོང་གསུངས་འདུག་ལགས། །ཁ་ལ་ནི་རྒྱ་བ་(ཡོད་ཀྱི་གདན།?) །ཁ་ལ་ནི་རྒྱ་བ་(ཡོད་ཀྱི་གདན?)། །(ར་བོང་རྒྱལ་པོའི་ཕྱག་ལུ་ཡིན?)། །སྤྱི་གཙུག་ཉི་ཟླ་འོད་ཀྱི་གདན། །དགུང་ཁྲི་གདུགས་ཉི་མའི་ཕྱག་ལུ་ཡིན། །
- རྡོ་བཀག་མིཧ་ཧ་(འདྲེལ་དཀར་པོ་?)བསམ་དོན་འཐོབ་པ་ བསམ་ལས་སྒྲུབ་པ་ཤོག་ དོན་ལས་སྒྲུབ་ཤོག་ (བཀྲིས་ཕྱོགས་ལུ་?)གཡང་ལ་ཆགས་པར་ཤོག །
- རྡོ་བཀག་མིངེད་ཀྱི་འཁར་བ་ ངེད་ཀྱི་ལག་པ་ཞིག་གི་འཁར་བ་དེ་བྱང་རྩེ་(གཞུང་ནས་?) སྒོར་མོ་ཉི་ཤུ་རྩ་ལྔ་སྤྲོད་ ཁ་འགྱེན་ལ་འགྲོ་ན་འཁར་བ་ཡིན། ཆུ་ཆེན་པོ་ཡོད་ན་ཟམ་པ་ཡིན། ཁྱི་ལྟས་ངན་ཡོད་ན་རྒྱུག་པ་ཡིན། ངེད་འཁར་བ་དེ་ལ་གོང་ཆེན་པོ་སྤྲོད་སྤྲོདཔ་ཨིན།
- རྡོ་བཀག་མི(ཁྱི་ཏེ་དེ་ལས་ལ་མོ་?) ཏེ་བླ་མའི་གཟིམ་ཅུང་ཁྲ་མོ་ དེ་འདྲ་(སྤའོ་་་་?)རྩིག་པ་རྐྱབ་འདེ་རྐྱབ་སྟེ་ ལགས་ལགས་སོ་སྐུ་གཞོགས་ལགས། བཤད་པ་བརྒྱ་སྟོང་གསུངས་འདུག་ལགས། །བླ་མའི་གཟིམ་ཅུང་ཁྲ་མོ་དབའེ། །དེ་འདྲ་ཁག་པོ་རྩིག་པ་རྐྱབ་འདེ་རྐྱབ་སྟེ་འབད་ རྟེན་འབྲེལ་བཟང་པོ་སོང་ཡི་ཟེར།
- རྡོ་བཀག་མི(འདྲེལ་དཀར་པོ་བསམ་པའི་ཐོག་ལུ་?) བསམ་ལས་སྒྲུབ་པར་ཤོག དོན་ལས་སྒྲུབ་པར་ཤོག (བཀྲིས་ཕྱོགས་ལུ་?)གཡང་ལ་ཆགས་པར་ཤོག་ཟེར་ རྒྱ་གར་ང་རང་བསམ་རྫོགས་ཏེ་འབད་ རྟ་ལོག་དགོན་པ་ལྷ་ཁང་ནང་ལུ་ (འདྲེ་གང་ལུས་དེ་ལྔ་ཕུལ་ནས་?) དེ་ཅིག་འབད་བསམ་རྫོགས་ཡོད་ ཟེར་ཞུ་ནི་ཨིན།། །།