Skip to main content Skip to search
20 Jun 2018
5 min 46 sec
Video Overview
Creators: 
Karma Yezor

This song, Lamai Tod Glu, praises a religious master. The Boedra song originated in the Talo region of Punakha district. This song is dedicating to the founder of Talo Goenpa, Zhabdrung Jigme Drakpa, and glorifies the people of that community who were true followers of the Buddha Dharma. Dokami sings two different songs in this video. The second part describes the peace and tranquility of an unnamed, idyllic place, with hundreds of thousands of stars and is surrounded with beautiful ridges and a flourishing Buddha dharma.

བླ་མའི་བསྟོད་གླུ་གི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་ལས་དར་ཁྱབ་བྱུང་བྱུངམ་ཅིག་ཨིནམ་ད་ གླུ་གཞས་རྟ་ལོག་དགོན་པ་བཞེངས་གནང་མི་ ཞབས་དྲུང་འཇིགས་མེད་གྲགས་པའི་དང་ ནང་པ་སངས་རྒྱས་་པའི་རྗེས་སུ་འཇུག་མི་ གཡུས་འདི་ནའི་ མི་ཚུ་ལུ་བསྟོད་པ་སྦེ་རྐྱབ་ཨིན་པས། རྡོ་བཀག་མི་གིས་ གློག་བརྙན་འདི་ནང་ ཞབས་བྲོ་གཉིས་སྟབས་གཅིག་ཁར་སྦེ་འཐེནམ་ཨིན་རུང་ དོན་དག་ག་ཅི་སྦེ་འཐེན་དགོཔ་ཨིན་ན་ མ་ཤེསཔ་ཨིན་རུང་ ཞབས་བྲོ་དབྱེ་ཁག་གཉིས་པ་འདི་ནང་ མིང་མ་བཏོན་མི་ ས་གནས་ཅིག་ནང་ སྐརམ་ལེ་ཤ་ཅིག་ཤར་ སྒང་འཇའ་ཆི་ཆི་གིས་ མཐའ་བསྐོར་ཏེ་ བག་ཕེབས་ཏོག་ཏོ་དང་ ཞི་བདེའི་ངང་ལུ་ཡོད་པའི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་པས། ད་རུང་ ས་གནས་འདི་ནང་པ་སངས་རྒྱས་པའི་ ཆོས་དར་བའི་གནས་ཨིནམ་མ་ཚད་ ཞི་བདེ་དང་ བག་ཕེབས་ཏོག་ཏོ་ཡོད་པའི་ ཞིང་ཁམས་སྦེ་ ཆ་བཞགཔ་ཨིན་པས། 

Transcript search
No results found for this search
0 of 0
  • རྡོ་བཀག་མ
    ལའི་ཨོ་མོ་ཨོ་མོ་མ་ཎི་སུ་པདྨེ་ཧཱུཾ་ཡ་ལ་པདྨེ་ཧཱུཾ།
  • རྡོ་བཀག་མ
    ལའི་ཁྱོད་རང་གཡུས་བཟང་ལ་མ་ཎི་སུ་པདྨེ་ཧཱུཾ་ཡ་ལ་པདྨེ་ཧཱུཾ།
  • རྡོ་བཀག་མ
    ལའི་(བཞེངས་བཞེངས་?)མ་ཎི་ཞབས་དྲུང་གིས་རྐྱབ་ས་ཡོད་ཡ་ལ་རྐྱབ་ས་ཡོད།
  • རྡོ་བཀག་མ
    ལའི་འབངས་དང་འཁོར་ཡུག་གནམ་ཁའི་སུ་སྐར་མ་འདྲ་ཡ་ལ་སྐར་མ་འདྲ་ལ། །
  • རྡོ་བཀག་མ
    ལའི་གནམ་ཁའི་སྐར་མ་བཞག་ནས་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
  • རྡོ་བཀག་མ
    ལའི་ཁྱོད་རང་རྣམ་པ་གཡུས་བཟང་ལ་མ་ཎི་བགྲོངས་ཡ་ལ་མ་ཎི་བགྲོངས་ལ། །
  • རྡོ་བཀག་མ
    ལའི་བླ་མ་བཟང་པོ་ཤཱཀྱ་གི་རྒྱལ་མཚན་བཞུགས་ཡ་ལ་རྒྱལ་མཚན་བཞུགས་ལ། །
  • རྡོ་བཀག་མ
    ལའི་ཨ་ཞེ་སྣང་ས་ང་ནི་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
  • རྡོ་བཀག་མ
    ལའི་(སྤུན་ཟླ་?)གཉིས་ཀུ་གནམ་ཁའི་སུ་སྐར་མ་འདྲ་ཡ་ལ་སྐར་མ་འདྲ་ལ། །
  • རྡོ་བཀག་མ
    ལའི་གནམ་ཁའི་སྐར་མ་བཞག་ནས་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
  • རྡོ་བཀག་མ
    ལ་སོགས་ལགས། །འ་ནཱི་འབད་ཕུལ་ཕུལཝ་ཨིན་མས་ལགས། ཏེ་འདི་གི་རྟིང་མ་ལུ་ ཏེ་དེ་ལས་ ཏེ་(གངས་སྟོད་?)ལུ་ ཏེ་སྟོད་ལ་མངའ་རིས་མི་ཆགས་ཟེར་མི་འདི་ ཕུལ་ཞིནམ་ལས་ དེ་ལས་འ་ནཱི་ཕུལ་ཕུལཝ་ཨིན་མས།། །།
  • རྡོ་བཀག་མ
    ཡར་(ཤར་)ལས་སྐར་མ་ཅིག་ཤར་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    ནུབ་ལས་སྐར་མ་གཉིས་ཤར་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    སྐར་མ་བརྒྱ་ཤར་སྟོང་ཤར་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    གནམ་ཁའི་སྦུག་ལུ་ཤར་བྱུང་སྣང་བ་སྐྱིད་པོ་ལགས་སོ། །
  • རྡོ་བཀག་མ
    ལ་མོ་གཅིག་བརྒལ་གཉིས་བརྒལ་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    ས་ཐག་རྒྱང་ལས་རིང་སོང་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    ཨོ་ལོ་སྐྱེས་པའི་ཕ་མ་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    ཧིང་གི་དཀྱིལ་ལས་དྲན་བྱུང་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    བཀྲིས་ལུང་མའི་(པའི་)ཕུག་ལས་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    གསེར་གྱི་རྒྱ་གླིང་འཕུ་བྱུང་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    གསེར་གྱི་རྒྱ་གླིང་མ་རེད་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    ང་ཛོ་(ང་ཚོ་)བླ་མའི་གསུང་སྐད་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    འཇམ་ནི་ཨ་མ་འཇམ་མས་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    མ་ཡང་ལས་ཀྱིས་བསྐོས་བྱུང་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    ལས་ཀྱིས་བསྐོས་པའི་མ་ཡུལ་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    ང་ནི་ག་ལས་འོང་མ་(བ་)སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    གོས་ཆེན་ཁ་གང་གྲུ་བཞི་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    མེ་ཏོག་བརྒྱ་དང་རྩ་བརྒྱད་སྣང་བ་སྐྱིད་པོ་ལགས། །
  • རྡོ་བཀག་མ
    གོས་ཆེ་འགྱོ་ས་གཡུས་ལུ་སེར་མོ་ཁྲ་མོ་ལ་ཟེར་ན། །
  • རྡོ་བཀག་མ
    རི་མོ་ཡལ་ས་མི་ནུག་སྣང་བ་སྐྱིད་པོ་ལགས།། །།