Video Overview
The culture of summoning Parshing (the embodiment of the celestial being from Tibet, Khandro Sonam Peldon) is done at the start of construction, or the mud ramming ceremony. Returning the Dakini happens at the end of the ceremony ending the construction period. Oral tradition says that the culture of narrating ballads began during the time of Phajo Drukgom Zhipo, as he first communicated with his consort through ballad. Thus, to commemorate Phajo's consort, he constructed a Bhutanese house with her image; it is believed that the tools used in ramming mud during construction is an embodiment of Khandro Sonam Pelden. Dendup from Punakha narrated a ballad that first antagonized but then befriended his interlocutor.
ང་བཅས་རའི་ འབྲུག་རང་ལུགས་ཀྱི་ཁྱིམ་རྐྱབ་ད་ པར་ཤིང་བོད་ལས་ཞུ་ནི་ཟེར་ པར་འཆམ་ནི་འགོ་བཙུགས་པའི་སྐབས་སུ་ པར་ཤིང་ཅིག་བསྐུལ་ནི་ཡོདཔ་ད་ འདི་བསྒང་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ ཇ་ཆང་དང་ བཞུགས་གྲལ་གྱི་རིམ་པ་ཚུ་ཡང་ སྒྲིག་སྲོལ་ཡོདཔ་ཨིན། ཁ་རྒྱུན་རིགས་གཞུང་ཚུ་ནང་ མི་ལ་ལུ་ཅིག་གིས་ པར་འཆམ་ནིའི་སྟིར་ཤིང་འདི་ འབྲུག་རྒྱལ་ཁབ་ནང་ དང་ཕུགས་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་ བོད་ལས་བསྣམས་བྱོན་བྱོནམ་ཨིནམ་སྦེ་ བཤད་དོ་ཡོདཔ་ལས་ པར་འཆམ་ནི་འགོ་བཙུགས་པའི་སྐབས་ པར་ཤིང་བོད་ལས་ཞུ་བའི་ ལམ་སྲོལ་འདི་དར་ཁྱབ་བྱུང་ནི་ཟེར་མས། ཕ་ཇོ་འབྲུག་སྒོམ་བཞི་པོ་དང་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གཉིས་ དེ་བསྒང་ བློ་ཟེ་ཕར་ཚུར་བརྗེ་ཐོག་ལས་ ཞལ་འདྲེས་བྱུང་ཡོདཔ་ལས་ པར་འཆམ་པའི་སྐབས་ བློ་ཟེ་ཕར་ཚུར་བརྗེ་ནིའི་ལམ་སྲོལ་འདི་ཡང་ ཕ་ཇོ་འབྲུག་སྒོམ་བཞི་པོའི་སྐབས་ལས་ དར་ཁྱབ་བྱུང་ཡོདཔ་སྦེ་ ཡིག་ཐོག་ནང་བཀོད་མེད་རུང་ ཁ་རྒྱུན་སྦེ་ བཤད་ནི་འདུག། ཏེ་ད་རུང་ བླམ་ཇཕ་ཇོ་རིན་པོ་ཆེ་མཆོག་གིས་ མཁའ་འགྲོ་རྗེ་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ འབྲུག་རང་ལུགས་ཀྱི་ཁྱིམ་ཅིག་རྐྱབ་སྟེ་ མོ་གི་སྐུ་འདྲ་ཅིག་བཞེངས་ཡོདཔ་ད་ ད་ལྟོ་ནཱ་གི་ བློ་ཟེ་འདི་ སྤུན་ན་རྫོང་ཁག་ལས་ དོན་གྲུབ་ཀྱིས་ དང་པ་ར་ དགྲ་གླུ་ཅིག་བཏངམ་ཨིན་རུང་ མཇུག་འདི་གཉེན་གླུ་ཅིག་གིས་སྦེ་ མཇུག་བསྡུཝ་ཨིན་པས།
- Chorten Nyingbu
- Punakha
- དོན་གྲུབ་ཆུམོ་རྐྱང་རྐྱང་ཆུམོ་རྟ་འདྲ་བས།།
- དོན་གྲུབ་རྟ་སྒ་ཆས་མེད་པ་ང་མི་བཞོན།།
- དོན་གྲུབ་ཤར་ཤར་ཟླཝ་དུང་འདྲ་བས།།
- དོན་གྲུབ་དུང་འཕུ་ཅུང་མེད་པ་ང་མི་འཕུ། །
- དོན་གྲུབ་སྐར་མའི་དཔལ་བཟང་གཡུ་འདྲ་བས།།
- དོན་གྲུབ་གཡུ་ལུང་ཐག་མེད་པ་ང་མི་བཏགས།།
- དོན་གྲུབ་ནཱ་ལས་ཕར་གྱི་ལན་དེ་འ་ནཱི་སྦེ་རྐྱབ་ད་ལུ་ད་རུང་ཕར་ལས་ཚུར་གྱི་ལན་རྐྱབ་ནི་ལགས།།
- དོན་གྲུབ་ཆུམོ་རྐྱང་རྐྱང་ཆུམོ་རྟ་འདྲ།།
- དོན་གྲུབ་རྟ་སྒ་ཆས་མེད་པ་མ་བཞོན།།
- དོན་གྲུབ་རྟ་སྒ་ཆས་ང་གིས་བསྒྲིག་གེ།
- དོན་གྲུབ་བཞོན་པར་ཁྱོད་ར་ཤོག་སྨ་རེད།།
- དོན་གྲུབ་ཤར་ཤར་ཟླཝ་དུང་འདྲ།།
- དོན་གྲུབ་དུང་འཕུ་ཅུང་མེད་པ་འཕུ་མ་ཤེསན།།
- དོན་གྲུབ་འཕུ་ཅུང་ང་གིས་བསྒྲིག་གེ།
- དོན་གྲུབ་འཕུ་བར་ཁྱོད་ར་ཤོག་སྨ་རེད།།
- དོན་གྲུབ་ཁྲི་གདུགས་ཉིམ་གོ་འདྲ།།
- དོན་གྲུབ་གོ་ཟུར་རྩི་མེད་པ་གྱོན་མ་ཤེསན།།
- དོན་གྲུབ་ཟུར་རྩི་ང་གིས་བཏགས་གེ།
- དོན་གྲུབ་གྱོན་པ་ཁྱོད་ར་ཤོག་སྨ་རེད།།
- དོན་གྲུབ་སྐར་མའི་པད་བཟང་གཡུ་འདྲ།།
- དོན་གྲུབ་གཡུ་ལུང་ཐག་མེད་པ་བཏགས་མ་ཤེསན།།
- དོན་གྲུབ་གཡུ་ལུང་ཐག་ང་གིས་བཏགས་གེ།
- དོན་གྲུབ་བཏགས་པར་ཁྱོད་ར་ཤོག་སྨ་རེད།།ཟེར་ཏེ་ཕར་གྱི་དེ་གིས་ ལན་འ་ནཱི་སྦེ་རྐྱབ་ནི་ལགས།ད་རུང་ཡང་ནཱ་ལས་ཕར་ དེའི་ལན་རྐྱབ་དགོ་པ་ཅིན།
- དོན་གྲུབ་བུམོ་རྐྱང་རྐྱང་ཆུམོ་རྟ་འདྲ།།
- དོན་གྲུབ་རྟ་སྒ་ཆས་མེད་པ་བཞོན་མ་ཤེས།།
- དོན་གྲུབ་སྒ་ཆས་ཁྱོད་ཀྱིས་བསྒྲིག་གེ་ཡ།།
- དོན་གྲུབ་སྒ་ཆས་ཁྱོད་ཀྱིས་བསྒྲིག་པ།།
- དོན་གྲུབ་ཁྱོད་བཟོ་བོ་མཁས་པའི་བུ་རྒྱུད་མེན།།
- དོན་གྲུབ་སྒ་ཆས་ཁྱོད་ཀྱིས་གན་བསྒྲིག་པ།།
- དོན་གྲུབ་ཁྲི་གདུགས་ཉིམ་གོ་འདྲ།།
- དོན་གྲུབ་གོ་ཟུར་རྩི་མེད་པ་གྱོན་མ་ཤེས།།
- དོན་གྲུབ་ཟུར་རྩི་ཁྱོད་ཀྱིས་བཏགས་གེ་ཡ།།
- དོན་གྲུབ་གྱོན་པ་ང་ར་ཤོག་ཡ།།
- དོན་གྲུབ་གོ་ཟུར་རྩི་ཁྱོད་ཀྱིས་བཏགས་པ།།
- དོན་གྲུབ་ཁྱོད་སྒར་པའི་ཚེམ་སྐུ་(ཚེམ་ཁང་)ནང་ལུ།།
- དོན་གྲུབ་སྐུད་པའི་སྣེ་ལྔ་མིན་ནུག།
- དོན་གྲུབ་སྐུད་པའི་སྣེ་ལྔ་མེདན།།
- དོན་གྲུབ་གོ་ཟུར་རྩི་ཁྱོད་ཀྱིས་གན་བཏགས་པ།།
- དོན་གྲུབ་ཤར་ཤར་ཟླཝ་དུང་འདྲ།།
- དོན་གྲུབ་དུང་འཕུ་ཅུང་ཁྱོད་ཀྱིས་་་་་དུང་འཕུ་ཅུང་མེད་པ་འཕུ་མ་ཤེསན།།
- དོན་གྲུབ་དུང་འཕུ་ཅུང་ཁྱོད་ཀྱིས་བསྒྲིག་གེ་ཡ།།
- དོན་གྲུབ་དུང་འཕུ་ཅུང་ཁྱོད་ཀྱིས་བསྒྲིག་པ།།
- དོན་གྲུབ་ཁྱོད་སྤྲུལ་སྐུ་(སྤྲོས་རྐོ་)མཁས་པའི་བུ་རྒྱུད་མེན།།
- དོན་གྲུབ་དུང་འཕུ་ཅུང་ཁྱོད་ཀྱིས་གན་བསྒྲིག་པ།།
- དོན་གྲུབ་སྐར་མའི་པད་བཟང་གཡུ་འདྲ།།
- དོན་གྲུབ་གཡུ་ལུང་ཐག་མེད་པ་གྱོན་(བཏགས་)མ་ཤེས།།
- དོན་གྲུབ་གཡུ་ལུང་ཐག་ཁྱོད་ཀྱིས་བསྒྲིག་གེ།
- དོན་གྲུབ་གྱོན་པ་(བཏགས་པ་)ང་ར་ཤོག་ཡ།།
- དོན་གྲུབ་གཡུ་ལུང་ཐག་ཁྱོད་ཀྱི་བསྒྲིག་པ།།
- དོན་གྲུབ་ཁྱོད་(སྤྲུལ་སྐུ་?)མཁས་པའི་བུ་རྒྱུད་མེན།།
- དོན་གྲུབ་གཡུ་ལུང་ཐག་ཁྱོད་ཀྱིས་གན་བསྒྲིག་པ།།ཟེར་ ཏེ་འ་ནཱི་གིས་ བློ་ཟེ་ཚིག་ཐེངས་གཅིགཔོ་དེ་འ་ནཱི་སྦེ་ཡོདཔ་ཨིན་ ཟེར་ཞུ་ནི་ལགས།འ་ནཱི་དགྲ་གླུ་ཨིན་ཟེར་ཞུ་ནི་ལགས།ཏེ་དགྲ་གླུ་ཨིན་ཟེར་ཞུ་ནི་ལགས།ཏེ་ཨ་ནཱི་ང་བཅས་ར་གཉེན་གླུ་སྒྲ་གླུ་ཟེར་ཡོད་འ་ནཱི་འབདཝ་ད་ད་ལྟོ་དགྲ་གླུ་ཨིན་ཟེར་ཞུ་ནི་ལགས།
- དོན་གྲུབ་ཡར་རི་མགོ་མཐོན་མཐོ་ས་དགའ།།
- དོན་གྲུབ་ཡར་མཐོ་ས་གདན་ས་བཅགས་ནི་ཨིན།།
- དོན་གྲུབ་མར་རི་མཇུག་དམའན་དམའ་བ་དགའ།།
- དོན་གྲུབ་དམའ་ས་ས་གཞི་ལྷོག་ནི་ཨིན།།
- དོན་གྲུབ་ཕར་རི་བར་དོགན་དོག་པ་དགའ།།
- དོན་གྲུབ་ཕར་དོག་ས་བྱཱ་ཞིང་ག་ནི་ཨིན།།ཟེར་ཏེ་ཕར་དགྲ་གླུ་འདི་ད་ནཱ་ལས་ཕར་ལན་ ཨ་ནཱི་རྐྱབ་པ་ཅིན་ད་རུང་ཕར་ལས་ཚུར་གྱི་དེ་གིས་སླབ་འོང་ལགས།
- དོན་གྲུབ་ཁྱོད་རི་མགོ་མཐོན་མཐོ་ས་དགའ།།
- དོན་གྲུབ་ཁྱོད་གདན་ས་་་་ཡར་མཐོ་ས་གདན་ས་བཅགས་ནི་ན།།
- དོན་གྲུབ་ཁྱོད་གདན་ས་་་་མཐོ་ས་གདན་ས་བཅགསན།།
- དོན་གྲུབ་གདན་ས་རླུང་གིས་ང་གཡབ་གེ།
- དོན་གྲུབ་མར་རི་མཇུག་དམའན་དམའ་བ་དགའ།།
- དོན་གྲུབ་ཁྱོད་དམའ་ས་ས་གཞི་ལྷོག་ནི་ན།།
- དོན་གྲུབ་ཁྱོད་དམའ་ས་ས་གཞི་ལྷོགན།།
- དོན་གྲུབ་མར་ས་གཞི་(རུད་ལུ་?)ང་སྐྱེལ་གེ།
- དོན་གྲུབ་ཕར་རི་བར་དོགན་དོག་པ་དགའ།།
- དོན་གྲུབ་ཕར་དོག་ས་བྱཱ་ཞིང་ག་ནི་ན།།
- དོན་གྲུབ་ཁྱོད་དོག་ས་བྱཱ་ཞིང་གན།།
- དོན་གྲུབ་ཁྱོད་སྟག་ཤར་(རྡོ་ལུ་ང་ཤོར་བཅུག་གེ །?)ཟེར་ཏེ་འ་ནཱི་ཕར་འ་ནཱི་གི་འ་ནཱི་ལན་དེ་འ་ནཱི་སྦེ་འཐོན་འོང་ལགས།དགྲ་གླུ་འདི་ནང་ལུ་འ་ནཱིམ་ཅིག་ཨིན་ཟེར་ཞུ་ནི་ལགས།ཏེ་ཨ་ནཱི་ཕར་ལན་མ་རྐྱབ་པ་འབད་ གཅིག་གིས་གཅིག་ལུ་ཕར་ནཱ་ལས་ཕར་བསྒྱུར་ཕར་ལས་ཚུར་ཚུར་བསྒྱུར་ནི་གི་འབད་བ་ཅིན་ཏེ་མ་པ་དགྲ་གླུ་ནང་ར་ཨིན་ཟེར་ཞུ་ནི་ལགས།
- དོན་གྲུབ་བྱ་རིན་ཆེན་གསེར་བྱ་གོངམོ་འདི།།
- དོན་གྲུབ་ནམ་མགོ་གནག་གཉིས་ཀ་ཕྱི་རུ་འགྱོ་ཚེ།།
- དོན་གྲུབ་གཟན་མ་བཟའ་ས་ཡོད་བ།།
- དོན་གྲུབ་ཐོ་རངས་ཤར་དཀརཝ་ལས།།
- དོན་གྲུབ་ནཱ་ནམ་ཕྱེད་བཟུང་ས་མིན་ནུག།
- དོན་གྲུབ་གནག་མའི་ནང་ག་སྟེ་ཡར་སོངཔ་ཨིན་ན།།
- དོན་གྲུབ་ཨ་ལྕོ་ཉེ་ཉེ་འབགཔ་ཨིན་ཟེརན།།
- དོན་གྲུབ་འབག་པའི་ཤུལ་ལུ་སྤུ་མིན་ནུག།
- དོན་གྲུབ་ཁྱ་རྒོད་ལྟོགས་པ་(པས་)ཟཝ་ཟེརན།།
- དོན་གྲུབ་ཟ་བའི་ཤུལ་ལུ་ཁྲག་མིན་ནུག།
- དོན་གྲུབ་ཤར་ལས་རིགས་བཟང་དཔའ་བོ་འབོ།།
- དོན་གྲུབ་ནཱ་རྩིས་པས་ས་རིས་རྡོ་རྗེ་འབད།།
- དོན་གྲུབ་ནཱ་གནམ་རྩིས་ས་ལུ་ཕབ།།
- དོན་གྲུབ་ས་རིས་(ཟློས་བསྐོར་བ?)སྒྱུར་བལྟ་ཚེ།།
- དོན་གྲུབ་ཨའུ་ས་ཐག་རྒྱང་ལས་མེན་པས།།
- དོན་གྲུབ་ནཱ་དོན་དག་ཆེན་པོའི་གཞུང་རང་མས།།
- དོན་གྲུབ་ཁྱོད་ཨ་ཝ་ཨ་ཁ་ཟེརན་ཨིན།།
- དོན་གྲུབ་ཨ་ཝ་ཨ་ཁ་མ་ཟེརན།།
- དོན་གྲུབ་བླམ་སངས་རྒྱས་རེ་རེ་འཁྲུངས་ས།།
- དོན་གྲུབ་སྐྱེཝ་ལན་ཐེངས་དགུ་དགུ་ང་བཤད་བཅུག་ག།ཟེར་ འ་ནཱི་ཚུ་ཡང་དགྲ་གླུ་ཨིན་ཟེར་ཞུ་ནི་ལགས།
- དོན་གྲུབ་ང་ཆུ་གསུམ་འཛོམས་ས་རྩལ་རྐྱབ་ཅི།།
- དོན་གྲུབ་ང་རྩལ་པ་རོང་ལུ་འཐོན་མ་མྱོང་།།
- དོན་གྲུབ་གངས་རླུང་བསིལ་གངས་ཁ་བལ་འཁལ་ཡི།།
- དོན་གྲུབ་ང་བལ་འདབ་རླུང་ལུ་སྐྱེལ་མ་མྱོང་།།
- དོན་གྲུབ་རྡོ་རོ་ནང་ལུ་ཤིང་བཀག་ཅི།།
- དོན་གྲུབ་ང་སྟ་ཅུང་རྡོ་ལུ་ཤོར་མ་མྱོང་།།
- དོན་གྲུབ་གཟིག་ཚང་ནང་ལུ་ནོར་འཚོ་ཡི།།
- དོན་གྲུབ་ང་བོའུ་ཅུང་གཟིག་ལུ་སྐྱེལ་མ་མྱོང་།།ཟེར་ ནཱ་ལས་ཕར་དེ་གིས་ལན་ འ་ནཱི་སྦེ་རྐྱབ་འོང་ལགས།ད་རུང་ཕར་ལས་ཚུར་དེ་གིས་ ལན་ལེགས་ཤོམ་འབད་རྐྱབ་ཚུགས་མི་འབད་བ་ཅིན།
- དོན་གྲུབ་ཁྱོད་ཆུ་གསུམ་འཛོམས་ས་རྩལ་རྐྱབ་ཅི་ཡ།།
- དོན་གྲུབ་ཁྱོད་རྩལ་པ་རོང་ལུ་མ་འཐོན་པ་ཅིན།།
- དོན་གྲུབ་ཁྱོད་རྩལ་པ་རོང་ལུ་མ་འཐོན།།
- དོན་གྲུབ་ཆུ་རོ་རྩལ་ཅན་དང་མ་འཕྱད་པ་ཨིན།།
- དོན་གྲུབ་གངས་རླུང་བསིལ་གངས་ཁ་བལ་འཁལ་ཏེ།།
- དོན་གྲུབ་ཁྱོད་བལ་འདབ་རླུང་ལུ་མ་སྐྱེལན།།
- དོན་གྲུབ་རླུང་རོ་རྩལ་ཅན་དང་མ་འཕྱད་པ་ཨིན།།
- དོན་གྲུབ་ཁྱོད་རྡོ་ཚང་ནང་ལུ་ཤིང་བཀག་སྟེ།།
- དོན་གྲུབ་ཁྱོད་སྟ་ཅུང་རྡོ་ལུ་མ་ཤོར་ཡ།།
- དོན་གྲུབ་ཁྱོད་སྟ་ཅུང་རྡོ་ལུ་མ་ཤོརན།།
- དོན་གྲུབ་རྡོ་གཅལ་རྡོ་ང་དང་མ་འཕྱད་པ་ཨིན།།
- དོན་གྲུབ་ཁྱོད་གཟིག་ཚང་ནང་ལུ་ནོར་འཚོ།།
- དོན་གྲུབ་ཁྱོད་བོའུ་ཅུང་གཟིག་ལུ་མ་སྐྱེལ་ཡ།།
- དོན་གྲུབ་ཁྱོད་བོའུ་ཅུང་གཟིག་ལུ་མ་སྐྱེལན།།
- དོན་གྲུབ་ནཱ་སྟགམོ་གཟིག་ང་དང་མ་འཕྱད་པ་ཨིན།།ཟེར་ཏེ་ང་བཅས་བློ་ཟེ་རྩོད་པ་ནང་ལུ་འབད་བ་ཅིན་ཏེ་འ་ནཱི་སྦེ་རྐྱབ་དགོ་ཟེར་ཞུ་ནི་ལགས།ཨུ་ཧུམ་་་་་་དེ་ལས་འ་ནཱི་ཚུ་ཡང་ཏེ་ད་ཨ་ནཱི་ཏེ་ཕར་ང་བཅས་ར་འགོ་བཙུགས་པའི་ནམ་དུས་ལུ་འབད་བ་ཅིན་བློ་ཟེ་ཚུ་ལེགས་ཤོམ་འབད་ཕར་རྩོད་པ་སྦོམ་ནང་སྦེ་འགོ་བཙུགས་པའི་ནམ་དུས་ལུ་འབད་བ་ཅིན་ཏེ་ང་བཅས་ར་འགོ་བཙུགས་པའི་སྐབས་ལུ་ཏེ་འ་ནཱི་སྦེ་བསྒྱུར་དགོ་ ཟེར་ཞུ་ནི་ལགས།
- དོན་གྲུབ་ཡར་རི་ནགས་ཚལ་གྱི་ནང་ལུ།།
- དོན་གྲུབ་ཚར་སྐམ་ཚར་གཅིག་དང་རློན་ཚར་གཉིས།།
- དོན་གྲུབ་ཚར་སྐམ་ཚར་ཨིན་བཞག་སྟེ་ཤོག།
- དོན་གྲུབ་རློན་ཚར་ཨིན་བཏོག་སྟེ་ཤོག།
- དོན་གྲུབ་ང་ཚར་བཟོ་མཁན་མའི་བུ་རྒྱུད་ཨིན།།
- དོན་གྲུབ་ཁྱོད་ཙེའུ་ཚར་བཏུབ་ག་མི་བཏུབ།།
- དོན་གྲུབ་ང་ཚར་བཟོ་མཁན་མ་(མས་)བལྟ་དགེ།།
- དོན་གྲུབ་(རྡོ་མི་གི་དཀར་གསང་སྟ་རེ་དེ།།?)
- དོན་གྲུབ་རྡོ་དཀར་རྡོ་གཅིག་དང་གཅལ་རྡོ་གཉིས།།
- དོན་གྲུབ་རྡོ་དཀར་རྡོ་ཨིན་འཐུ་སྟེ་ཤོག།
- དོན་གྲུབ་གཅལ་རྡོ་ཨིན་བཞག་སྟེ་ཤོག།
- དོན་གྲུབ་ང་རྡོ་བཟོ་མཁན་མའི་བུ་རྒྱུད་ཨིན།།
- དོན་གྲུབ་ནཱ་རྩིག་རྡོ་བཏུབ་ག་མི་བཏུབ།།
- དོན་གྲུབ་ང་རྡོ་བཟོ་མཁན་མ་(མས་)བལྟ་གེ།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ།།
- དོན་གྲུབ་ཁྱེད་གཡུས་ཀྱི་མཉམ་གྲོགས་གཞོནམ་ཚུ།།
- དོན་གྲུབ་གསུང་ཁ་རྒྱུན་སྨོ་ཅིག་ཧིང་རྒྱུན་སྨོ།།
- དོན་གྲུབ་གསུང་ཁ་རྒྱུན་ཨིན་བཞག་སྟེ་ཤོག།
- དོན་གྲུབ་ཧིང་རྒྱུན་ཨིན་འཇལ་བ་ཤོག།
- དོན་གྲུབ་ང་གསུང་ལན་མཁས་པའི་བུ་རྒྱུད་ཨིན།།
- དོན་གྲུབ་ངེའི་གསུང་ལན་འབྱོར་ག་མི་འབྱོར།།
- དོན་གྲུབ་ངེའི་གསུང་ང་གསུང་ལན་མཁན་མ་(མས་)བལྟ་གེ།ཟེར་ཏེ་འ་ནཱི་ཚུ་ང་བཅས་ར་འགོ་བཙུགས་པའི་ནམ་དུས་ལུ་འབད་བ་ཅིན་ཏེ་འ་ནཱི་སྦེ་གཏང་དགོ་ལགས།ཏེ་ཕར་ལས་ཚུར་ཡང་ཨ་ཙི་ཅིག་ད་རུང་ཡང་ཏེ་གར་སུ་ཅིག་རྐྱབ་འབད་བ་ཅིན།
- དོན་གྲུབ་གངས་གཡས་བསྐོར་རྐྱབ་པའི་ཤ་རོགསཔ་ཁྱོད།།
- དོན་གྲུབ་ཤཝ་ཕོ་མོ་བསྣུན་པའི་མདའ་ཡོད་ག།
- དོན་གྲུབ་ཤཝ་ཕོ་མོ་བསྣུན་པའི་མདའ་མེདན།།
- དོན་གྲུབ་མདའ་མ་རྐྱབ་གོང་ལས་ཙང་ར་བཞག།
- དོན་གྲུབ་མཚོ་གཡོན་བསྐོར་རྐྱབ་པའི་ཉ་རོགས་པ།།
- དོན་གྲུབ་ཉམོ་ཕོ་མོ་(མནན་པའི་དུས་?)ཡོད་ག།
- དོན་གྲུབ་ཉམོ་ཕོ་མོ་(མནན་པའི་དུས་?)མེདན།།
- དོན་གྲུབ་(དུས་?)མ་འགྱུར་གོང་ལས་ཙང་ར་བཞག།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ།།
- དོན་གྲུབ་ཁྱེད་གཡུས་ཀྱི་མཉམ་གྲོགས་གཞོནམ་ཚུ།།
- དོན་གྲུབ་སྲུང་བསྒྱུར་རུ་ཆོག་པའི་སྲུང་ཡོད་ག།
- དོན་གྲུབ་སྲུང་བསྒྱུར་རུ་ཆོག་པའི་སྲུང་མེདན།།
- དོན་གྲུབ་ཁྱོད་སྲུང་བསྒྱུར་གོང་ལས་ཙང་ར་བཞག།ཟེར་ཏེ་ནཱ་ལས་ཕར་ལན་འདི་འ་ནཱི་སྦེ་རྐྱབ་འོང་ཟེར་ཞུ་ནི་ལགས།དེ་ལས་ད་རུང་ཕར་ལས་ཚུར་དེ་ལས་ང་བཅས་ར་གཉེན་དང་དགྲ་གླུ་འབད་མེན་པ་ད་ལྟོ་གཉེན་གྱི་རྐྱངམ་ཅིག་སྦེ་འཐེན་དོ་ཏེ་འ་ནཱི་སྦེ་འབདཝ་ད་ཏེ་ད་གཉེན་གྱི་ན་དགྲ་རྐྱངམ་ཅིག་སྦེ་འཐེན་དོ་ཟེར་ཞུ་ནི་ཨིན་ལགས།ཏེ་འ་ནཱ་དགྲ་ནང་ལུ་སྦེ་འབད་བ་ཅིན་ཨཱ་ཧིམ་་་་ཏེ་དེ་ལས་ ད་(དུས་ཅིགནི་?)ད་ཕོ་དང་མོ་བཟུམ་ཅིག་སྦེ་ཏེ་ཨ་ཙི་ཅིག་མིག་གཞི་མ་མཐུནམ་བཟུམ་ཅིག་སྦེ་ཏེ་འགྱོཝ་འདྲཝ་ཅིག་འབད་བ་ཅིན།
- དོན་གྲུབ་གཟི་མིག་ཏོ་བཅུ་གསུམ་ནོར་བུའི་གཟི།།
- དོན་གྲུབ་གཟི་ལུ་གཟི་ཕྲ་མདངས།།
- དོན་གྲུབ་སྐུད་པ་གཡས་འཁལ་རྐྱབ་པའི་བསྒང་།།
- དོན་གྲུབ་སྒརཔ་ང་རའི་སྐད་སྲུངཔ་རྐྱབ་ཅི་བ།།
- དོན་གྲུབ་ད་གཟི་ལུ་གཟི་ཕྲ་ཡལ།།
- དོན་གྲུབ་སྐུད་པ་(སྒྲིལ་འཁལ་ཤུབསཔ་ལས།།?)
- དོན་གྲུབ་ལམ་སྟོང་ལམ་སྦུག་ལུ་བཀོ་བཞག་ཡི།།
- དོན་གྲུབ་ཁྱེད་གཡུས་ཀྱི་མཉམ་གྲོགས་གཞོནམ་ཚུ།།
- དོན་གྲུབ་ལགཔ་(ཐལ་འབྲེལ་?)རྐྱབ་སྟེ་འཐུ་སྨ་རེད།།ཟེར་ཏེ་ནཱ་ལས་ཕར་ཏེ་ང་བཅས་ར་ཕོ་དང་མོ་གི་ཨ་ཙི་ཅིག་མ་རངསམ་བཟུམ་ཅིག་སྦེ་འབད་བ་ཅིན་ཏེ་འ་ནཱི་སྦེ་རྐྱབ་ཨིན་ཟེར་ཞུ་ནི།ཧེ་མ་ར་རང་གི་ཨམ་ད་ཕོ་ར་འབད་རུང་མོ་ར་འབད་རུང་ར་རང་གི་ཨམ་སྲུ་བཟུམ་ཅིག་འབད་ཏེ་འ་ནཱ་ལུ་ཨ་ཙི་ཅིག་དེ་ལས་ ཏེ་སྟབས་མ་བདེཝ་ཅིག་ཆུང་ཀུ་ཅིག་ཆགས་ཆིཔ་བཟུམ་ཅིག་འབད་བ་ཅིན་ཏེ་བློ་ཟེ་ཚུ་འ་ནཱི་སྦེ་བསྒྱུར་ནི་ལགས།ཏེ་དེ་ལས་ཕར་དེ་གིས་ཡང་སླབ་འོང་ལགས།
- དོན་གྲུབ་ཡར་གངས་ཀྱི་ཆུ་དཀར་དཀར་ཅུང་འདི།།
- དོན་གྲུབ་ཆུ་དཀར་མངར་དང་ལྡན་པའི་བསྒང་།།
- དོན་གྲུབ་བཟའ་ཤོག་བཟའ་ཤོག་རོགས་ཀྱིས་སླབ་ཅི།།
- དོན་གྲུབ་བཟའ་བ་རང་ཡང་ལྷོད་ཅི།།
- དོན་གྲུབ་ད་ཆུ་དཀར་བམ་བཀྱག་འགྱུརཝ་ལས།།
- དོན་གྲུབ་ཆུ་དཀར་བཟའ་བའི་རྩིས་མ་རྐྱབ།།
- དོན་གྲུབ་(ང་འདབ་མ་མཐོང་རུང་སོ་རྩི་བས།།?)ཟེར་ཏེ་ཕར་དང་ཚུར་འ་ནཱི་ཚུ་རྩོད་པ་ཕྱེ་བའི་གི་ཏེ་འ་ནཱི་སྦེ་ཨིན་ཟེར་ཞུ་ནི་ལགས།ང་བཅས་ར་ད་ཨ་ཙི་ཙི་ཏེ་གཉེན་གླུ་གི་ཁ་ཐུག་ལས་འབད་ཏེ་ལེགས་ཤོམ་འབད་ར་ཏེ་འ་ནཱི་ཚུ་གི་འབད་བ་ཅིན།
- དོན་གྲུབ་ལམ་རྡོ་སྐྱོང་ལ་མོའི་ལ་གཞོལ་ན།།
- དོན་གྲུབ་ཤིང་ཀ་ལི་ཀོ་ཀྲ་འཁན་མའི་(པའི་)ཤིང་།།
- དོན་གྲུབ་ཤིང་འཁན་མའི་(པའི་)ཤིང་གི་ཕོ་བྲང་ནང་།།
- དོན་གྲུབ་རྫ་ཕོ་རྫ་གཅིག་དང་མོ་རྫ་གཉིས།།
- དོན་གྲུབ་རྫ་ཕོ་རྫ་ཨིན་བཞག་སྟེ་ཤོག།
- དོན་གྲུབ་མོ་རྫ་ཨིན་སྤོགས་ཏེ་ཤོག།
- དོན་གྲུབ་(འཕྲལ་མཇལ་བའི་མཇལ་བ་སེམས་དགའ་བས།།?)
- དོན་གྲུབ་མཇུག་བཞག་པའི་བདོག་གཏད་བློ་བདེ་བས།།ཟེར་ཏེ་འ་ནཱི་ཚུ་ཏེ་ང་བཅས་ར་ཨ་ཙི་གཉེན་འབད་བ་ཅིན་ཏེ་ཚུར་འཆམ་ནི་གི་ཏེ་དུས་ཚོད་ཨིན་ཟེར་ཞུ་ནི་ལགས།ཏེ་འ་ནཱི་བཟུམ་སྦེ་ར་འཕྲོ་མཐུད་དེ་ར་ཞུ་བ་ཅིན།
- དོན་གྲུབ་ཤར་སྒར་པའི་རབ་གསལ་ནང་ལས།།
- དོན་གྲུབ་ཕར་ཀྲོང་གསར་སྟག་རྫོང་མཐོང་ཟེརཝ་མས།།
- དོན་གྲུབ་དབའེ་མཐོང་མས་ཟེར་རུང་བདེན་ཚད་འོང་།།
- དོན་གྲུབ་ཡར་སྟག་རྫོང་ག་བས་ལེགས་མི།།
- དོན་གྲུབ་ཡར་རབ་གསལ་ག་བས་ལེགས་མི།།
- དོན་གྲུབ་ནཱ་རབ་གསལ་མཐོཝ་མེན་པས།།
- དོན་གྲུབ་སྟག་རྫོང་དཀརཝ་མེན་པས།།
- དོན་གྲུབ་ཕར་ཀྲོང་གསར་ཨེ་་་་་ ནཱ་ནང་རྟེན་ཆེ་བ་བཟང་མས།།ཟེར་ཏེ་ འ་ནཱི་ཚུ་ ཏེ་འ་ནཱི་ཚུ་ང་བཅས་ར་གཉེན་གླུ་འཚམས་ཅིག་སྦེ་ཨིན་ཟེར་ཞུ་ནི་ལགས།ཨ་ནཱི་བློ་ཟེ་དགྲ་འདི་འབད་བ་ཅིན་ང་བཅས་ར་ད་ཨ་ནཱི།
- དོན་གྲུབ་བྱང་མགར་ས་(ལྕགས་ཀ་?)ཐོག་ལས།།
- དོན་གྲུབ་དྲིལབུ་དྭངས་ཅན་གཅིག་དང་དྭངས་མེད་གཉིས།།
- དོན་གྲུབ་དྲིལབུ་དྭངས་ཅན་དྭངས་ལྡན་གསིལནི།།
- དོན་གྲུབ་ཁྱོད་དཀོན་གཉེར་དགོངསམ་ཁྲེལ་མི་ཞུ།།
- དོན་གྲུབ་ཡར་མགོན་པོའི་ཐུགས་ལུ་མི་ཕོག་ཡི(མི་ཕོག་པས)།།
- དོན་གྲུབ་ཁྱོད་དཀོན་གཉེར་དགོངསམ་ཁྲེལ་བཞུགས་རུང་བཞུགས།།
- དོན་གྲུབ་ཡར་མགོན་པོའི་ཐུགས་ལུ་ཕོག་རུང་ཕོག།
- དོན་གྲུབ་ང་དྲིལབུ་དྭངས་ཅན་དྭངས་ལས་གསིལ་ནི།།ཟེར་ཏེ་འ་ནཱི་ཚུ་བློ་ཟེ་དགྲ་ཨིན་ཟེར་ཞུ་ནི་ལགས།ད་ང་བཅས་ར་ད་བློ་ཟེ་གཉེན་གླུ་ཟེར་མི་འདི་འབད་བ་ཅིན།
- དོན་གྲུབ་ཤིང་གངས་ཀྱི་སྟོང་ཕུ་སྤུན་གསུམ་འདི།།
- དོན་གྲུབ་སྟེང་ལྷ་གིས་སླབ་ཚེ་ལྷ་བང་ལོ།།
- དོན་གྲུབ་འོག་ཀླུ་གིས་སླབ་ཚེ་ཀླུ་བང་ལོ།།
- དོན་གྲུབ་བར་བཙན་གྱིས་སླབ་ཚེ་བཙན་བང་ལོ།།
- དོན་གྲུབ་ཡར་ལྷ་ཡང་མི་བང་ཞུ་ནི་མེད།།
- དོན་གྲུབ་རྩེམོ་པད་སྐྱ་གནམ་ལུ་བཏོན་བཏོནམ་ཨིན།།
- དོན་གྲུབ་ལྷ་བང་བའི་ཕྱོགས་སུ་པད་སྐྱ་བཞེས།།
- དོན་གྲུབ་བར་བཙན་གྱིས་སླབ་ཚེ་བཙན་བང་ལོ།།
- དོན་གྲུབ་ནཱ་བཙན་ཡང་མི་བང་ཞུ་ནི་མེད།།
- དོན་གྲུབ་ཞལ་ལག་བར་ལུ་བཀྲམ་བཀྲམ་ཨིན།།
- དོན་གྲུབ་བཙན་བང་བའི་ཕྱོགས་སུ་ཞལ་ལག་བཞེས།།
- དོན་གྲུབ་འོག་ཀླུ་གིས་སླབ་ཚེ་ཀླུ་བང་ལོ།།
- དོན་གྲུབ་འོག་ཀླུ་ཡང་མི་བང་ཞུ་ནི་མེད།།
- དོན་གྲུབ་རྩ་བོ་ར་ཏོག་ས་ལུ་བཀྲམ་བཀྲམ་ཨིན།།
- དོན་གྲུབ་ཀླུ་བང་བའི་ཕྱོགས་སུ་ར་ཏོག་བཞེས།།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ།།
- དོན་གྲུབ་ཁྱེད་ང་གཡུས་ཀྱི་་་་ཁྱེད་གཡུས་ཀྱི་མཉམ་གྲོགས་གཞོནམ་ཚུ།།
- དོན་གྲུབ་ཡབ་ཨ་པས་སླབ་ཚེ་ཨཔ་བང་ལོ།།
- དོན་གྲུབ་རོགས་ཨ་པས་མི་བང་ཞུ་ནི་མེད།།
- དོན་གྲུབ་ཆུངམ་རྐང་ཐང་ཨ་པ་དྲངས་དྲངསམ་ཨིན།།
- དོན་གྲུབ་ཨཔ་བང་བའི་ཕྱོགས་སུ་(ལགས་གུ་?)བཞག།
- དོན་གྲུབ་ཡུམ་ཨ་མས་སླབ་ཚེ་ཨམ་བང་ལོ།།
- དོན་གྲུབ་ཡུམ་ཨམ་ཡང་མི་བང་ཞུ་ནི་མེད།།
- དོན་གྲུབ་སྦོམ་མི་གྲལ་ཨ་མས་བཙུགས་བཙུགསཔ་ཨིན།།
- དོན་གྲུབ་ཨམ་བང་བའི་ཕྱོགས་སུ་(གོ་ཆས་?)བཞག།
- དོན་གྲུབ་(དགའཝ་བརྩེ་གིས་སླབ་ཚེ་བརྩེ་བང་ལོ།།?)
- དོན་གྲུབ་(ནཱ་བརྩེ་?)ཡང་མི་བང་ཞུ་ནི་མེད།།
- དོན་གྲུབ་(ཆུངམོ་རྐང་ཐང་ཨཱ་་་་ཆུངམོ་རྐང་ཐང་བརྩེ་གིས་?)དྲངས་དྲངསམ་ཨིན།།
- དོན་གྲུབ་(བརྩེ་?)བང་བའི་ཕྱོགས་སུ་དམ་ཚིག་བཞག།ཟེར་ཏེ་འ་ནཱི་ང་བཅས་ར་གཉེན་གླུ་ཨིན་ཟེར་ཞུ་ནི་ལགས།དེ་ནང་ལུ་དེ་ལས་ཨ་ནཱི་ད་བློ་ཟེ་ཏེ་ང་བཅས་ར་ཨ་ནཱི་རྩོད་པ་ཡང་མེན་དེ་ལས་དགྲ་མེན་གླུ་མེནམ་སྦེ་ ཨ་ནཱི་བློ་ཟེ་བསྒྱུར་བའི་ཞོར་ཁ་འབད་བ་ཅིན་ང་བཅས་ར།
- དོན་གྲུབ་ཤིང་དཔག་བསམ་ལྗོན་ཤིང་རྩ་བ་ལུ།།
- དོན་གྲུབ་བ་གཅིག་བཏགས་ནུག་མི་གོ་ག།
- དོན་གྲུབ་བ་གཅིག་བཏགས་ནུག་ཟེརན།།
- དོན་གྲུབ་བ་ཡང་ཀུན་དགའ་བཟངམོ་ཨིན།།
- དོན་གྲུབ་(བོའུ་འཚར་བ་ཨ་ལི་ཞོར་སྐད་ཚར།།?)
- དོན་གྲུབ་འབོལ་གདན་སྤང་ཁ་རས་ཅུང་ཐིང།།
- དོན་གྲུབ་བ་བཞོ་བ་ཤེས་ལྕམ་སྒྲོལ་མས་བཞོ།།
- དོན་གྲུབ་བོའུ་འཐེན་པ་གེ་གསར་རྒྱལ་པོས་འཐེན།།
- དོན་གྲུབ་ཨོཾ་ནི་་་་ཨོམ་ཐིགསཔ་གཅིག་གནམ་ལུ་ཡར་སོང་པ།།
- དོན་གྲུབ་ཡར་དཀར་གསང་(དཀར་གསལ་)མདངས་དང་ལྡན་ད་ནུག།
- དོན་གྲུབ་ཨོམ་ཐིགསཔ་གཅིག་སྤང་ལུ་ཤོར་སོང་པ།།
- དོན་གྲུབ་སྤང་འཇའ་རིས་སྣེ་ལྔ་བསྒྲིགས་ཆེ་ནུག།
- དོན་གྲུབ་ཨོམ་ཐིགསཔ་གཅིག་ས་ལུ་ཤོར་སོང་པ།།
- དོན་གྲུབ་མར་རྒྱ་མཚོ་གཏིང་མཐའ་རིང་ད་ནུག།
- དོན་གྲུབ་མར་རྒྱ་མཚོ་གཏིང་མཐའ་རིང་མི་འདི།།
- དོན་གྲུབ་ནོརབུ་གདུང་དཀར་ཕོ་མོ་འཁྲུངས་ནི་ཨིན།།ཟེར་ཏེ་འ་ནཱི་འདི་ང་བཅས་ར་ གཉེན་གླུ་མེན་དགྲ་གླུ་མེནམ་སྦེ་ང་བཅས་ར་ཨ་ནཱི་བློ་ཟེ་འདི་ཏེ་བར་ན་སྐོར་(ཁྱད་པར་ནང་?)ཨིན་ཟེར་ཞུ་ནི་ལགས།ཏེ་དེ་ལས་ ད་བློ་ཟེ་དགྲ་སྦེ་ར་རྐྱབ་བློ་ཟེ་སྦོམ་འབད་ཨ་ནཱི་ཡར་རྩོད་པ་ནང་སྦེ་ཏེ་སྦོམ་འབད་རྐྱབ་སྟེ་གིས་འབད་བ་ཅིན་ཏེ་ད་བློ་ཟེ་འདི་ཨ་ཙི་ཙི་ཏེ་ཧེ་མ་གནམ་མེད་ས་མེད་མཁས་དྲགས་འདུག་ཟེར་ཏེ་ལོག་ཕར་རྐྱབ་ཅི་རྐྱབ་ཅི་ར་བལྟཝ་ད་གནམ་མེད་ས་མེད་ཕར་འདི་གིས་ད་དཔེ་ད་ཕར་ང་བཟུམ་ཅིག་འབད་བ་ཅིན་ཏེ་ཕར་གྱི་འདི་ཨ་ཙི་ཙི་ངེ་གི་ཁ་ལན་ ཨ་ཙི་དུམ་གྲ་ཅིག་ལན་རྐྱབ་མ་ཚུགསཔ་བཟུམ་ཅིག་འབད་བ་ཅིན།
- དོན་གྲུབ་ཏེ་ མཐོ་བའི་རྡོ་སྐྱོང་ལ་འདི།།
- དོན་གྲུབ་ལ་དགུང་བ་མཐོ་བའི་ལོ་རྒྱུས་མས།།
- དོན་གྲུབ་བོད་ལྷ་ས་གཞུང་དང་ཆ་དཔག་ཚེ།།
- དོན་གྲུབ་ཁྱོད་དགུང་བ་མཐོཝ་ཡང་མིན་ནུག།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ།།
- དོན་གྲུབ་བུམ་ཐང་བྱམས་པའི་ལྷ་ཁང་།།
- དོན་གྲུབ་ཁྱོད་གནས་བྱིན་རླབས་ཆེ་བའི་ལོ་རྒྱུས་མས།།
- དོན་གྲུབ་ནཱ་རྡོ་རྗེ་གདན་དང་ཆ་དཔག་ཚེ།།
- དོན་གྲུབ་ཁྱོད་བྱིན་རླབས་ཆེཝ་ཡང་མིན་ནུག།ཟེར་ཏེ་འ་ནཱི་བསྒང་ལས་ཕར་གྱི་འདི་ཨ་ཙི་ཅིག་ཞན་སུ་ཅིག་འབད་བ་ཅིན་ ཏེ་ནཱ་ལས་ཕར་འ་ནཱི་སྦེ་བསྒྱུརཝ་ཨིན་ཟེར་ཞུ་ནི་ལགས།ད་བློ་ཟེ་འདི་འ་ནཱིམ་ཅིག་ཨིན་མས་ཟེར་ཞུ་ནི་ལགས།ཏེ་ང་བཅས་བློ་ཟེ་དགྲ་འདི་འབད་ཏེ་ཕར་དེ་གིས་ཚུར་ཨ་ཙི་ཅིག་ ལན་ཕོག་མ་ཚུགསཔ་བཟུམ་ཅིག་འབད་བ་ཅིན་ཏེ་བློ་ཟེ་གི་ནཱ་ལས་ཕར་དགྲ་འདི་ཕར་ལས་ཚུར་ནཱ་ལས་ཕར་ཡང་དགྲ་བསྒྱུར་ཕར་ལས་ཚུ་ཡང་དགྲ་བསྒྱུརཝ་ད་ཏེ་བློ་ཟེ་གཅིག་གིས་གཅིག་ལུ་ལན་ཕོག་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན།
- དོན་གྲུབ་འབའ་ཉི་མའི་ཤར་ལུ་བཏེག་སོང་པ།།
- དོན་གྲུབ་མདའ་ཉི་མའི་ནུབ་ལུ་རྐྱབ་ད་ནུག།
- དོན་གྲུབ་འབའ་བཏེག་ས་མདའ་ཅིག་རྐྱབ་གནང་མས།།
- དོན་གྲུབ་འབའ་བཏེག་ས་མདའ་ཅིག་མ་ཕོགན།།
- དོན་གྲུབ་འབའ་ཨཱ་་་་མདའ་མ་རྐྱབ་གོང་ལས་བཞག་གནང་།།ཟེར་ཏེ་ནཱ་ལས་ཕར་དེ་འ་ནཱི་སྦེ་སླབ་འོང་ལགས།ཏེ་ཕར་གྱི་དེ་གནམ་མེད་ས་མེད་མཁས་དྲགས་ཡོད་པ་ཅིན་
- དོན་གྲུབ་ཁྱོད་འབའ་བཏེག་ས་མདའ་ཅིག་དགོན་ན།།
- དོན་གྲུབ་འབའ་བཏེག་ས་མདའ་ཅིག་དགོན།།
- དོན་གྲུབ་ངེའི་མདུང་གཞུ་གཉིས་མཐུད་ཅནམ་འདི།།
- དོན་གྲུབ་(རྒྱ་རྩི་ར་?)རྒྱ་ལས་བཏོན་བཏོནམ་ཨིན།།
- དོན་གྲུབ་གཞུ་ཐག་ཚད་མའི་སྤུན་སྐུད།།
- དོན་གྲུབ་ཡར་ཚལ་མའི་ལོགས་ལས་ཞུ་ཞུཝ་ཨིན།།
- དོན་གྲུབ་མདའ་སྒྲོ་བྱ་མདངས་ཕོང་ཀོ།
- དོན་གྲུབ་བྱ་གངས་ས་ཕྱོགས་ལས་འཐོན་འཐོནམ་ཨིན།།
- དོན་གྲུབ་མདེའུ་རྒྱ་ལ་གཡང་ཀ།
- དོན་གྲུབ་མཐོཝ་དཔལ་ལི་ལ་ལས་འཐོན་འཐོནམ་ཨིན།།
- དོན་གྲུབ་མདའ་ལྕགས་གསེར་གྱི་(ཕུ་ཅུང་།།?)
- དོན་གྲུབ་ནཱ་སྤྲུལ་སྐུ་སྦལ་པ་(སྤྲོས་རྐོ་བོད་པས་)བརྡུངས་བརྡུངསམ་ཨིན།།
- དོན་གྲུབ་འབའ་བཏེག་ས་མདའ་ཅིག་དགོན་ན།།
- དོན་གྲུབ་འབའ་བཏེག་ས་མདའ་ཅིག་དགོན།།
- དོན་གྲུབ་མདའམོ་ཨཱ་འབའམ་མདའ་སྒོར་ཐིག་སྐེད་པར་རྐྱབ་ནི།།
- དོན་གྲུབ་མདའམོ་སྒོར་ཐིག་སྐེད་པ་རྐྱབན།།
- དོན་གྲུབ་ཁྱེད་གཡུས་ཀྱི་མཉམ་གྲོགས་གཞོནམ་ཚུ།།
- དོན་གྲུབ་སྒོམ་ཆེན་ཨུབ་ལས་མི་འཐོན།།
- དོན་གྲུབ་རྣམ་ཤེས་ཁ་ལས་མི་(འབལ།།?)
- དོན་གྲུབ་ཁྱོད་སྒོམ་ཆེན་ཨུབ་ལས་འཐོན་རུང་འཐོན།།
- དོན་གྲུབ་རྣམ་ཤེས་ཁ་ལས་(འབལ་རུང་འབལ།།?)
- དོན་གྲུབ་མདའམོ་སྒོར་ཐིག་སྐེད་པ་རྐྱབ་ནི།།
- དོན་གྲུབ་མདའམོ་སྒོར་ཐིག་སྦུག་ར་རྐྱབན།།
- དོན་གྲུབ་རྐྱབ་པའི་མིང་གཏན་འཐོནམ་མས།།
- དོན་གྲུབ་ཨཱ་་་ རྐྱབ་པའི་ད་ལྟོ་བློ་བདེ་བས། །ཟེར་ཏེ་ང་བཅས་ར་ཨ་ནཱི་ ཕར་དགྲ་འབད་རྐྱབ་པ་ཅིན་ཏེ་འ་ནཱི་སྦེ་རྐྱབ་ནི་ཟེར་ཞུ་ནི་ལགས།འ་ནཱི་གཉེན་གླུ་ཨིན་ཟེར་ཞུ་ནི་ལགས། འ་ནཱི་གཉེན་གླུ་འདི་འབད་བ་ཅིན།
- དོན་གྲུབ་གངས་གཤམ་མའི་གནས་ཅིག་གཤམ་མའི་གནས།།
- དོན་གྲུབ་གངས་གཤམ་མའི་གནས་ལུ་ཤ་ཁྱི་སྡང་།།
- དོན་གྲུབ་དུས་གཏན་རྐྱང་ཤ་ཁྱི་མི་སྡང་ཨིན།།
- དོན་གྲུབ་དུས་གཏན་རྐྱང་ཤ་ཁྱི་སྡང་ཚེན།།
- དོན་གྲུབ་ཤཝ་མི་སྡོད་གངས་སྟོད་བསྐོར་འགྱོ་ནི།།
- དོན་གྲུབ་ཡར་གངས་སྟོད་བསྐོར་སའི་ལམ་ཁ་ལུ།།
- དོན་གྲུབ་(ལུད་གངམ་དྲོ་བའི་?)བྱག་ཕུག་འདུག།
- དོན་གྲུབ་(ཁ་གངམ་དྲང་པའི་?)སྤང་ཅུང་འདུག།
- དོན་གྲུབ་(གངས་གཤམ་མའི་འདི་ཚུ་དག་?)བཏུབ་པས།།ཟེར་ཏེ་འ་ནཱི་ང་བཅས་གཉེན་གླུ་ནང་ལུ་ཕར་རོགས་ལུ་ཏེ་ང་བཅས་འབད་བ་ཅིན་ ཕར་ཞེ་ས་བཟུམ་ཅིག་སྦེ་ཨིན་ ཟེར་ཞུ་ནི་ལགས།
- དོན་གྲུབ་མར་རྒྱ་ནག་པད་མའི་ཐང་ལུ།།
- དོན་གྲུབ་གངས་ཆུ་དཀར་བཟུམ་ཅིག་སྐྱེས་ནུག་ལོ།།
- དོན་གྲུབ་ནཱ་སྐྱེས་ནུག་ཟེར་རུང་བདེན་ཚེ་འོང་།།
- དོན་གྲུབ་ཤིས་ཟེརན་ཨཱ་
- དོན་གྲུབ་རྐྱང་རྐྱང་ཆུ་མ་(མོས་)སྐྱེལ་སྐྱེལཝ་མས།།
- དོན་གྲུབ་བོད་ཀྱི་ཡ་འབྲོག་མཚོ་ཁ་ལུ།།
- དོན་གྲུབ་(ནཱ་ཤམ་བྱཱ་ཟུང་གཅིག་འཚོ་ནུག་ལོ།།?)
- དོན་གྲུབ་འཚོ་ནུག་ཟེར་རུང་བདེན་ཚེ་འོང་།།
- དོན་གྲུབ་སོན་བྱ་ཆེན་ངང་བུས་སྐྱེལ་སྐྱེལཝ་མས།།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ་ཅིག།
- དོན་གྲུབ་སྤང་གསེར་ཤོག་སྤང་གི་སྦུག་ལུ།།
- དོན་གྲུབ་གསེར་ཤོག་་་་སྤང་གསེར་ཤོག་སྤང་གི་སྦུག་ལུ།།
- དོན་གྲུབ་དཀར་ཅུང་འབའ་མའི་སྐེད་པ།།
- དོན་གྲུབ་མདེའུཝ་རྒྱ་ལ་གཡང་ཀ་སྐྱེས་ནུག་ལོ།།
- དོན་གྲུབ་ནཱ་སྐྱེས་ནུག་ཟེར་རུང་བདེན་ཚེ་འོང་།།
- དོན་གྲུབ་སོན་སྟག་ཤར་གཞོན་པ་(པས་)བཙུགས་བཙུགསཔ་མས།།
- དོན་གྲུབ་དཔེ་མ་ཤེས་དེ་དང་ཆ་འདྲཝ་ཅིག།
- དོན་གྲུབ་མི་ཁྲོམ་འཛོམས་པའི་སྦུག་ལུ།།
- དོན་གྲུབ་གསུང་གླུ་གར་བཟུམ་ཅིག་དར་དེས་ལོ།།
- དོན་གྲུབ་ནཱ་དར་དེས་ཟེར་རུང་བདེན་ཚེ་འོང་།།
- དོན་གྲུབ་སོན་མཉམ་གྲོགས་གཞོན་མ་(མས་)བཙུགས་བཙུགསཔ་མས།།
- དོན་གྲུབ་ང་གཡུས་ཀྱི་ཡབ་ཆེན་ཨཔ་དེ་ཡང་།།
- དོན་གྲུབ་མཉམ་གྲོགས་གཞོན་མའི་གྲལ་འཛུལ་ཏེ།།
- དོན་གྲུབ་གསུང་གླུ་གར་ལྟདམོ་ཅིག་བལྟ་འགྱོ་གེ །ཟེར།། །།