Video Overview
54-year-old Baktha Bdr Manger from Dagana demonstrates how to weave a bamboo hat. This is a long tradition still practiced in some villages. Due to imports of different types of hats, people rarely use bamboo hats these days. Only few of the old villagers still use them for their farm work. This bamboo hat can be worn both in sunny and rainy weather. The bamboo is woven with leaves and plastic integrated, to provide protection from both sun and rain. Batkha says that they can weave two different designs; the one made in the video is the simpler of the two.
དར་དཀར་ན་རྫོང་ཁག་ལས་ སྐྱེས་ ༥༤ ལངས་མི་ བྷ་ཐ་བྷ་དུར་མོང་སྒར་གྱིས་ ཚར་གྱི་ཞྭམོ་འཐག་ཐངས་ཀྱི་སྐོར་ལས་ དཔེ་སྟོན་འབདཝ་ཨིནམ་ད་ འདི་ཡང་ དང་ཕུགས་ལས་ར་ ལག་ལན་འཐབ་སྲོལ་ཡོད་པའི་ ལམ་སྲོལ་ཅིག་ཨིནམ་མ་ཚད་ ད་རེས་ནངས་པ་ཡང་ གཡུས་ཁར་ མ་ཉམས་པར་ཡོད་མི་ཅིག་ཨིན་པས། ཞྭམོ་གི་བཟོ་བཀོད་མ་འདྲཝ་ལེ་ཤ་ཅིག་ ནང་འདྲེན་འཐབ་མི་ལུ་བརྟེན་ ད་རེས་ནངས་པ་ རྒས་ཤོས་དག་པ་རེ་གིས་ ཞིང་རེ་འབད་བའི་སྐབས་མ་གཏོགས་ མི་ཚུ་གིས་ ཚར་གྱི་གྱི་ཞྭམོ་འདི་ གནམ་མེད་ས་མེད་ཅིག་ ལག་ལན་མི་འཐབ་དོ་ཡོདཔ་ད་ ཚར་གྱི་ཞྭམོ་འདི་ ཉིམ་ཤར་རུང་ ཆརཔ་རྐྱབ་རུང་ ལག་ལན་འཐབ་བཏུབ་ཨིན་པས། ཞྭམོ་འདི་ ཚར་དང་ཤིང་གི་འདབ་མ་གི་སྦེ་ ཆརཔ་དང་ཉིམ་ལས་ སྲུང་འཐབ་ལུ་ བར་ན་ ཆུ་ཤོག་བཙུགས་ཏེ་འཐགཔ་ཨིནམ་ད་ བྷ་ཐ་གིས་འབད་བ་ཅིན་ ཁོང་གིས་ བཟོ་བཀོད་མ་འདྲཝ་གཉིས་འཐག་ཤེསཔ་ཨིནམ་ད་ གློག་བརྙན་ནང་ཡོད་མི་འདི་ ཆུང་ཤོས་འདི་ཨིན་པས།
- Bartsha
- Dagana
- བཱག་ཏཱ་བྷ་དུར་ང་བཱག་ཏཱ་བྷ་དུར་མོང་གར་ཨིན་ འ་ནཱི་ཞྭམོ་འདི་ ང་ཧེ་མ་ལས་རང་འབྲུགཔ་ཨ་རྒས་དང་ཨམ་འདི་ཚུ་གིས་བཙུགས་བཙུགསཔ་མཐོང་ཡི། ཏེ་ཁོང་ཚུ་ལས་རང་ འ་ནཱི་འདི་འཐག་ནི་སླབ་ཅི།
- དཔོན་ཆེན་ལ་ཚར་གྱི་གྱངས་ཁ་ཡོད་ག?
- བཱག་ཏཱ་བྷ་དུར་མི་འོང་སློབ་དཔོན།
- ཚོགས་པ་དང་དཔོན་ཆེན་ལ་/ Tshogpa & Penchela:ཚར་གྱི་གྱངས་ཁ་མེན་པར་ ད་འ་ནཱི་ཁོང་གི་ སྦོམ་ཆུང་དང་འཁྲིལ་ཨིན་ན་ཤིག? ཡར་མིག་ཏོ་གི་འབདན་གྱངས་ཁ་ཡོད་ལགས། མིག་ཏོ་གི་འབདན་ མིག་ཏོ་གི་གྱངས་ཁ་དང་འཁྲིལ་མ་འབད་བ་ཅིན་ ལོགས་ཅིག་ཁ་ལས་ཕར་གཡོ་འགྱོ་འོང་ལགས།
- བཱག་ཏཱ་བྷ་དུར་ད་འ་ནཱི་འདབ་མ་བཙུགས་དགོ་མི་འདི་ འ་ནཱི་འདབ་མ་བཙུགས་པའི་བསྒང་ལས་ འ་ནཱི་གྱིབ་ཤོག་གིས་དྲོད་ནང་ན་མི་འོང་ མགུ་ཏོ་མི་ན། དེ་ལས་ཉིམ་ཤརཝ་ད་ལུ་ བསིལ་ཏོང་ཏོ་སྦེ་མགུ་ཏོ་མི་ན་ ཏེ་གྱིབ་ཤོག་གུ་རྐྱངམ་ཅིག་འབད་བ་ཅིན་མགུ་ཏོ་ན་འོང་།
- བཱག་ཏཱ་བྷ་དུར་འ་ནཱི་གྱིབ་ཤོག་གི་དྲོད་ཀྱིས་འབད་དེ་ ཉིམ་ཤརཝ་ད་ཡང་ འ་ནཱི་གིས་ལཱ་འབད་འོང་ བསིལ་ཏོང་ཏོ་སྦེ་སྡོད་འོང་ ཆརཔ་རྐྱབ་ད་ཡང་འ་ནཱི་གིས་ལཱ་འབད་འོང་།
- བཱག་ཏཱ་བྷ་དུར་དེ་ལས་ ཞྭམོ་ལྷམ་པ་གཉིས་སྦེ་འོང་ སོ་སོ་འདི་སྤ་རིལ་བཟུམ་སྦེ་འོང་ འ་ནཱི་སྤ་རིལ་བཟུམ་འདི་ དུས་ཚོད་ཡང་མངམ་འགོར་འོང་ འ་ནཱི་འདི་འཇམ་སངམ་གི་བཟོ་བཀོད་ཨིན།
- བཱག་ཏཱ་བྷ་དུར་སྤ་རིལ་བཟུམ་འདི་ ཨ་ཙི་དུས་ཚོད་མངམ་འགོར་འོང་། དེ་ལས་སྦག་ཚར་གྱིས་ཡང་བཏུབ་ དེ་ལས་སྤག་ཤིང་གི་ཚར་གྱིས་ཡང་བཏུབ་ མཱ་གླིང་གོ་གི་ཚར་གྱིས་བཏུབ།
- བཱག་ཏཱ་བྷ་དུར་དེ་ལས་ནང་ན་བཙུགས་མི་ཤོམ་འདབ་འདི་ ང་བཅས་ཀྱིས་ཤཱིང་ཀོ་ལི་ཟེར་སླབ་ཨིན་ རྫོང་ཁ་ན་ ང་གི་མི་ཤེས་ པཱ་ཏྲང་གི་ཡང་སླབ་ཨིན་ ཏེ་འདབ་མ་འདི་ འདི་རང་བཙུགས་ཚུགས་པ་ཅིན་ལེ་གས་ཤོམ་འོང་། མེད་པ་ཅིན་ཤོམ་འདབ་གཞན་གྱིས་ཡང་བཏུབ་ ཏེ་ཕྱི་ཁའི་གྱིབ་ཤོག་འདི་འབདན་ ཚོས་གཞི་གཞན་དང་ཕྱདཔ་ད་ འ་ནཱི་ལེགས་ཤོམ་མཐོང་འོང་།
- བཱག་ཏཱ་བྷ་དུར་ཏེ་འ་ནཱི་ཚར་གུ་ཚོན་བཏང་སྦེ་འཐག་པ་ཅིན་འདི་ ཧེང་སྐལ་ར་ལེགས་ཤོམ་མཐོང་འོང་ འ་ནཱི་འདི་འཚབ་འཚབ་འབད་ནི་དེ་གིས་ ཚར་སྦོམ་གྱིས་འཐག་སྟེ་ཡོད་ ཏེ་ལེགས་ཤོམ་འབད་འཐག་དགོ་པ་ཅིན་ ད་རུང་ཚར་ཆུང་ཀུ་ཆུང་ཀུ་བཟོ་སྦེ་འཐག་པ་ཅིན་ གནམ་མེད་ས་མེད་ལེགས་ཤོམ་མཐོང་འོང་།
- བཱག་ཏཱ་བྷ་དུར་ཏེ་གནམ་བྱཱར་གྱི་དུས་ ལྕང་ལཱ་རྐྱབ་པའི་དུས་ལུ་འབདན་ འ་ནཱི་བཙུགས་སྦེ་ལྕང་ལཱ་རྐྱབ་ད་ལུ་ འཇའ་ཡང་འཇའ་ མགུ་ཏོ་ལུ་ཕན་ཏེ་ཆུ་ཡང་མི་སྦང་ གནམ་མེད་ས་མེད་ལེགས་ཤོམ་འོང་།
- བཱག་ཏཱ་བྷ་དུར་ཧེ་མ་བཟུམ་སྦེ་ར་རྒན་རྒས་ཚུ་གིས་ ད་ལྟོ་ཡང་འ་ནཱི་ཞྭམོ་ལུ་བརྩང་མཐོང་སྦོམ་སྐྱེདཔ་ཨིན་ ཏེ་ད་རེས་ནངས་པའི་ན་གཞོན་ཚུ་གིས་འབདན་ དེ་ཅིག་རང་བརྩི་མཐོང་མི་བསྐྱེད་ ཨིན་རུང་ གནམ་བྱཱར་གྱི་དུས་ལུ་འབདན་ འ་ནཱི་ཞྭམོ་བཙུགས་དགོ་མནོཝ་ཨིན།
- དཔོན་ཆེན་ལ་ད་ཁྱེད་ཆ་ཁྱབ་ཀྱིས་ ག་དེ་སྦེ་མནོཝ་མས་ ད་འ་ནཱི་ཞྭམོ་ཚུ་ནི་ད་ ཉམས་འགྱོ་ནི་བཟུམ་འདུག་ག? ད་རུང་སྡོད་ནི་བཟུམ་འདུག?
- བཱག་ཏཱ་བྷ་དུར་ང་གིས་འ་ནཱི་སྦེ་མནོ་བསམ་བཏང་བལྟཝ་ད་ལུ་འདི་ ཉམས་འགྱོ་ནི་བཟུམ་འདུག དེ་འབདཝ་ད་ ང་བཅས་ཀྱི་ ཁ་ཐུག་ལས་འདི་ ཉམས་མ་བཅུག་པར་བཞག་པ་ཅིན་ ལེགས་ཤོམ་འོང་།
- བཱག་ཏཱ་བྷ་དུར་ག་ཅི་འབད་ཟེར་བ་ཅིན་ ཧེ་མ་གི་ང་བཅས་ར་རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་ནང་ཡོད་པའི་བོད་ལོ་ཞྭམོ་ཅིག་ཨིན། ཨ་ལོ་ཚུ་ལུ་ཡང་སྟོན་བྱིན་དགོ་པས་ འ་ནཱི་ཞྭམོ་གི་ལཱ་ འ་ནཱི་སྦེ་ཨིན་ཟེར་ བཙུགས་ནི་འདི་བཙུགས་འོང་ལྕང་ལཱ་རྐྱབ་པའི་སྐབས་ལུ་འདི།
- བཱག་ཏཱ་བྷ་དུར་འ་ནཱི་གླང་རྨོ་མི་གིས་ཡང་འ་ནཱི་བཙུགས་བཏུབ་ ལྕངམ་བཙུགས་མི་ཨམ་སྲུ་ཚུ་གིས་ཡང་འ་ནཱི་བཙུགས་བཏུབ་ ཨང་རྒས་ཚུ་གིས་ཡང་བཙུགས་བཏུབ་ ཏེ་ཕོ་མོ་འདྲ་མཉམ་སྦེ་ར་བཙུགས་བཏུབ་ ཏེ་འདི་ནང་ལས་ཡང་ ལྕངམ་བཙུགས་མི་ཨམ་སྲུ་གིས་བཙུགསཔ་ད་ལེགས་ཤོམ་མཐོང་འོང་།
- དཔོན་ཆེན་ལ་བོད་ལོ་གི་ཚེ་འབད་བ་ཅིན་ ལོ་ག་དེམ་ཅིག་སྡོད་འོང་?
- བཱག་ཏཱ་བྷ་དུར་ཉིམ་གང་རང་ཆཔར་ནང་སྦང་ ཕྱི་རུ་དུ་པ་ཡོད་ས་དང་དྲོད་ཡོད་སར་བཞག་པ་ཅིན་ ལོ་བཅུ་གཉིས་བཅུ་སུམ་དེ་ཅིག་འདི་ ལེགས་ཤོམ་སྦེ་རང་སྡོད་འོང་།
- བཱག་ཏཱ་བྷ་དུར་ཏེ་དེ་ལས་ ལེགས་ལག་ལེན་ཤོམ་འབད་མ་འཐབ་པར་ ག་ལྷོད་ལྷོད་བཀོ་བཞག་པ་ཅིན་ ལོ་བཞི་ལྔ་ཚུན་སྡོད་འོང་ དེ་འབདཝ་ད་ བདག་འཛིན་ལེགས་ཤོམ་འབད་བ་ཅིན་ ལོ་བཅུ་གཉིས་བཅུ་སུམ་འདི་ གནམ་མེད་ས་མེད་གསརཔ་སྦེ་ར་སྡོད་འོང་།། །།