Skip to main content Skip to search
20 Jun 2018
3 min 31 sec
Video Overview
Creators: 
Penchela

Tempo from Bartsa in Karna Gewog, Dagana sings a Zhungdra song entitled Namkha Tring Med Dangwa (The Cloudless, Clear Sky). Almost all Zhungdra songs have long melodies with religious lyrics, and are performed in a line with around 5 to 20 dancers. They sway their bodies and hands slowly, with one person among them acting as Tsepon, or leader. The Tsepon is in the middle of the dancers, and leads the song and dance steps. The song Namkha Tring Med Dangwa is a composition with religious lyrics dedicated to great saints and teachers. The song describes the clearness of the sky and the wishes to be this clear, drawing comparisons to the mind of a root teacher. An old song, its origin and composer are unknown.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་གི་ཕོ་སྐྱེས་བརྟན་པོ་གིས་ འབྲུག་གི་གཞུང་སྒྲའི་གླུ་གཞས་ ནམ་མཁའ་སྤྲིན་མེད་དྭངས་བ་ཟེར་མི་འདི་འཐེནམ་ཨིན་པས། སྤྱིར་བཏང་འབྲུག་གི་ གཞུང་སྒྲའི་གླུ་གཞས་ཆ་མཉམ་ མདངས་འཕྲོ་མཐུད་ཞིནམ་ལས་རིངམོ་སྦེ་ཡོདཔ་མ་ཚད་  ཆོས་དང་འབྲེལ་བའི་ཚིག་བཙུགས་ཏེ་འོངམ་ཨིནམ་ད་ ང་ཤོས་ཅིག་ མི་ལྔ་དང་ ཁལ་གཅིག་རེ་སྦེ་་ གྱལ་བསྒྲིག་ཐོག་ལས་ རྐྱབ་སྲོལ་ཡོདཔ་ཨིན།  ཁོང་ཆ་ཁྱབ་ཀྱིས་ གཟུགས་དང་ལགཔ་ཚུ་ གོ་ལེ་སྦེ་སྤར་དོ་ཡོདཔ་ད་ ཁོང་རའི་སླ་ལས་ གླུ་གཞས་འཁྱིད་མི་ རྩིས་དཔོན་ཟེར་གཅིག་འོངམ་ཨིནམ་ད་ རྩིས་དཔོན་འདི་ ཞབས་བྲོ་རྐྱབ་མི་ཚུའི་སྦུག་ལུ་སྡོད་དེ་ གཞན་མི་ཚུ་གིས་ཞབས་བྲོ་འདི་ མོ་གི་སྐད་དང་ ཚིག་དང་འཁྲིལ་དགོཔ་ཨིན་པས། ནམ་འཁའ་སྤྲིན་མེད་དྭངས་བ་ཟེར་མི་འདི་ བླམ་དང་སློབ་དཔོན་ཚུ་ལུ་ ཆོས་དང་འབྲེལ་བའི་སྒོ་ལས་ བསྟོན་པ་སྦེ་ཕུལ་ཕུལ་བའི་འབྲི་རྩོམ་ཅིག་ཨིནམ་ད་ གླུ་གཞས་འདི་ནང་ སྤྲིན་མེད་པའི་གནམ་ཧིང་སངས་ས་འདི་ ག་དེ་སྦེ་ཡོད་པའི་སྐོར་དང་ ཁོ་/ མོ་ག་གིས་འབད་རུང་ རེ་བ་འདི་ཡང་ སྤྲིན་མེད་པའི་གནམ་ དྭགས་འཕྲོས་འཕྲོས་ཡོད་མི་འདི་བཟུམ་སྦེ་ འོང་བའི་རེ་བ་བསྐྱེདཔ་ཨིན་པས། སྤྲིན་མེད་པའི་གནམ་དྭངས་འཕྲོས་འཕྲོས་འདི་ གླུ་གཞས་རྩམ་པ་པོའི་ རྩ་བའི་བླམ་དང་སྦྱརཝ་ཨིནམ་ད་ གླུ་གཞས་རྙིང་ཚུའི་གྲལ་ལས་ཅིག་འབདཝ་ལས་ འབྱུང་ཁུངས་དང་ རྩམ་པ་པོ་འདི་ ག་ཨིན་ན་ཤེས་མི་ཚུགས་པས། 

Transcript search
No results found for this search
0 of 0
  • བརྟན་པོ་
    གནམ་མཁར་སྤྲིན་གྱིས་(མེད་)དྭངས་མོ་སེམས་ཀྱིས་(རེ་)རེ་དགའ། །
  • བརྟན་པོ་
    ཁྲི་གདུགས་ཉི་མ་བཞུགས་པ་ལ་མདངས་རེ་སྤྲོ། །
  • བརྟན་པོ་
    སྐར་སངས་(ཚོགས་)ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་། །
  • བརྟན་པོ་
    ཞལ་ཡང་ཡང་མཇལ་བའི་ལ་ད་རུང་མཇལ། །
  • བརྟན་པོ་
    ཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ། །ཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ།། །།