Video Overview
Passang of Namyelgang Village, Bartsa Gewog, Dagana District sings a Boedra song called Gungtey Jayang Zomsa Tongyangzom (Hundreds and Thousands of High Skies Gather). It is one of the most auspicious Boedra songs in Bhutan, and is performed during auspicious occasions, national celebrations, important gatherings and marriages. Since it is an old song, its original composer and background history is unknown. The song is performed with around 5-20 participating dancers forming a circle.
དར་དཀར་ན་རྒེད་འོག་ ཀར་ན་རྒེད་འོག་ རྣམ་རྒྱལ་སྒང་གཡུས་ཚན་ལས་ པ་སངས་ཀྱིས་ བོད་སྒྲུའི་གླུ་གཞས་་ དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་འདི་འཐེནམ་ཨིན་པས། འདི་འབྲུག་ལུ་ གནམ་མེད་ས་མེད་ ཕུན་སུམ་ཚོགས་པའི་ གླུ་གཞས་ཅིག་ཨིནམ་ད་ ཕུན་སུམ་ཚོགས་པའི་ཚིག་རྒྱན་ཚུ་ལས་བརྟེན་ ཕུན་སུམ་ཚོགས་པའི་དུས་སྟོན་དང་ རྒྱལ་ཡོངས་ཀྱི་དུས་སྟོན་ འདི་ལས་ ཞལ་འཛོམས་ཁག་ཆེ་ཏོག་ཏོ་དང་ གཉེན་འབྲེལ་དང་ གོ་གནས་ཡར་སེང་གི་ དུས་སྟོན་ཚུའི་སྐབས་སུ་རྐྱབ་ཨིན་པས། གླུ་གཞས་འདི་རྙིངམ་ཅིག་འབདཝ་ལས་ རྩོམ་པ་པོ་དང་ རྒྱབ་ཁུངས་ཀྱི་སྐོར་ལས་ མི་ཤེསཔ་ཨིན་རུང་ གླུ་གཞས་འདི་ སྒོར་སྒོརམ་སྦེ་ མི་ལྔ་དང་ ཡང་ན་ ཉི་ཤུ་རེ་སྦེ་ རྐྱབ་སྲོལ་འདུག།
- Dagana
- པ་སངས་དགུང་སངས་(སྟོད་)བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
- པ་སངས་གསེར་ལས་རྟེན་ཀྱང་ས་རེ་(དཀོན་ཀྱང་ད་རེས་)འདི་རུ་ཞུ་(འཛོམས་)ལ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
- པ་སངས་སྒང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །
- པ་སངས་གསེར་ལས་རྟེན་ཀྱང་ས་རེ་(དཀོན་ཀྱང་ད་རེས་)འདི་རུ་ཞུ་(འཛོམས་)ལ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
- པ་སངས་སྤང་ཤོག་(སྟོད་)བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །ཤ་རྒན་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །ཤ་རྒན་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །
- པ་སངས་གསེར་ལས་རྟེན་ཀྱང་ས་རེ་(དཀོན་ཀྱང་ད་རེས་)འདི་རུ་ཞུ་(འཛོམས་)ལ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
- པ་སངས་མཚོ་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །
- པ་སངས་གསེར་ལས་རྟེན་ཀྱང་ས་རེ་(དཀོན་ཀྱང་ད་རེས་)འདི་རུ་ཞུ་(འཛོམས་)ལ། འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
- པ་སངས་ཡུལ་བཟང་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །ཡབ་ཡུམ་གཉིས་ཀུ་བཞུགས་པ་གསེར་ལས་དཀོན། །ཡབ་ཡུམ་གཉིས་ཀུ་འཛོམས་པ་གསེར་ལས་དཀོན། །
- པ་སངས་གསེར་ལས་རྟེན་ཀྱང་ས་རེ་(དཀོན་ཀྱང་ད་རེས་)འདི་རུ་ཞུ་(འཛོམས་)ལ། འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།། བཀའ་དྲིན་ཆེ།། །།