Skip to main content Skip to search
13 Jun 2018
40 min 2 sec
Video Overview
Creators: 
Yeshi Wangchuk

This is an entertainment segment organized by the local people of Jampa Lhakhang after Singye Dance. According to the lyrics to one of the songs, the worriers take a rice cake from the temple, and visit one of the households where an annual supplication is being performed to ensure a prosperous year. The lyrics glorify the house by describing it, its wealth, its sacredness and many others details. Toward the end, the warriors make offerings and the local people dance to entertain themselves. 

བྱམས་པ་ལྷ་ཁང་ལུ་སྡོད་མི་ཚུ་གིས་ ཕྱི་རུ་སེངྒེ་འཆམ་མཇུག་བསྡུ་ཞིནམ་ལས་ སྤྲོ་སྟོན་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ནི་ཡོདཔ་ད་ འདིའི་སྐབས་ མི་ཚུ་གིས་ ལྷ་ཁང་ནང་ལས་གཏོརམ་འདི་ དཔའ་མཛངསཔ་ཚུ་གིས་ གདན་འདྲེན་ཞུ་ཞིནམ་ལས་ གཞས་བསྒོར་ཡི་ར་ གཡུས་བསྐོར་ར་རྐྱབ་སྟེ་ ལོ་ལྟར་གྱི་ཚེས་བཅུའི་ བྱིན་བདག་གི་ཁྱིམ་ནང་ཞུཝ་མས། གཞས་འདི་ནང་ ཁྱིམ་འདིའི་འགྲེལ་བཤད་དང་ འདི་ནང་གི་རྒྱུ་ནོར་ འདི་ལས་ ཁྱིམ་འདི་རྩ་ཆེ་བའི་སྐོར་ལས་ བཤད་པ་རྐྱབ་སྟེ་ འདིའི་ཤུལ་ལས་ དཔའ་མཛངསཔ་ཚུ་གིས་ མཆོདཔ་ཕུལ་ཚར་ཞིནམ་ལས་ མི་ཚུ་གིས་ ཞབས་བྲོ་རྐྱབ་སྟེ་ སྤྲོ་བ་སྟོན་མས། ལས་རིམ་འདི་ཡང་ གཙོ་བོ་ར་ གཡུས་ཁའི་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་བ་བཏབ་སྟེ་ གཡུས་ཁ་ལུ་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ནད་མུག་འཁྲུག་རྩོད་ཞི་སྟེ་ བཀྲིས་པ་དང་ཕུན་སུམ་ཚོགས་ཚུགས་ནིའི་དོན་ལུ་མས། 

Transcript search
No results found for this search
0 of 0
  • གཡུས་མི་
    Villager: ཡ་ ཨེ་ཧུ་ཧུ་འབད་ད་ ཨེ་ཧུ་ཧུ་གི་བཏུབ་ད།
  • གཡུས་མི་
    Villager: ལྟའི་ ཨེ་ཧུ་ཧུ་ཧུ་ ལྟའི། ཨེ་ཧུ་ཧུ་ཧུ་ལྟའི་ ཨེ་ཧུ་ཧུ་ཧུ་ ལྟའི། ལྟའི་་་ ཨེ་ཧུ་ཧུ་ཧུ་་་ ལྟའི།
  • ཡ་ ལེགས་སོ་འཐེན་མི་ག་ཨིན་ན?
  • ཡ་སློབ་དཔོན་བྱོན་ཤིག་དབའི།
  • འགྱོ་ཡི་འགྱོ་ཡི་རོགས་ དབའི་ཧེ་མ་འགྱོ་ད་ཁྱོད་ཆ་ཁྱབ།
  • ཡ་ཡ་འཐེན་ཤིག
  • ལེགས་སོ། ལེགས་སོ།
  • འགྱོ་ཡི་ ཨ་ཞང་རྒྱ་མཚོ་འགྱོ་ཡི།
  • སོ་་་ཡ་དབའི་ལེགས་འཐེན་མི་དབའི་ ལེགས་སོ་ ལེགས་སོ།
  • འདི་འཁྱམས་པ་ལེགས་སོ། ལེགས་སོ་ ལེགས་སོ་་་་་་་་
  • ཡ་ཧ་ཧ་མེད་ད་ བསྡམས་ད་ཡི་ བསྡམས་ད་ཡི་ད། ་་་ཤོག་ཤོག་ངེའི་ཁང་ལ་སྐྱིད་པ་ལས་ཤོག་ རང་རྒས་བ་བློ་གཏད་སོ་ འདི་འཁྱམས་པ་ལེགས་སོ་ རང་རྒས་པ་བློ་གཏད་སོ་ འདི་འཁྱམས་པ་ལེགས་སོ་ ལྟའི་འབད་ཤིག་ ལྟའི་་་ ཨེ་ཧུ་ཧུ་་་་ལྟའི། ལྟའི་་་ཨེ་ཧུ་ཧུ།
  • ནང་ན་འཛུལ་མི་
    Insiders: བཏུབ་ཅི་ག?
  • ཕྱི་ཁར་ལུས་མི་
    Outsiders: བཏུབ་ཅི་བཏུབ་ཅི་ ཡ།
  • Laugh out loud
  • བཏུབ་ཅི་ག་ཟེར་མི་འདི་ ག་ཨིན་པས?
  • ནང་ན་འཛུལ་མི་
    Insiders: གནམ་སིགཔ་(བརྒྱ)བརྒྱད་འཁོར་ལོ་སྤུབས་པའི་འོག ས་པདྨ་འདབ་བརྒྱད་ཐིངས་པའི་སྟེང་། ནང་བཀྲིས་གཡང་ཆགས་ཚངས་པའི་དབྱངས།
  • ཕྱི་ཁར་ལུས་མི་
    Outsiders: འེང་ང་གི་ ང་བཅས་ཨིནམ་འདྲས་ཟེརན་མེན་པས་ཏེ།
  • ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ ཧ་ཧ་ཧ།
  • ནང་ན་འཛུལ་མི་
    Insiders: ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • དབའི་ དབའི་ལོ་ ཧ་ཧ་ཧ་་་།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་འོང་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ང་དང་སུམ་ ༼ཁ་ཙ་ཕྱི་རུ༽ གཟིམ་གཟིམ་བྱམས་པ་ལྷ་ཁང་གཟིམ། ང་ད་ལྟོ་བྱོན་བྱོན་བྱམས་པ་ལྷ་ཁང་ལས་བྱོན། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་འོང་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་ཁང་གི་ཁང་རབ་༼ཁྱིམ་གྱི་བཤད་པ༽ གསུང་དགོ་པས། ངེའི་ཁང་གི་ཁང་རབ་མ་བཤད་ན། ནཱ་ཁང་བཟང་གནས་མོ་མི་དགའ་ལོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་འོང་མི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་ཁང་གི་ཁང་རབ་བཤད་མི་དགོ། ཁྱོད་ཁང་གི་ཁང་རབ་བཤད་དགོ་ན། བཙན་ ༼དར་ཤིང་གི་བཙན༽ སྟེང་ཕྱོགས་ལྷ་ལུ་བཙུགས་ཏེ་ཡོད། ལྷ་ཡི་རྒྱ་བྱིན་དབང་པོ་ཞལ་གད་ཤོར། ཁྱོད་ཁང་རབ་སྒོ་ཅུ་བཙན་ལུ་བཙུགས་ཏེ་ཡོད།
  • ཕྱི་ཁར་ལུས་མི་
    Outsiders: བཙན་གྱི་སྐྱིད་བུ་ཀླུང་བཙན་ཞལ་གད་ཤོར། རྩ་བོ་འོག་ཆུ་ཀླུ་ལུ་བཙུགས་ཏེ་ཡོད། ཀླུའི་བཙུག་ན་རིན་ཆེན་ཞལ་གད་ཤོར། ཁྱོད་ཁང་རབ་ལོ་རྒྱུས་འདི་ལས་ཚང་། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་མི་མགྲོན་པོ་ཡ།
  • དབའི་ ཤིང་ཆུང་ཀུ་ཅིག་གིས་འབད་ཏོག་ཏོ་རྐྱབ་ནི་ཏེ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་ཁང་གི་ཁང་རབ་ཚང་པ་ཅིན། ནཱ་ནོར་བུ་བ་སྒམ་དགོ་པས་ལོ། ནོར་བུ་བ་སྒམ་སླབ་ནི་མེད་པ་ཅིན། ངེའི་ཁང་བཟང་གནས་མོ་མི་དགའ་ལོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་འོང་པའི་་་། ་་་་ཐག་རང་ཆོད། ཁྱོད་ནོར་བུ་ལོ་རྒྱུས་བཤད་མི་དགོ། ཁྱོད་ནོར་བུ་ལོ་རྒྱུས་བཤད་དགོ་ན། ནོར་བུ་ཕུན་སུམ་རིགས་སྣ་འབག་སྟེ་ཡོད། འདི་ནོར་བུ་བྱིན་ན་ཁང་བཟང་ཁྲ་མོའི་དངོས་གྲུབ་ཨིན། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་ནོར་བུ་ལོ་རྒྱུས་ཚང་པ་ཅིན། ངེའི་ཁང་བཟང་རབ་གནས་གནང་དགོ་པས། ངེའི་ཁང་བཟང་རབ་གནས་མ་གནང་ན། ངེའི་ཁང་བཟང་གནས་མོ་མི་དགྱེས་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་འོང་མི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་ཁང་གི་རབ་གནས་གནང་དགོ་ན། ང་རྒྱ་གར་རྡོ་རྗེ་གདན་ལུ་འགྱོ་སྟེ་གིས། བླ་མ་ཨོ་རྒྱན་གུ་རུའི་རབ་གནས་གནང་།
  • ཕྱི་ཁར་ལུས་མི་
    Outsiders: ང་བོད་པའི་ཡུལ་ལུ་འགྱོ་སྟེ་གིས། བླ་མ་ཤཱཀྱ་རབ་གནས་གནང་ཚར་ཡི། ང་སྤུ་ན་བདེ་ཆེན་འགྱོ་སྟེ་གིས། ཞབས་དྲུང་ངག་དབང་རབ་གནས་གནང་ཚར་ཡི། ཁྱོད་ཁང་གི་རབ་གནས་འདི་གི་རྫོགས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders:
  • ཕྱི་ཁར་ལུས་མི་
    Outsiders: ལྟའི་་་ཨེ་ཧུ་ཧུ་ཧུ་ ལྟའི། ལྟའི་་་ཧུ་ཧུ་ཧུ་ ལྟའི། ལྟའི་་་ཨེ་ཧུ་ཧུ།
  • ཧ་ཧ་་་་། ད་ཅི་ལས་ལྷོད་ཅི་ང་བཅས། དུམ་གྲ་ཅིག་བཞག་གེ་ཟེར་མནོ་ཡི་ཡ། ཡ་ཡ་ ད་འབདན་དབའི་ འགོ་བཙུགས་ད།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་གདན་གྱི་ལོ་རྒྱུས་གསུང་དགོ་པས། ངེའི་གདན་གྱི་ལོ་རྒྱུས་མ་གསུང་ན། ངེའི་ཁང་བཟང་གནས་མོ་མི་དགྱེས་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་གདན་གྱི་ལོ་རྒྱུས་བཤད་མི་དགོ། ཁྱོད་གདན་གྱི་ལོ་རྒྱུས་བཤད་དགོ་ན། ཡར་རི་ཆེན་ཆེན་པའི་སྦུག་ན་ལུ། རྩྭ་རི་སྨྱུག་མ་འདྲཝ་ཅིག་འཁྲུངས་ཏེ་ཡོད།
  • ཕྱི་ཁར་ལུས་མི་
    Outsiders: ད་བཅད་པ་ཤལ་ལྕམ་སྒྲོམ་མའི་བཅད། ད་དྲངས་པ་ཚོ་མ་དམངས་ཀྱིས་དྲངས། ད་སྤྲོད་པ་འབྱོག་པ་སངས་རྒྱས་ལག་པར་སྤྲོད། ད་ཐག་པ་འབྱོག་པ་འདི་གིས་ཐག ཁྱོད་གདན་གྱི་ལོ་རྒྱུས་འདི་ལས་ཚར། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་ཅོག་ཁྲི་༼ཅན་སྟེགས༽ལོ་རྒྱུས་གསུང་དགོ་པས། ངེའི་ཅོག་ཁྲི་ལོ་རྒྱུས་མ་གསུང་ན། ངེའི་ཁང་བཟང་གནས་མོ་མི་དགྱེས་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་ཅན་སྟེགས་ལོ་རྒྱུས་བཤད་མི་དགོ། ཁྱོད་ཅན་སྟེགས་ལོ་རྒྱུས་བཤད་དགོ་ན། ཡར་རི་ཆེན་ཆེན་པོའི་སྦུག་ན་ལུ། ལྷ་ཤིང་ཤུ་གུ་༼ཤུག་པ༽མང་པོ་འཁྲུངས་ཏེ་ཡོད། ད་བཏོག་པ་གེ་སར་རྒྱལ་པོའི་བཏོག
  • ཕྱི་ཁར་ལུས་མི་
    Outsiders: ད་དྲངས་པ་ཤེད་(?)ལྕམ་སྒྲོལ་མའི་དྲངས། ད་བསྒྲིག་པ་བི་ཤྭ་ཀརྨའི་བསྒྲིགས། ད་ཐིངས་པ་གཡང་ཁྲོ་འོག་ལུ་ཐིངས། ཁྱོད་ཅན་སྟེགས་ལོ་རྒྱུས་འདི་ལས་ཚང་། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་གཡང་ཁྲོའི་ལོ་རྒྱུས་བཤད་དགོ་པས། ངེའི་གཡང་ཁྲོའི་ལོ་རྒྱུས་མ་བཤད་ན། ངེའི་ཁང་བཟང་གནས་མོ་མི་དགའ་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་གཡང་ཁྲོའི་ལོ་རྒྱུས་བཤད་མི་དགོ ཁྱོད་གཡང་ཁྲོའི་ལོ་རྒྱུས་བཤད་དགོ་ན། ང་བོད་པའི་གཡུས་ལུ་འགྱོ་སྟེ་གིས། ང་ལི་དང་གསེར་གཉིས་ཉོ་སྟེ་གིས། ད་སྤྲོད་པ་བླུག་པ་དབང་ཕྱུག་སྤྲོད། ཁྱོད་གཡང་ཁྲོ་བརྡུང་པ་འདི་གིས་བརྡུངས། ད་བཀལ་པ་ཅན་སྟེགས་གུ་ལུ་བཀལ། ཁྱོད་གཡང་ཁྲོའི་ལོ་རྒྱུས་འདི་ལས་ཚང་། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་ཡར་སྒྲོན་ལོ་རྒྱུས་གསུང་དགོ་པས། ངེའི་ཡར་སྒྲོན་ལོ་རྒྱུས་མ་བཤད་ན། ངེའི་ཁང་བཟང་གནས་མོ་མི་དགའ་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་ཡར་སྒྲོན་ལོ་རྒྱུས་བཤད་མི་དགོ ཁྱོད་ཡར་སྒྲོན་ལོ་རྒྱུས་བཤད་དགོ་ན། ང་རྒྱ་གར་ཤར་ལུ་འགྱོ་སྟེ་གིས། ཤ་རོགསཔ་སྟག་ཚལ་དབང་ཕྱུག་ཕྱེད་དེ་གིས། ང་བ་སོ་ཆ་གཅིག་ཉོ་སྟེ་གིས། ཁྱོད་གཡང་ཁྲོའི་ཡར་སྒྲོན་བཀལ་བཞག་ཡི། ཁྱོད་ཡར་སྒྲོན་ལོ་རྒྱུས་བཤད་མི་དགོ ཁྱོད་ཡར་སྒྲོན་ལོ་རྒྱུས་འདི་ལས་ཚང་། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་གཟར་རུའི་ལོ་རྒྱུས་གསུང་དགོ་པས། ཁྱོད་གཟར་རུའི་ལོ་རྒྱུས་མ་གསུང་ན། ངེའི་ཁང་བཟང་གནས་མོ་མི་དགའ་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་ལྕགས་གཟར་ལོ་རྒྱུས་བཤད་མི་དགོ ཁྱོད་ལྕགས་གཟར་ལོ་རྒྱུས་བཤད་དགོ་ན། ང་ཉི་མ་ལྷོ་ལུ་འགྱོ་སྟེ་གིས། ང་ཀ་ལ་རིན་ཆེན་ཉོ་སྟེ་གིས། ད་བརྡུང་པ་སྤྲོས་བརྐོ་སངས་རྒྱས་བརྡུང་། ཁྱོད་ལྕགས་གཟར་ལོ་རྒྱུས་འདི་ལས་རྫོགས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ནང་ན་འཛུལ་མི་
    Insiders: ཁྱོད་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ཁྱོད་ལྷ་ངོ་ཡིན་པ་ཐག་རང་ཆོད། ངེའི་མར་ཆང་ལོ་རྒྱུས་གསུང་དགོ་པས། ངེའི་མར་ཆང་ལོ་རྒྱུས་མ་གསུང་ན། ངེའི་ཁང་བཟང་གནས་མོ་མི་དགའ་བས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ཕྱི་ཁར་ལུས་མི་
    Outsiders: ང་ཕྱི་ལས་བྱོན་པའི་མགྲོན་པོ་ཡ། ང་ལྷ་ངོ་ཡིན་པ་ཐག་རང་ཆོད། ཁྱོད་མར་ཆང་ལོ་རྒྱུས་བཤད་མི་དགོ ཁྱོད་མར་ཆང་ལོ་རྒྱུས་བཤད་དགོ་ན། ཕྱི་ལཱ་བསྒྲིག་བསྡུ་བ་ཡབ་ཆེན་ཨ་པ་བསྡུ། ནང་ལཱ་བསྒྲིག་བསྡུ་བ་ཡུམ་ཆེན་ཨ་མ་བསྡུ།
  • ཕྱི་ཁར་ལུས་མི་
    Outsiders: ཁྱོད་མར་ཆང་བཙོ་པ་ཤེད་ལྕམ་སྒྲོམ་མའི་བཙོ། ད་མར་ཆང་དྲངས་པ་མཚན་ལྡན་བླ་མ་དྲངས། ད་མར་ཆང་བཞེས་པ་མཚན་ལྡན་བླ་མ་བཞེས། ཁྱོད་མར་ཆང་ལོ་རྒྱུས་འདི་ལས་ཚང་། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
  • ལྟའི་འབད་ཤིག
  • ལྟའི་་་ཨེ་ཧུ་ཧུ་ཧུ་་་ལྟའི་་་། ལྟའི་་་ཨེ་ཧུ་ཧུ་ཧུ། ལྟའི་་་ཨེ་ཧུ་ཧུ་ཧུ། ལྟའི་་་ཨེ་ཧུ་ཧུ་ཧུ།
  • ལྷ་རྒྱལ་ལོ་ ལྷ་རྒྱལ་ལོ་ ལྷ་རྒྱལ་ལོ་ དབའི་དབའི་ཕར། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ་ ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ་ ལྷ་རྒྱལ་ལོ།
  • དར་ཤིང་ཁལ་ལྔ་དང་ལྔ། ཕར་ཕར་། འདྲེ་ཕམ་ས་ འདྲེ་ཕམ་ས་ འདྲེ་ཕམ་ས།
  • འདྲེ་ཕམ་ས། འདྲེ་ཕམ་ས། འདྲེ་ཕམ། འདྲེ་ཕམ་ས་ འདྲེ་ཕམ་ས་ འདྲེ་ཕམ་ས། རྟས་ལྕགས་ཁལ་ལྔ་དང་ལྔ། ལྗགས་་་ལྗགས་་་་ལྗགས་་་།
  • ལྟའི་་་ཧུ་ཧུ་་་། ལྟའི་་་།