Video Overview
This is an entertainment segment organized by the local people of Jampa Lhakhang after Singye Dance. According to the lyrics to one of the songs, the worriers take a rice cake from the temple, and visit one of the households where an annual supplication is being performed to ensure a prosperous year. The lyrics glorify the house by describing it, its wealth, its sacredness and many others details. Toward the end, the warriors make offerings and the local people dance to entertain themselves.
བྱམས་པ་ལྷ་ཁང་ལུ་སྡོད་མི་ཚུ་གིས་ ཕྱི་རུ་སེངྒེ་འཆམ་མཇུག་བསྡུ་ཞིནམ་ལས་ སྤྲོ་སྟོན་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ནི་ཡོདཔ་ད་ འདིའི་སྐབས་ མི་ཚུ་གིས་ ལྷ་ཁང་ནང་ལས་གཏོརམ་འདི་ དཔའ་མཛངསཔ་ཚུ་གིས་ གདན་འདྲེན་ཞུ་ཞིནམ་ལས་ གཞས་བསྒོར་ཡི་ར་ གཡུས་བསྐོར་ར་རྐྱབ་སྟེ་ ལོ་ལྟར་གྱི་ཚེས་བཅུའི་ བྱིན་བདག་གི་ཁྱིམ་ནང་ཞུཝ་མས། གཞས་འདི་ནང་ ཁྱིམ་འདིའི་འགྲེལ་བཤད་དང་ འདི་ནང་གི་རྒྱུ་ནོར་ འདི་ལས་ ཁྱིམ་འདི་རྩ་ཆེ་བའི་སྐོར་ལས་ བཤད་པ་རྐྱབ་སྟེ་ འདིའི་ཤུལ་ལས་ དཔའ་མཛངསཔ་ཚུ་གིས་ མཆོདཔ་ཕུལ་ཚར་ཞིནམ་ལས་ མི་ཚུ་གིས་ ཞབས་བྲོ་རྐྱབ་སྟེ་ སྤྲོ་བ་སྟོན་མས། ལས་རིམ་འདི་ཡང་ གཙོ་བོ་ར་ གཡུས་ཁའི་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་བ་བཏབ་སྟེ་ གཡུས་ཁ་ལུ་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ནད་མུག་འཁྲུག་རྩོད་ཞི་སྟེ་ བཀྲིས་པ་དང་ཕུན་སུམ་ཚོགས་ཚུགས་ནིའི་དོན་ལུ་མས།
- Bumthang
- ཨེ་ཧུ་ཧུ་་་ལྟའི་ཧུ་ཧུ་་་ལྟའི་་་།
- ལམ་ཁར་མ་སྡོད་ཤིག་ ལམ་ཁར་མ་སྡོད་ཤིག
- ཨོམ་ཨཱཿཧཱུཾ། ཨོམ་ཨཱཿཧཱུཾ། ཨོམ་ཨཱཿཧཱུཾ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་ རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་
- སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བྱ་བའི་རྒྱུད། སྤྱོད་པའི་རྒྱུད་། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་ཕེད་པའི་རྒྱུད་དང་འབྲེལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཛ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དོར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུས་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིད་སྡེ་བརྒྱུད།
- ལྟའི་་་་་ཨེ་ཧུ་ཧུ་ཧུ། ཨེ་ཧུ་ཧུ་ཧུ། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- ཨེ་ཧུ་ཧུ་་་ ལྟའི་་་ཨེ་ཧུ་ཧུ་་་ལྟའི།
- ཞབས་ཁྲ་ལེའུ་གསུམ་ཡོད།
- དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན་ལ། ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན་ལ། གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ།
- གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ་ལ། འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ་ལ།
- ཡ་་་ད་གཅིག་སོང་ཡི།
- དགུང་སྟོད་མི་ཆགས་དགུང་སྟོད་ཆགས་ཆགས་ལ་ཟེར་ཆགས་ལ། དགུང་དང་ལ་ཁྲི་གདུགས་ཉི་མ་ཆགས་ཆགས་ལ་ཟེར་ཆགས་ལ། དགུང་སྟོད་མི་ཆགས་ཆགས་པ་ལ་གི་གཅིག་གཉིས་གསུམ། དགུང་དང་ཁྲི་གདུགས་ཉི་མ་ལ་ཆགས་པ་གི་བཞི་ལྔ་དྲུག དགུང་དང་ཁྲི་གདུགས་ཉི་མ་ལ་ཆགས་པ་ལ་གི་བཞི་ལྔ་དྲུག།
- གངས་སྟོད་མི་ཆགས་གངས་སྟོད་ཆགས་ཆགས་ལ་ཟེར་ཆགས། གངས་དང་ལ་སེང་ཆེན་དཀར་མོ་ཆགས་ཆགས་ལ་ཟེར་ཆགས། གངས་སྟོད་མི་ཆགས་ཆགས་པ་ལ་གི་གཅིག་གཉིས་གསུམ། གངས་དང་སེང་ཆེན་དཀར་མོ་ལ་ཆགས་པ་ལ་གི་བཞི་ལྔ་དྲུག གངས་དང་སེང་ཆེན་དཀར་མོ་ལ་ཆགས་པ་ལ་གི་བཞི་ལྔ་དྲུག།
- སྤང་སྟོད་མི་ཆགས་སྤང་སྟོད་ཆགས་ཆགས་ལ་ཟེར་ཆགས། སྤང་དང་ལ་ཤྭ་རྒན་རྭ་བཅུ་ཆགས་ཆགས་ལ་ཟེར་ཆགས། སྤང་སྟོད་མི་ཆགས་ཆགས་པ་ལ་གི་གཅིག་གཉིས་གསུམ། སྤང་དང་ཤ་རྒན་རྭ་བཅུ་ལ་ཆགས་པ་ལ་གི་བཞི་ལྔ་དྲུག སྤང་དང་ཤ་རྒན་རྭ་བཅུ་ལ་ཆགས་པ་ལ་གི་བཞི་ལྔ་དྲུག
- གཡུས་སྟོད་མི་ཆགས་གཡུས་སྟོད་ཆགས། ཆགས་ལ་ཟེར་ཆགས། གཡུས་དང་ཡ་ལ་ཡབ་ཡུམ་གཉིས་ཀུ་ཆགས། ཆགས་ལ་ཟེར་ཆགས། གཡུས་བཟང་མི་ཆགས་ཆགས་པ་གི་གཅིག་གཉིས་གསུམ། གཡུས་དང་ཡབ་ཡུམ་གཉིས་ཀུ་ལ། ཆགས་པ་ལ་གི་བཞི་ལྔ་དྲུག གཡུས་དང་ཡབ་ཡུམ་གཉིས་ཀུ་ལ། ཆགས་པ་ལ་གི་བཞི་ལྔ་དྲུག
- ལགས་སོ།
- ལྷ་ས་པོ་ཏོ་ལ་རྩེ་ལས། ཙཱ་རི་སྨྱུག་མ་འཁྲུངས་ཡོད་ལ་ཞེས་པའི་སོ་ཡ་ལ། ཙཱ་རི་སྨྱུག་མ་འཁྲུངས་ཡོད་ལ་ཞེས་པའི་སོ་ཡ་ལ། ཙཱ་རི་སྨྱུག་མ་ལ་མ་རེད། ངེད་ཚོ་བླ་མའི་སྐུ་གཟུགས་ལ་ཞེས་པའི་སོ་ཡ་ལ། ངེད་ཚོ་བླ་མའི་སྐུ་གཟུགས་ལ་ཞེས་པའི་སོ་ཡ་ལ།
- ལྷ་ས་པོ་ཏོ་ལ་རྩེ་ལས། དཀར་གསལ་ཟླ་བ་ཤར་ཡོད་ལ་ཞེས་པའི་སོ་ཡ་ལ། དཀར་གསལ་ཟླ་བ་ཤར་ཡོད་ལ་ཞེས་པའི་སོ་ཡ་ལ། དཀར་གསལ་ཟླ་བ་ལ་མ་རེད། ངེད་ཚོ་བླ་མའི་ཞལ་རས་ལ་ཞེས་པའི་སོ་ཡ་ལ། ངེད་ཚོ་བླ་མའི་ཞལ་རས་ལ་ཞེས་པའི་སོ་ཡ་ལ།
- ལྷ་ས་པོ་ཏོ་ལ་རྩེ་ལས། གསེར་གྱི་རྒྱ་གླིང་འཕུ་ཡོད་ལ་ཞེས་པའི་སོ་ཡ་ལ། གསེར་གྱི་རྒྱ་གླིང་འཕུ་ཡོད་ལ་ཞེས་པའི་སོ་ཡ་ལ། གསེར་གྱི་རྒྱ་གླིང་ལ་མ་རེད། ངེད་ཚོ་བླ་མའི་གསུང་སྐད་ལ་ཞེས་པའི་སོ་ཡ་ལ།
- བཞུགས་གྲལ་དྲངས་ཡི་ག?
- འབྲེ་སེར་མི་དགོ་ག?
- ཡོད་པ་ཅིན་ ཨ་ནཱ་ལས་ཕར་ལས་རིམ་འབག་ཤིག
- ཨ་ནཱ་ཤོག་ཨ་མ་ རོགས་པར་བཏབ་བཅུག
- ག་ཅི་ལོ་་་ངེ་གི་སོ་གཅིག་མི་ཐོན་ཡར།
- ཧ་ཧ་་་ག་ཏེ?
- ཨ་ཕར་སྡོད་པ་ཅིན་མི་ཐོན།
- པར་ཆས་འཚིག་འོང་ པར་ཆས་ཁྱོད་ཀྱིས་འཚིག་བཏང་འོང་སྨ་རེད།
- ཧ་ཧ་་་།
- ཁོང་གཉིས་གཅིག་ཁར་སྡོད་ནུག་བལྟ་ཤིག
- ཁོང་ར་འདི་བལྟ་ཤིག་སེམས་ཀྱིས་ཚོར་ཏེ་ མེ་ཕོག་སར་རང་སྡོད་ནུག
- མ་རྣམས་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །
- མ་རྣམས་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །
- ཡོད་པའི་ ཡོད་པའི་ ཡོད་པའི་ ལགས་སོ།
- འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- མཁྱེན་པའི་མ་རིག་མུན་པའི་ཚོགས་འཛོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་དོར་བར། །ནུས་པས་བདུད་དཔུང་འཛོམས་མཛད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེ་སྐུ་མཆོག་རབ་བརྙེས་ནས། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །
- འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- མཁྱེན་པའི་མ་རིག་མུན་པའི་ཚོགས་འཛོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་དོར་བར། །ནུས་པས་བདུད་དཔུང་འཛོམས་མཛད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེ་སྐུ་མཆོག་རབ་བརྙེས་ནས། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །
- འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- མཁྱེན་པའི་མ་རིག་མུན་པའི་ཚོགས་འཛོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་དོར་བར། །ནུས་པས་བདུད་དཔུང་འཛོམས་མཛད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །
- ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེ་སྐུ་མཆོག་རབ་བརྙེས་ནས། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། །
- བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྲིན་གྱིས་རློབས། །
- སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
- སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
- སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
- སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །
- བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །
- ཨེ་མ་ཧོཿ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །
- བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པར་རུ། །
- དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི། །ཕྱོགས་བཅུ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱཿ པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱཧཱཿ
- ་་་་??
- བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །
- ་་་་་???
- སངས་རྒྱས་སྐུ་གསུམ་བརྙས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །
- གཡུས་ཆུང་བཀྲ་ལ་ཤིས་པའི་ཕུ་ཞིག་ན་ལ། མདའ་མོ་གསེར་ལས་སྒྲུབ་པའི་ཆ་གཅིག་ཡོད། ཡ་ལ་ནི་ཆ་གཅིག་ཡོད། མདའ་མོ་གསེར་དང་མ་རེད་ཕྱག་མདའ་རེད་ལ། ཆོས་རྒྱལ་ནོར་བཟང་རྒྱལ་པོའི་ཡ་ལ་ཕྱག་མདའ་རེད་ཡ་ལ་ཕྱག་མདའ་རེད།
- ཕྱག་གཅིག་གཡས་པར་ཚེ་དབང་བུམ་པ་བསྣམས་ལ། ཚེ་དབང་བུམ་པའི་སྐུ་ཚེ་ཡ་ལ་རིང་བར་ཤོག་ཡ་ལ་རིང་བར་ཤོག ཕྱག་གཅིག་གཡོན་པ་བཀྲིས་ཁ་དར་བསྣམས་ལ། བཀྲིས་ཁ་དར་བཀྲ་ལ་ཡ་ལ་ཤིས་པར་ཤོག་ཡ་ལ་ནི་ཤིས་པར་ཤོག མདའ་མོ་རང་ཡུལ་མ་བཞག་མི་ཡུལ་བཏང་ལ། མདའ་མོ་མི་ཡུལ་ཕྱོགས་སུ་ཡ་ལ་བག་ཆགས་བཞག་ཡ་ལ་ནི་བག་ཆགས་བཞག
- ཡ་ཏེ།
- ལེགས་ཆང་བཞེས་ཤིག་ལེགས་ཆང་།
- ད་ཡང་ལ་མི་འགྲོ་ད་ཡང་འགྲོ་ལ། གནས་ཆེན་བརྩོན་འགྲུས་ལེགས་མོ་བལྟ་ལ་འགྲོ། གནས་ཆེན་བརྩོན་འགྲུས་ལེགས་མོ་བལྟ་ལ་འགྲོ། གནས་ཆེན་ལ་བརྩོན་འགྲུས་ལྟོད་མོ་བལྟ་མ་མཇལ་ན་ལ།
- བྱིན་བརླབས་ཞུ་བ་གུ་རུ་མཚན་ལས་ཞུ། བྱིན་བརླབས་ཞུ་བ་གུ་རུ་མཚན་ལས་ཞུ། ་་་ལ་སྤྱན་ཅིག་གཟིགས་ལ། བཙུན་པའི་བསོད་ནམས་དཔལ་གྱིས་ཡར་ཤོག་གསུང་། བཙུན་པའི་བསོད་ནམས་དཔལ་གྱིས་ཡར་ཤོག་གསུང་།
- ་་་་དུས་ལ་སོ། ་་་བུ་མོ་འཁྲུངས་པ་འཁྲུངས་ལུགས་བཤད་དགོས་མེད། བུ་མོ་འཁྲུངས་པ་འཁྲུངས་ལུགས་བཤད་དགོས་མེད། བུ་མོ་ལ་འཁྲུངས་ས་འཁྲུངས་ལུགས་ལ་བཤད་དགོ་ན་ལ། བོད་ལུ་རྒྱང་རྩེ་གཞུང་གི་ནང་གསེས་འཁྲུངས། བོད་ལ་རྒྱང་རྩེ་གཞུང་གི་ནང་གསེས་འཁྲུངས།
- རྒྱ་ལ་ནི་གནག་པོ་མཚར་མི་ལ། ་་་་་དཀར་པོའི་བླ་མའི་ཕྱག་སུ་ཕུལ། དཀར་པོའི་བླ་མའི་ཕྱག་སུ་ཕུལ།
- ད་འབདན་ཨིན་སྨ་རེད་ ང་གིས་ཞབས་ཁྲ་བརྩམས་བརྩམས་ཅིག་ཡོད།
- ང་གིས་ཞབས་ཁྲ་བརྩམས་བརྩམས་ཅིག་ཡོད་ལོ།
- འཐེན་འཐེན།
- ཡར་ཡར་རི་གུ་རྩེ་ལས་ཁྲི་གདུགས་ཉི་མ་ཤར་སོང་། འོད་ཟེར་ཀུན་ལ་འཁྱབས་པའི་འབྲུག་ཡུལ་མུན་པ་བསལ་སོང་། བྲུག་ཡུལ་མུན་པ་བསལ་སོང་།
- ལ་དང་ལུང་གི་བར་ལས་ཟས་དང་ནོར་གྱི་གང་སོང་། འོ་མ་ནོར་གྱི་མཆོད་པ་སྟེང་ཕྱོགས་ལྷ་ལ་ཕུལ་གེ། སྟེང་ཕྱོགས་ལྷ་ལ་ཕུལ་གེ།
- གསེར་ཤོག་སྤང་གི་སྦུག་ལུ་་་་ས་གཞི་འཁྲུངས་ཡོད། དྲི་ཞིམ་བསངས་ཀྱི་མཆོད་པ་དཀོན་མཆོག་གསུམ་ལ་ཕུལ་གེ། དཀོན་མཆོག་གསུམ་ལ་ཕུལ་གེ།
- སྔོན་མ་བསོད་ནམས་བསགསཔ་ལས་ད་རེས་འདི་ཁར་འཛོམས་ཡོད། ཕྱི་མ་རྡོ་རྗེ་གདན་ལུ་་་ད་རེས་མཆོད་པ་ཕུལ་གེ་ད་རེས་མཆོད་པ་ཕུལ་གེ།
- གནས་ཆེན་བྱམས་པའི་ལྷ་ཁང་། བུ་དང་བུ་མོ་འཛོམས་ས། ད་རེས་འཛོམས་པ་མ་ཚད། སང་ཕོད་འཛོམས་པའི་སྨོན་ལམ།
- གནས་ལ་གངས་དཀར་ཏི་སེ་ལྷ་ཁང་ནང་། བླ་མ་ཨོ་རྒྱན་གུ་རུ་བཞུགས་སུ་གསོལ། བླ་མ་ཨོ་རྒྱན་གུ་རུ་བཞུགས་སུ་གསོལ། ཡོན་ཆབ་གཞན་དང་གཞན་གྱི་ཕུལ་ས་མེད། ཆུ་མོ་གངས་དཀར་ཆུ་མོ་ཡོན་ཁྱབ་ཕུལ། ཆུ་མོ་གངས་དཀར་ཆུ་མོ་ཡོན་ཆབ་ཕུལ།
- གནས་ལ་རྡོ་རྗེ་གདན་གྱི་གནས་མཆོག་ན། སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་སུ་གསོལ། སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་སུ་གསོལ། ཡོན་ཆབ་གཞན་དང་གཞན་གྱི་ཕུལ་ས་མེད། ཆུ་མོ་ཡམ་མཚོ་ཡུམ་མཚོ་ཡོན་ཆབ་ཕུལ། ཆུ་མོ་ཡམ་མཚོ་ཡུམ་མཚོ་ཡོན་ཆབ་ཕུལ།
- རྫོང་འདི་ཀྲོང་གསར་རྫོང་གི་རབ་གསལ་ན། དཔོན་ལ་ཆོས་རྩེ་དཔོན་སློབ་བཞུགས་པ་ལེགས། དཔོན་ལ་ཆོས་རྩེ་དཔོན་སློབ་བཞུགས་པ་ལེགས། ཕྱག་ཕྱིད་གཞན་དང་གཞན་གྱིས་ཞུ་ས་མེད། འབྲུག་མི་ཆེ་འབྲིང་ཆུང་གསུམ་ཕྱག་ཕྱིད་ཞུ། འབྲུག་མི་ཆེ་འབྲིང་ཆུང་གསུམ་ཕྱག་ཕྱིད་ཞུ།
- ལགས་སོ་ ལེགས་སོ་ ལེགས་སོ་་་།