Video Overview
མི་དང་བྱ་དངོས་གང་ཡིན་རུང་ཆུང་ཆུང་ཡིན་པས་ཆེན་པོ་སྒྲུབ་མི་ཐུབ་པར་བསམ་པ་ནི་ནོར་བ་ཡིན་པ་བསྟན་པའི་རྩེད་རིག་ཅིག
This tserig talks about how it is wrong to think that a small person or a small thing cannot accomplish a big job.
这首“则柔”民歌主要讲述一个“小人不可担当大任”的错误想法。
མི་དང་བྱ་དངོས་གང་ཡིན་རུང་ཆུང་ཆུང་ཡིན་པས་ཆེན་པོ་སྒྲུབ་མི་ཐུབ་པར་བསམ་པ་ནི་ནོར་བ་ཡིན་པ་བསྟན་པའི་རྩེད་རིག་ཅིག དཔེར་ན་གྲོག་མ་ཆུང་ཆུང་ཡིན་རུང་རི་རྒྱབ་ཅིག་ལ་ཉིག་ཀ་རྟོལ་བའམ་སྦྲང་མ་ཆུང་རུང་རི་བོ་ཞིག་ལ་དཀྱུས་རྒྱག་ཐུབ་པ་སོགས་བཤད་ཡོད། རྩེད་རིག་འདིའི་དབྱངས་རྟ་འདི་སྐྱེས་པ་ཚོས་རྩེད་རིག་ལེན་དུས་བཀོལ་བ་མང་། བུད་མེད་ཚོས་དབྱངས་རྟ་འདི་རྒྱུན་ལྡན་གྱིས་མི་ལེན།
Generally sung by men, this tserig warns about the dangers of assumption. For example, ants are small, yet they are powerful enough to make a hole in a mountain. Likewise, bees are small, yet they can fly around a big mountain.
这首“则柔”描述了无论人和事物不能因小认为其不能做大事。比如,蚂蚁虽小却可以将大山搬空而筑穴;蜜蜂虽小却可以绕飞一座大山。这首“则柔”在多数情况下由男士演唱,女士演唱的极为少数。
- ཨ་རྩེད།
- འདི་ཆུང་ནས་གཅིག་ལ་༼ཡེད་བྱང་གི༽་སྦྲང་མ་ཆུང་།
- འདི་ཆུང་བའི་ཁ་ན་༼ཡེད་བྱང་གི༽་ཆད་ཡོད་མོད།
- ལྟོ་རི་རྒྱབ་ཅིག་ལ་༼ཡེད་བྱང་གི༽་དཀྱུས་གསུམ་བརྒྱབ།
- ཨ་རྩེད།
- འདི་ཆུང་ནས་གཅིག་ལ་༼ཡེད་བྱང་གི༽་གྲོག་མ་ཆུང་།
- འདི་ཆུང་བའི་ཁ་ན་༼ཡེད་བྱང་གི༽་ཆད་ཡོད་མོད།
- ལྟོ་རི་རྒྱབ་ཅིག་ལ་༼ཡེད་བྱང་གི༽་ཉིག་ཀ་རྟོལ།
- ཨ་རྩེད།
- འདི་ཆུང་ནས་གཅིག་ལ་༼ཡེད་བྱང་གི༽་ལྗི་བ་ཆུང་།
- འདི་ཆུང་བའི་ཁ་ན་༼ཡེད་བྱང་གི༽་ཆད་ཡོད་མོད།
- རང་སྤུན་འགྲིག་གཉིས་ཀ་༼ཡེད་བྱང་གི༽་འཁོར་ར་རྩེད།