Skip to main content Skip to search
31 Jan 2012
3 min 58 sec
Video Overview
Creators: 
Unknown

Sonam and an old classmate talk about changes in Lhasa since their childhood.

དགེ་རྒན་བསོད་ནམས་དང་ཁོང་གི་སློབ་གྲོགས་རྙིང་པ་ཞིག་གིས་ཁོང་ཚོ་ཆུང་དུས་ནས་ད་ལྟའི་བར་གྱི་ལྷ་སའི་འགྱུར་ལྡོག་སྐོར་གྱི་ལབ་གླེང་།

索纳老师和她的一位老同学聊她们从小到现在的拉萨的变化。

Transcript search
No results found for this search
0 of 0
  • བསོད་ནམས Sonam
    དེང་སང་གང་རེད་ལྷ་ས་ང་རང་ཚོ་ཆུང་ཆུང་སྐབས་དང་བྱས་ན་འགྱུར་ལྡོག་ཞེ་པོ་ཕྱིན་འདུག་
    The Lhasa city had undergone a sea change compared to when we were kids.
  • འཛིན་གྲོགས་རྙིང་པ Old Classmate
    འོ་རེད།
    I agree.
  • བསོད་ནམས Sonam
    སྔས་མ་གང་རེད། ང་བསླབ་གྲྭ་ཡཱ། ང་ཚོ་བསླབ་གྲྭར་འགྲོ་དུས་ཏང་གྷ་རི་བཞོན་བྱས་འགྲོ་གི་རེད་པ། ཕར་ཚུར་འགྲོ་དུས།
    We used to go to the school by riding our bicycle to and fro.
  • འཛིན་གྲོགས་རྙིང་པ Old Classmate
    འོ།
    Yes.
  • བསོད་ནམས Sonam
    མི་སེ་ཡོག་མ་རེད་པ།
    And there were not many people.
  • འཛིན་གྲོགས་རྙིང་པ Old Classmate
    འོ་རེད།
    Right.
  • བསོད་ནམས Sonam
    ཕར་ཚུར་ཡང་ས་ཁལ་ཁག་ཚོ་གང་རེད། གཙང་སྦྲའི་འཕྲོད་བསྟེན།
    Then we used to have zone wise periodic area cleaning time.
  • འཛིན་གྲོགས་རྙིང་པ Old Classmate
    གད་ཕྱིས་ར་བྱས་བྱས། སྒོ་འགྲམ་འདི་པ།
    We had to clean our surrounding.
  • བསོད་ནམས Sonam
    གད་ཕྱིས་བྱས། བར་ལ་གསེང་ལ། ཛོར་པོ་ཡོད་མ་རེད་པ། གཙང་མ་ཡོད་པ།
    We keep our area clean, and there were no dirty places.
  • བསོད་ནམས Sonam
    འོ། ཆུང་ཆུང་དུས་ལ།
    Yes, that was when we were young.
  • བསོད་ནམས Sonam
    ཨཱ་ནི། ཨང་། ཆུང་ཆུང་གོང་དུ་ལྟ་ད་ལྟ་བྱས་ནས་ཛོར་པོ་ཞེ་པོ་ཆགས་འདུག་ག མི་མང་བ་ཞིག་འདུག
    Comparing now and then, now the areas are filthy. And the city has a lot of people.
  • འཛིན་གྲོགས་རྙིང་པ Old Classmate
    ལྟ་མ་རེད། གང་ས་གང་ནས་མི་འོང་བ་རེད་པ། ས་ཕྱོགས་གང་ས་གང་ནས། འོ་འདི་རེད་ཤག ཏིག་ཙམ་ཛོར་པོ་ཆགས།
    That's is because many people are coming from different parts of the country. So it got dirty.
  • བསོད་ནམས Sonam
    ཨཱ་ནི་སྔས་མ་ནང་བཞིན་ཕར་ཚུར་འགྲོ་དུས་པཱ་སེ་ལེན་དགོས་ཀྱི་མ་རེད་པས།
    Like in the old days, do we have to get a letter when we travel around the country?
  • ཅིག་ལེན་དགོས་ཀྱི་ཡོད་པ་ས་ཁུལ་ནས་ངོ་སྤྲོད་བཟོ་ལྟ།
    Do you remember, we have to request a letter from the regional office?
  • འཛིན་གྲོགས་རྙིང་པ Old Classmate
    ག་པར། ག་པར་འགྲོ་དུས། ཏིག་ཙམ་ཞིག་ཕྱི་ལོགས་ལ་ཡ།
    Where exactly? We need one for traveling outside the country.
  • བསོད་ནམས Sonam
    ཕྱི་ལོགས་མ་རེད་ལྟ་ཕྱི་རྒྱལ་ལ་འགྲོ་དུས་པཱ་སེ་བཟོ་དགོས་ཀྱི་རེད་པ།
    Not outside the country. If you travel aboard, you need one.
  • འཛིན་གྲོགས་རྙིང་པ Old Classmate
    འོ་རེད་རེད།
    You are right.
  • བསོད་ནམས Sonam
    སྔས་མ་གལ་སྲིད་ལྟ་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་ཕྱིན་ན། ཨུ་ཡོན་ལྷན་ཁང་ནས།
    In the past, say if we travel from Zhikatsé to Lhasa, we need to request a letter from the regional committee.
  • འཛིན་གྲོགས་རྙིང་པ Old Classmate
    ལྟ་དགོས་མ་རེད།
    We no longer need one.
  • བསོད་ནམས Sonam
    ངོ་སྤྲོད་ཡི་གེ་ཞིག་ལེན་དགོས་ཀྱི་མ་རེད་པས།
    Isn't that we need one reference letter?
  • འཛིན་གྲོགས་རྙིང་པ Old Classmate
    ལྟ་འདི་གས་དགོས་མ་རེད།
    We no longer need that kind of letter.
  • བསོད་ནམས Sonam
    དགོས་མ་རེད་པས།
    We don't need them?
  • འཛིན་གྲོགས་རྙིང་པ Old Classmate
    ལྟ་ཕྱི་ལོགས་ནས་ཚུར་ཡོང་ན་འདི་བྱེད་ཀྱི་འདུག་ག་ས་ཁུལ་ནས་གང་རེད་འདི་བྱེད་དགོས་ཀྱི་འདུག གང་རེད། ངོ་སྤྲོད་བཟོ་ལྟ་བྲིས་ཀྱི་འདུག་ག
    If you come from other states, you need to do, what's that? You need something like a reference letter.
  • བསོད་ནམས Sonam
    ཐོ།
    Registration?
  • འཛིན་གྲོགས་རྙིང་པ Old Classmate
    ཐོ། ཐོའི་ནང་།
    You have to register.
  • བསོད་ནམས Sonam
    འགྲུལ་ཐོ་བཀག་དགོས་ཀྱི་རེད་པས།
    Do you have to register?
  • འཛིན་གྲོགས་རྙིང་པ Old Classmate
    འོ། འགྲུལ་ཐོ་བཀག་དགོས་ཀྱི་རེད།
    Yes, you have to register as a traveler.
  • འཛིན་གྲོགས་རྙིང་པ Old Classmate
    ཕྱི་ལོགས་ནས་མི་ཡོང་མཁན་གཞན་མ་གཞི་བཀག་དགོས་ཀྱི་མ་རེད།
    Only those coming from outside the city need to register.
  • བསོད་ནམས Sonam
    ཨང་།
    I see.
  • བསོད་ནམས Sonam
    འོ།
    Okay.
  • ཨཱ་ནི་གང་རེད་ད་དུང་རྒྱ་མིའི་ཟ་ཁང་དང་། རྒྱ་མིའི་ཚོང་ཁང་ཞེ་པོ་འདུག་ག
    Nowadays, the city is now dotted with Chinese restaurants and shops.
  • འཛིན་གྲོགས་རྙིང་པ Old Classmate
    འོ།
    Right.
  • བསོད་ནམས Sonam
    ས་ཆ་ཁ་ཤས་ལ་གང་ཟེར་དགོས་ཀྱི་རེད། ཁྲན་ཏུ་སླེབས་པའི་བཟོ་ལྟ་འདུག
    Some parts of the city is like Chengdu.
  • འཛིན་གྲོགས་རྙིང་པ Old Classmate
    ཁྲན་ཏུ་ལས་སྡུག་གི་རེད། ཀུ་ཅི།
    I think they are worse than Chengdu.
  • བསོད་ནམས Sonam
    རེད་པས།
    Really?
  • འཛིན་གྲོགས་རྙིང་པ Old Classmate
    བུད་མེད་: འོ། ཛོར་ར་ཡོག་ཡོད།
    Yes, it is dirtier here.
  • ཁྲན་ཏུ་ཡང་གཙང་མ་ར་ཅིག་འདུག་ག
    Chengdu is much cleaner.
  • བསོད་ནམས Sonam
    ཨཱ་ནི་ད་དུང་འདི་བྱས། གླིང་བསྐོར་མཐའ་འདའི་གང་ག་གཞང་ཁང་རེད་ཟེར་གྱི་འདུག་ག
    Besides, there are many brothels around outer circumambulation road.
  • འཛིན་གྲོགས་རྙིང་པ Old Classmate
    འོ་རེད། གཞང་ཁང་དང་ཨཱ་ནི་འདི་རྩེད་མོ་རྩེ་ས། ཨན་མོའོ་(ཕུར་མཉེ་)གཏོང་ས། ཨེ་འདྲས་ཞེ་པོ་བཟོས་འདུག་ག
    Yes. Brothels, games, and massage parlors. There are a lot of them.
  • གཟུགས་པོ་ཨེ་འདྲས་བྱས་ས། གང་ཟེར་དགོས་ཀྱི་རེད།
    And fitness centers. What do you call it (in Tibetan)?
  • བསོད་ནམས Sonam
    བོད་སྐད་ནང་ལ་ཡོག་མ་རེད། རྒྱ་སྐད་ནང་ལ་ཡ་འོ་ནང་བཞིན།
    We don't have a word for that yet as in the Chinese language.
  • འདི་བྱས། ཨཱ་ནི་གང་རེད་ཨེ་འདྲས་གཞང་ཁང་དེ་ཚོ་བཙུགས་ཡག་དེ་ཁྲིམས་ནས་བརྒལ་བ་མ་རེད་པས།
    That is one thing. And is it legal to operate brothel?
  • འཛིན་གྲོགས་རྙིང་པ Old Classmate
    ཨཱ་ནི་ལབ་སེ་མེད་པ།
    There is no place to report it.
  • བསོད་ནམས Sonam
    ཡོད་མ་རེད་པས།
    None at all?
  • འཛིན་གྲོགས་རྙིང་པ Old Classmate
    ལབ་ས་ཡོག་མ་རེད། ཁོ་རང་ཚོས་བཟོས་པ་རེད།
    There is no place to voice your concern. They made them.
  • བསོད་ནམས Sonam
    མ་གཞི་འོ་ཁོ་རང་ཚོས་རྒྱ་མོ་གཞང་ཁང་ཚོ། གང་རེད་ཕ་གི་དམག་སྒར་དང་འབྲེལ་བ་ཡོག་རེད་ཟེར་གྱི་འདུག རེད་པས་འདི།
    They said, those prostitutes have a connection with the military encampment. Is that true?
  • འཛིན་གྲོགས་རྙིང་པ Old Classmate
    འོ་ཟེར་གྱིས། ཅུན་ཆུའུ་དམག་སྒར་དང་འབྲེལ་བ་ཡོག་རེད་ཟེར་གྱི་འདུག་ག
    I heard it too. They have a relation with military command.
  • བསོད་ནམས Sonam
    ཨང་།
    I see.
  • འཛིན་གྲོགས་རྙིང་པ Old Classmate
    གཞང་ཁང་ནང་ལ་གནས་ཚུལ་བཟོ་ལྟ་བྱུང་བ་ཡིན་ན་དམག་མི་ལམ་སེང་ཡོང་གི་རེད་ཟེར་གྱི་འདུག་ག དམག་མི་དང་ཨེ་འདྲས།
    They said, if an incident happens at a brothel, army personnel will immediately arrive at the scene.
  • བསོད་ནམས Sonam
    རེད་པས།
    Really?
  • འཛིན་གྲོགས་རྙིང་པ Old Classmate
    དམག་མི་ལམ་སེང་ཡོང་གིས་ཟེར་གྱིས། འོ།
    Yes, soldiers will arrive in no time.
  • གལ་ལབ་སེ་མེད་པ་འདྲ།
    There is no other place to report.
  • ཨཱ་ནི་བོད་རིགས་གང་ག་ལོགས་འོ་ཨེ་འདྲས་སེ་འཕྲོ་བརླག་འགྲོ་གི་འདུག་ག
    And many Tibetans' lives were ruined like this.
  • བསོད་ནམས Sonam
    ཨང་།
    Oh.
  • འཛིན་གྲོགས་རྙིང་པ Old Classmate
    ར་བཟི། བོད་རིགས་ཟེར་ཡག་ཆང་རག་ལ་དགའ་པོ་རེད་པཱ། ཨཱ་ནི་ཆང་བཏུངས་ར་བཟི། ཨཱ་ནི་ཡེ་པ་ཕྱིན། ཨཱ་ནི་བཟའ་ཚང་དང་མ་འཆམ་པ་ཆགས་ནས།
    Tibetans like drinking alcohols. They get drunk and then visit those brothels. As a result, arguments began between life partners.
  • རྒྱག་རེད་བརྒྱབ་བྱེད་ཀྱིན་བསྡད། ཨཱ་ནི་སང་ཉིན་གནངས་ཉིན་ཁ་ཁ་བྱེད་ཀ་ཕྱིན།
    They fight each other and get divorced the following day.
  • བསོད་ནམས Sonam
    ལྟ་ཁོ་རང་ཚོ་སྡིག་པ་ལྟ་ཞེ་པོ་ཡོག་རེད་པ། ཨེ་འདྲས་བྱས་བྱས་བཟའ་ཚང་ཁ་ཁ་བཏང་བྱས།
    Those prostitutes are real sinners for splitting families.
  • འཛིན་གྲོགས་རྙིང་པ Old Classmate
    འོ།
    Yes.
  • བསོད་ནམས Sonam
    ལྟ་སྤྱི་ཚོགས་ཁོ་ར་ཨེ་འདྲས་ཆགས་འགྲོ་གི་འདུག་ག སྔས་མ་བསླབ་གྲྭ་འགྲོ་དུས་ཐེར་ཀ་མཐོང་ཡོག་ཡོད་པ། རྟ་དྲེལ་ཐེར་ཀ
    Now the whole society is becoming like this. During our school days, there was a lot of carts pulled by either horse or mule.
  • འཛིན་གྲོགས་རྙིང་པ Old Classmate
    མཐོང་ཡག་ཞེ་པོ།
    Yes, there were a lot.
  • བསོད་ནམས Sonam
    ཡོད་རེད་པས་ལྟ།
    Are there any left?
  • འཛིན་གྲོགས་རྙིང་པ Old Classmate
    དེང་སང་ཡོད་མ་རེད།
    Nowadays, we don't have any.
  • བསོད་ནམས Sonam
    གྲོང་གསེབ་ལའང་ཨ་ཡོད།
    How about in the villages?
  • འཛིན་གྲོགས་རྙིང་པ Old Classmate
    གྲོང་གསེབ་ལ་ཁག་ལ་ཡོག་རེད།
    You will find them in the village.
  • བསོད་ནམས Sonam
    ཡོད་རེད་པས་ཐེར་ཀ
    Are there?
  • འཛིན་གྲོགས་རྙིང་པ Old Classmate
    འོ་འོ། ལྟ་འདི་པ་མི་འདུག གྲོང་ཁྱེར་ནང་ལོགས་ལ་མི་འདུག གཅས་མི་འདུག་དེང་སང་།
    Yes, but not here in the city, you won't find any animal carts.
  • བསོད་ནམས Sonam
    གྲོང་ཁྱེར་ནང་གཅིག་རྟའི་འབོར་རེས།
    How about if we need to transport in the city?
  • འཛིན་གྲོགས་རྙིང་པ Old Classmate
    ལྟ་འདི་འདུག མི་དྲུད་ཟེར་གྱི་འདུག་ག ཐེར་ཀ་ལག་པས་དྲུད་ཡག་ཞིག་འདུག་ག
    These days, we have something called midrü (cart or trolley), one that you need to push.
  • བསོད་ནམས Sonam
    འོ་འོ།
    Yes.
  • འཛིན་གྲོགས་རྙིང་པ Old Classmate
    འོ་འདི།
    We have that.
  • བསོད་ནམས Sonam
    འདི་ཡོག་རེད་པས།
    Is it there?
  • འཛིན་གྲོགས་རྙིང་པ Old Classmate
    འདི་ཆོག་ཏེ་རེད། འདི་བཟའ་འབྲུ་བཙོངས་སའི་སྒོ་འགྲམ་བསྡད་ཀྱི་འདུག་ག
    We have a lot of them. Often you will find them outside the grain’s shops.
  • བསོད་ནམས Sonam
    ཨའང་།
    I see.
  • འཛིན་གྲོགས་རྙིང་པ Old Classmate
    རྩམ་པ་དང་ཨེ་འདྲས་ཉོས་ན།
    Like places where you buy tsampa and other grains.
  • བསོད་ནམས Sonam
    འོ་འོ།
    I see.
  • འཛིན་གྲོགས་རྙིང་པ Old Classmate
    ཨཱ་ནི་ཕར་ཚུར་འཁྱེར་བྱསའགྲོ་གི་འདུག་ག ཁོང་ཚོར་གླ་ཏིག་ཙམ་སྤྲད།
    You have to pay a small fee to the owners, and they help you to carry them.
  • གླ་སྒོར་མོ་ལྔ་ཙམ། དྲུག་ཙམ་སྤྲད་བྱས།
    It is about five or six Renminbi.
  • བསོད་ནམས Sonam
    ཨཱ་ནི་ཁེ་པོ་རེད་པ།
    Then it is cheap.
  • འཛིན་གྲོགས་རྙིང་པ Old Classmate
    ཁེ་པོ་རེད།
    It is cheap.
  • འདའི་ཡང་གྲོང་གསེབ་ཁག་ནས་རེད།
    There are from the village areas.
  • བསོད་ནམས Sonam
    ལྷ་ས་མི་བྱེད་མཁན་ཡོག་མ་རེད་པས།
    Do the Lhasa city people do that kind of work?
  • འཛིན་གྲོགས་རྙིང་པ Old Classmate
    ཡོག་མ་རེད། མི་འདུག
    No, they don't do that job.
  • བསོད་ནམས Sonam
    འོ་འོ།
    I see.
  • བསོད་ནམས Sonam
    ཨཱ་ནི་འདི་ནས་ཡང་འདི་གཏོང་མཁང་མང་པོ་འདུག་ག གང་རེད། རིག་ཤོའོ།
    Then there are lots of rickshaw drivers.
  • འཛིན་གྲོགས་རྙིང་པ Old Classmate
    འོ་འོ། འདི་ལ་ཆོག་ཏོ་ཡོག་རེད། སན་ལུན་(བོད་སྐད་ འཁོར་ལོ་གསུམ་ལྡན)
    Yes. They are many of them - the rickshaw drivers.
  • བསོད་ནམས Sonam
    འོ་འོ།
    Yes.
  • འཛིན་གྲོགས་རྙིང་པ Old Classmate
    སན་ལུན་ཟེར།
    It is senlün.
  • བསོད་ནམས Sonam
    སན་ལུན་ཟེར།
    Yes, it is senlün.
  • འཛིན་གྲོགས་རྙིང་པ Old Classmate
    ང་ཚོས་སན་ལུན་ཟེར། སན་ལུན་ཟེར་ན་རྒྱ་སྐད་མིན་འགྲོ
    I call it senlün. I think senlün is a Chinese word.
  • བསོད་ནམས Sonam
    རྒྱ་སྐད་རེད། འཁོར་ལོ་གསུམ་ཡོག་རེད་པས།
    Yes, it's. It means one with three wheels.
  • འཛིན་གྲོགས་རྙིང་པ Old Classmate
    འོ་རེད།
    You are right.
  • བསོད་ནམས Sonam
    རིག་ཤོའོ་བྱས་བྱས་ཕལ་ཆེར་དབྱིན་ཇི་ཡིན་ནམ་བལ་པོ་ཡིན་ནམ་གཅིག་གི་སྐད་ཡིན་གྱི་རེད།
    The word rickshaw must be either English or Nepalese word.
  • འཛིན་གྲོགས་རྙིང་པ Old Classmate
    རིག་ཤོའོ་སེ་འོ་བལ་ཡུལ།
    In Nepal, they call it rickshaw.
  • བསོད་ནམས Sonam
    ཁ་ཤས་ཀྱིས་རིག་ཤོའོ་ལབ་ཀྱི་འདུག་ག ལྷ་ས་ཡཱ།
    Some people in Lhasa call it rickshaw.
  • འཛིན་གྲོགས་རྙིང་པ Old Classmate
    སན་ལུན་སེ། མང་བས་སན་ལུན་ཟེར་ག་བྱེད་ཀྱི་རེད།
    Majority of the city people call it senlün.
  • བསོད་ནམས Sonam
    ཨཱ་ནི་དེང་སང་མོ་ཊ་དེ་ཚོ་ཕར་ཚུར་བསྡད་དུས་གོང་ཁེ་ལོད་ཡོག་རེད། མོ་ཊའི་ནང་ཕྱིན་ན།
    If you hire a taxi, is the rate is cheap?
  • འཛིན་གྲོགས་རྙིང་པ Old Classmate
    གོང་ཁེ་པོ་ཁེ་པོ་རེད། མོ་ཊ་ད་ལྟ་འདི་རྡི་སི་ཟེར་ཡག་འདའི་གང་ཟེར་གྱི་ཡོད་ན་མིང་ལ་ཡ།
    The fare is very cheap. The taxi service, is it called Disi?
  • བསོད་ནམས Sonam
    ཊེག་སེ།
    Taxi?
  • བསོད་ནམས Sonam
    ཊེག་སེ་ཟེར་བ་རེད་པ།
    It is called a taxi, right?
  • བསོད་ནམས Sonam
    འོ།
    Yes.
  • འཛིན་གྲོགས་རྙིང་པ Old Classmate
    ཊེག་སེ་ལ་ཡ་ཐག་རིང་ཤོས་ལའི་སྒོར་མོ་བཅོ་ལྔ།
    The maximum taxi fare is 15 Renminbi.
  • བསོད་ནམས Sonam
    ཨའང་།
    I see.
  • འཛིན་གྲོགས་རྙིང་པ Old Classmate
    ཉུང་ཚོས་སྒོར་མོ་བཅུ།
    And the minimum fare is 10 Renminbi.
  • གྲོང་ཁྱེར་ནང་ལོགས་ལ་ཡིན་ན་སྒོར་མོ་བཅུ་རེད་ཤག
    The fare inside the side is 10 Renminbi.
  • བསོད་ནམས Sonam
    འོ་འོ།
    I see.
  • འཛིན་གྲོགས་རྙིང་པ Old Classmate
    དེ་ནས་གྲོང་ཁྱེར་བརྒལ་བ་ཡིན་ན་ཨཱ་ནི་སྒོར་མོ་༡༥ལེན་གྱི་འདུག་ག ༡༥དང་༢༠ཙམ།
    Then if you travel beyond the city, then the fare is between 15 and 16 Renminbi.