Skip to main content Skip to search
16 Feb 2017
2 min 58 sec
Video Overview
Creators: 
Duptho , Chimi Wangmo

Dupthob Zangmo narrates the story of Singsing Lhamo, the daughter of extraordinary parents. This is a story about how a mother from heaven saved her daughter Singsing Lhamo from being killed by a demon on earth. While the parents managed to escape to heaven, Singsing Lhamo was left behind on earth. Unfortunately, a demon came and tried to kill her. She then sought help from her mother asking her to throw down metal chains to help her come to the heaven. However, her mother was quite slow in coming to her rescue— she only took action, after being done with all her household chores. By then, the demon was cutting down a tree on which the girl had climbed. As soon as the girl manage to go up the chain, the tree fell over the demon, thus, killing him instantly. Hence, this is an eerie story about how a girl narrowly escaped from the demon’s harm.  

 

སྒྲུབ་ཐོབ་བཟང་མོ་གིས་ ཞིང་ཁམས་དང་ ཡང་ཅིན་གནམ་མཁའ་ལུ་སྡོད་མི་ ཕམ་གཞན་དང་མ་འདྲཝ་ཅིག་ལས་ བུ་མོ་སིང་སིང་ལྷ་མོ་ཟེར་མི་ཅིག་ཡོད་པའི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ བུམོ་འདི་གིས་ ས་ཁར་ལས་ གནམ་མཁའ་ལྟ་སྟེ་ ཐག་བཏང་ཟེརཝ་ཅིན་ ཕམ་གཉིས་ཀྱིས་ ཐགཔ་བཏང་ཐོག་ལས་ བུམོ་འདི་ བདུད་དང་སྲིན་པོའི་ལས་ སྲོག་སྐྱབས་འབད་ནིའི་དོན་ལུ་ གནམ་ཁར་ལེན་དོ་ཡོདཔ་མས། བུམོ་འདི་གིས་ འདྲེ་འདི་བཏུལ་དཔ་ལས་བརྟེན་ སྲུང་འདི་ནང་ ལྷ་དང་འདྲེ་ཡོད་ཟེར་ ཡིད་ཆེས་བསྐྱེད་སྲོལ་ཡོད་པའི་སྐོར་ལས་ སྲབ་ཨིན་པས། བུམོ་འདི་བཟུང་བཟའ་ནིའི་དོན་ལུ་ འདྲེ་འདི་གིས་ ཤིང་འདི་འདབ་རུང་ མོ་རའི་ཨ་པ་དང་ཨའི་གི་ ནུས་པ་ལས་བརྟེན་ མོ་ཡར་འཐེན་ཏེ་སྲོག་སྐྱབས་འབད་ཡོདཔ་ལས་ འདྲེ་འདི་ཤིང་འགྱེལ་ཏེ་ བསད་དཔ་ཨིན་པས། 

 

Transcript search
No results found for this search
0 of 0
  • གྲུབ་ཐོབ་བཟང་མོ
    སེང་སེང་ལྷ་མོ་ཟེར་ འེང་ཧེ་འེང་ཧེ་ཟེར་ མོ་འདི་རེད་བརྡུང་སྟེ་ རེད་བརྡུང་སྟེ་སྡོད་དེ། ཆུ་བྱ་གིས་དཔྱེ་འབད་འབདཝ་ཨིན་མས། སེང་སེང་ལྷ་མོ་གིས་ ཆུ་བྱ་ཆུ་བྱ་ཟེར་རེད་བརྡུངམ་ད་ལུ་ ཏེ་ ཨ་ནཱ་ ཆུ་བྱ་གིས་ དཔྱེ་འབད་དེ་ ཆུ་བྱ་ཆུ་བྱ་འབད་ནུག
  • གྲུབ་ཐོབ་བཟང་མོ
    ཨིན་ན་ཁྱོད་ ཐད་ཆོད་ར་ཨིན་ན་་ཟེརཝ་ད་ ང་གིས་བཟའ་བཞག་ནི་མས། ཁྱོད་ག་ཨིན་ན་སྡོད་མས་ཁྱོད། བཟའ་ནི་མས་ཟེར་ དེ་ལས་ ད་རུང་མོ་གཡིབ་སྟེ་ ཆུ་བྱ་ གཡིབ་སྟེ་སྡོད་དེ་ ད་རུང་ར་ ཆུ་བྱ་ཆུ་བྱ་ར་ཟེར་ ཏེ་ རེད་བརྡུངམ་ད་ལུ།
  • གྲུབ་ཐོབ་བཟང་མོ
    ཁོ་གིས་ད་རུང་ར་ དཔྱེ་འབད་དེ་ དེ་ལས་ཨ་ནཱ་ལས་ མོ་གིས་བཟའ་བར་འགྱོ་ད་ བདའ་མ་འཛིན། ཏེ་ མོ་བྱོག་ཡར་གནམ་ཁར་ མོ་ སེང་སེང་ལྷ་མོ་འདི་ གནམ་ཁར་ཕུར་སོང་ཏེ་ དེ་ལས་ ཨ་ལོ་མར་ལུས། ཨ་ལོ་མར་ལུ་ལུས་ ཏེ་ ཨའི་དང་ཨཔ་ཡར་ཕུར་ཕུརཝ་ཨིན་མས།
  • གྲུབ་ཐོབ་བཟང་མོ
    ཨའི་དང་ཨཔ་ཕུར་སོང་ཏེ་ ཨའི་དང་ཨཔ་གནམ་མཁའ་ཕུར་སོང་ཏེ་ ཨ་ལོ་མར་ལུས་ ཏེ་ སེང་སེང་ལྷ་མོ་གིས་ སེང་སེང་ལྷ་མོ་འདི་ ག་ཅི་ཨིན་མས་མོ། ཨེ་ཧེང་ སེང་སེང་ལྷ་མོ་འདི་ ཨ་ལོ་ཅིག་ཨིན་མས།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཨ་ལོ་མོ་ ཨ་མ་ཨ་པ་ཡར་ལུ་ཕུར། དེ་ལས་ ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་ཟེར་ ཏེ་ ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་ཟེར། འགུག་མས་འགུག་མསཟེར་ རེད་བརྡུང་དོ་མས་ད་ལྟོ། རེད་བརྡུང་བརྡུངམ་མེན་པར།
  • གྲུབ་ཐོབ་བཟང་མོ
    འགུག་མས་ མལ་ཆ་འཐུ་དོ་མས། ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་ཟེརཝ་ད་ འགུག་མས་ད་ལྟོ་ཨ་ཙི་ ལྟོ་འབད་དོ་མས་ཟེར། ད་རུང་རང་ ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་ཟེརཝ་ད་ ཨ་ནཱ་ལས་ ད་རུང་རང་ ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཨ་མའི་ལྟོ་ཐོབ་སྟེ་ ཚོདམོ་བཙོ་དོ་མས་ འགུག་མས་ཟེར། དེ་ལས་ ད་རུང་རང་ ཨ་མ་ཨ་མ་ལྕགས་ཐག་མ་བཏང་ གཉག་ཐག་བཏང་ཟེར་ ཏེ་ འགུག་མས་ སེང་སེང་ལྷ་མོ་ འགུག་མས་ཟེར་ དེ་ལས་ ཡར་དཀའཝ་སྤྱད་དེ་ ཡར་ལས་མར་ མོ་གིས་ ཏེ་ ཨ་ནཱ་སྲིན་པོ་གིས་ ཏེ་ ཤིང་བརྡབ་སྟེ་ མོ་ལུ།
  • གྲུབ་ཐོབ་བཟང་མོ
    ཤིང་བརྡབ་སྟེ་ དེ་ལས་ ཡར་ཤིང་ཡར་ཧ་ལམ་ ཡར་ནམ་ཁ་ལྷོད་ནི་རནམ་ད་ལུ་ སིང་སིང་ལྷ་མོ་གིས་ སྲིན་པོ་གིས་ཏེ་ མོ་གིས་གིས་གིས་ ཨ་ནཱ་ འུམ་ཤིང་བརྡབ་སྟེ་ དེ་ལས་ ཡར་ལས་མར་ ཡར་ལས་མར་ ཨ་པ་ཨ་མ་གིས་ གཉག་ཐག་བཀོག་སྟེ་ ཨ་མ་ཨ་པའི་གཉག་ཐག་བཀོག་སྟེ་ དེ་ལས་ མོ་ སེང་སེང་ལྷ་མོ་ ཡར་ལྷོདཔ་ད་ སྲིན་པོ་འདི་ ཤིང་གིས་ཨེབ་ཏེ་ ཤི་ཤིཔ་ཨིན་མས། ཏེ་ རྫོགས་ཡི། ཧེ་ཧེ་་་།