Skip to main content Skip to search
15 Feb 2017
1 min 23 sec
Rating
0
No votes yet
Video Overview
Creators: 
Dawa Tshering

གློག་བརྙན་འདི་ནང་ གསར་སྤང་རྫོང་ཁག་ རི་ཏི་གཡུས་ཚན་ལས་ རྟ་མགྲིན་གྱིས་ ཁོང་གི་ མོན་ཁ་འདི་ ད་ལྟོའི་བར་ན་ཡང་ འགྱུར་བ་མེདཔ་སྦེ་ཡོད་ཟེར་ ཁུངས་བཀལཝ་མ་ཚད་ ཁོང་གི་མོན་ཁ་འདི་ བདག་འཛིན་འཐབ་ནི་གི་དཔའ་བཅམ་དོ་ཟེར་མས། ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁ་སྐད་སོ་སོའི་བར་ན་ གཉེན་རྐྱབ་མི་ལུ་བརྟེན་ ཁ་སྐད་ཚུ་བརྟན་ཏོག་ཏོ་སྦེ་ བཞག་མི་ཚུགས་པས་ཟེར་ཨིན་པས། ཨ་ལུ་ཚུ་གིས་ ཁོང་རའི་ ཕ་མའི་ཁ་སྐད་དང་ ཁ་སྐད་གསར་ཚུ་ སླབ་ཚུགས་དོ་ཡོད་རུང་ ཁ་སྐད་ངོ་མ་འདི་ དུས་དང་བསྟུན་ ཉམས་འགྱོ་དོ་ཡོདཔ་ཨིན་པས། 

  • རྟ་མགྲིན།
    ད་ལྟོ་འདི་འགྱུར་བ་ཟེར་ འགྱུར་བ་ཨིན་རྒྱུ་འདི་ ད་ ཡུདཔ་ཅིག་མི་ ཡུདཔ་ཅིག་གིས་རང་ ང་བཅས་ར་ གཉེན་འགྲོགས་འདི་ ནཱེ་པ་ལི་གིས་ ནཱེ་པ་ལི་དང་ གཉེན་འགྲོགས་བལྟ།
  • རྟ་མགྲིན།
    དེ་ལས་ཁེངས་ཀྱིས་ ཁེངས་ཀྱི་གཉེན་འགྲོགས་བལྟ། ཏེ་ལ་ལུ་གིས་ གཉེན་འགྲོགས་བལྟ། དེ་ལས་བུམ་ཐང་གིས་ གཉེན་འགྲོགས་བལྟ། འ་ནཱི་སྦེ་ གཉེན་འགྲོགས་སོ་སོ་ བལྟ་བའི་བསྒང་ལས།
  • རྟ་མགྲིན།
    ད་ བློ་འདི་ ཨ་ལོ་ཚུ་གིས་ འ་ནཱི་བརྒྱུད་འཐུད་མེད་པར་ འ་ནཱི་སྦེ་འགྱོཝ་མས་བ་ལགས། ཏེ་འ་ནཱི་འགྱོཝ་མས་ འགྱོཝ་མས་ད་ ད་ ཁེངས་ཀྱི་མི་གིས་ ཁེངས་ཀྱི་བློ་རང་སླབ། རྫོང་ཁ་གི་ སྔ་ལོངཔ་གིས་ སྔ་ལོངཔ་གི་བློ་རང་སླབ། ནཱེ་པ་ལི་གིས་ ནཱེ་པ་ལི་གི་བློ་རང་སླབ།
  • རྟ་མགྲིན།
    ཏེ་ཤར་ཕྱོགས་པ་གིས་ ཤར་ཕྱོགསཔ་གི་བློ་རང་སླབ་འབདཝ་ད་ལུ་ ཏེ་ཨ་ལོ་ཚུ་འགྱུར་བཅོས་ཨ་ནཱི་སྦེ་འགྱོ་དོ།
  • རྟ་མགྲིན།
    ཏེ་དེ་རང་འབད་ས་ཅིག་རུང་ ད་ལྟོ་ང་བཅས་མོན་པའི་ ང་བཅས་ར་ཕམ་ཚུ་ ང་བཅས་ར་ཨང་རྒས་དང་ ཨ་རྒས་འདི་ཚུ་ཡོད་པའི་སྐབས་ལུ་འདི་ ང་བཅས་ད་ལྟོ་འགྱུར་བཅོས་མ་འགྱོ་ ཟེར་ཞུ་ནི་ལགས་ཏེ།། །།