Audio Overview
The song describing the origin of arrow was sung by Kinley from Wangsimu Geog under Thimphu district is an old Boedra song. The song explains that, arrow plant is grown in sacred place of Tsari in Tibet and its used by the young men. The arrow fly like a vulture and pheasant, its head of arrow looks like an pillar in the fortress and temples, the golden thread used to wrap on the head of arrow is like colourful rainbow and the iron arrow head used was like the shining sun, the arrow can destroy its enemy in war and it can be kept on the shrine as sacred object. Thus, it is significant as it can protect from the enemy.
ཐིམ་ཕུག་རྫོང་ཁག་ ཝང་སྲིན་མོ་རྒེད་འོག་ལས་ ཀུན་ལེགས་ཀྱིས་འཐེན་མི་ གླུ་གཞས་འདི་ མདའི་སྐོར་ལས་ བཤད་པ་རྐྱབ་མི་ བོད་སྒྲ་རྙིངམ་ཅིག་ཨིནམ་ད་ གླུ་གཞས་འདི་ནང་ དེའུ་འདི་བོད་ཀྱི་གནས་ཆེན་ རྩ་རི་ལུ་སྐྱེ་སྟེ་ ཕོ་སྐྱེས་གཞོནམ་ཚུ་གིས་ ལག་ལེན་འཐབ་ཨིན་ཟེར་མས། མདའ་འདི་ བྱ་རྒོད་དང་ བྱ་མདངས་བཟུམ་སྦེ་ འཕུར་བའི་ཟེར་ཨིནམ་ད་ མདའི་མགུ་འདི་རྫོང་དང་ ལྷ་ཁང་གི་ཀ་ཆེན་བཟུམ་སྦེ་ མཐོང་དོ་ཡོདཔ་མ་ཚད་ མདའི་སྤང་འདི་ གཞའ་བཟུམ་དང་ མདའ་ལྕགས་འདི་ ཉིམ་ཤར་ཤར་བཟུམ་སྦེ་ མཐོང་མས་ཟེར་ཨིན་པས། མདའ་འདི་གིས་ ཕྱད་མདའ་རྐྱབ་པའི་སྐབས་སུ་ བྱང་ཕྱད་ཚུ་མེདཔ་བཏང་ཚུགསཔ་མ་ཚད་ མདའ་འདི་ དགྲ་ལས་བཟློག་ཐབས་ཀྱི་དོན་ལུ་ མཆོད་གཤམ་ནང་ལུ་ ནང་རྟེན་སྦེ་བཞགཔ་ཨིན་པས།
- ཀུན་ལེགསསྭོ་ཡ་ལ། ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུཾ་ལ། །
- ཀུན་ལེགསགསུང་ཡིག་ས་ལ་མ་ཎི་ལ་པདྨེ་ཧཱུཾ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་སྐྱེས་སོང་(ས་)བཤད་མི་དགོ་ལ། །
- ཀུན་ལེགསཙཱ་རི་གནས་ལ་སྐྱེས་པའི་(བའི་)ལ་མདའ་མོ་ཨིན། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་འཁོར་ཡང་གཞོན་མའི་(པའི་)ལག་པ་འཁོར་ལ། །
- ཀུན་ལེགསམདའ་མོ་ཕྲང་ཡང་གཞོན་མའི་(པའི་)ལ་ལག་པར་ཕྲང་།
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་སྒྲོ་གཅིག་བཤེད་ཙམ་འདུག །
- ཀུན་ལེགསཐང་དཀར་རྒོད་ཀྱི་གནམ་ལུ་ལ་ལྡིང་བ་འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་སྒྲོ་གཉིས་བཤེད་ཙམ་འདུག་ལ། །
- ཀུན་ལེགསནགས་སྟོད་མི་(ནི་)ལས་བྱ་མདངས་ལ་འཕུར་བ་འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་སྒྲོ་གསུམ་བཤེད་ཙམ་འདུག་ལ། །
- ཀུན་ལེགསནུབ་ཕྱོགས་ཕི་ལས་ཆུ་གཟར་འབབ་པ་འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་སྒྲོ་བཞི་བཤེད་ཙམ་འདུག་ལ། །
- ཀུན་ལེགསགངས་སྟོད་དབུས་ལུ་ལྷ་དར་འཕྱར་བོ་(བ་)འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་མགུ་གི་ལྟོང་འདི་ས་ལ། །
- ཀུན་ལེགསཀ་བཞི་གདུང་བཞི་གནམ་ལུ་ལྷོང་མ་(བ་)འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་མགུ་གི་སྤང་འདི་ས་ལ། །
- ཀུན་ལེགསགསེར་ཤོག་སྤང་ལུ་གཞའ་གུར་སྤུབས་པ་འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ང་ར་མཇུག་གི་མདའ་ལྕགས་འདི་ལ། །
- ཀུན་ལེགསདགུང་ཧིང་(དབྱིངས་)དབུས་ལས་ཁྲི་གདུགས་ཤར་བ་འདྲ། །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ཕར་རྐྱབ་སྡང་པའི་(བའི་)དགྲ་ལུ་བཏང་། །
- ཀུན་ལེགསསྡང་པའི་(བའི་)དགྲ་རྣམས་གཡུལ་ཀྱང་ལ་ཐལ་བར་བརླག །
- ཀུན་ལེགསསྭོ་ཡ་ལ། མདའ་མོ་ཚུར་བཞག་མཆོད་བཤམ་ཁྲ་མོ་ཕུལ་ལ། །
- ཀུན་ལེགསམཆོད་བཤམ་ཁྲ་མོའི་ནང་རྟེན་ལ་ཕུལ་བར་ཤོག། །།